གནས་མཆོག་དཀར་མགོན་མཆེད་གསུམ་གྱི་དཀར་ཆག་ཕྱོགས་བསྒྲིགས།

[ཟླ་ཚེས། 2017-01-19 11:33:01][རྩོམ་པ་པོ། ནམ་མཁའ་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

02.jpg
03.jpg
04.jpg

 འཛམ་གླིང་གོ་ལའི་ཁྱོན་དུ་བཞུགས་ཤིང་བསིལ་ལྡན་ཁ་བ་རི་བའི་རིག་གནས་ལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་གཙོས་རྒྱ་ཆེའི་སྨྱུག་ཐོག་པ་ཡོངས་སྐུ་ཁམས་བཟང་།
      སྤྱིར་འཛམ་གླིང་ཡང་རྩེར་གྱུར་བའི་བསིལ་ལྡན་ཁ་བ་ཅན་གྱི་ཡུལ་གྲུ་འདིར་རྣམ་འདྲེན་བརྒྱད་པ་སྟོན་མཆོག་གཤེན་རབ་མི་བོས་འཚེ་བ་མེད་པའི་བོན་སྒོ་ཕྱེས་ན་བཟུང་ཡ་ཐོག་ཞང་ཞུང་བོན་གྱི་མེས་པོ་རྣམས་ཀྱིས་བཀའ་དྲིན་དུ་གཞན་གང་ལ་ཡང་ཡིད་མོས་བྱེད་ཅིང་འགྲམ་ཆུ་ལྡང་མི་དགོས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་བྱ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དགོས་འདོད་འབྱུང་བའི་མ་ལག་ཆ་ཚང་ཡོད་པ་ནི་སུས་ཀྱང་སྨྲོས་མི་དགོས་པ་རེད།
    འོན་ཏང་དུས་རབས་ཀྱི་འཕོ་འགྱུར་དབང་གི་དམ་ཆོས་བོད་ལ་བསུ་ནས་བོད་རང་ས་རང་སྐྱེས་ཞང་བོན་རིག་པའི་གནས་རྣམས་ཉམ་གུད་དུ་བསྒྱུར་ནས་མེས་དབོན་གོང་མའི་མཛད་རྗེས་དང་ལོ་རྒྱུས་སོགས་གཞན་འོག་ལ་གཏུག་ནས་མགོ་མེད་མཇུག་གི་ཡིག་ཆ་མི་ཉུང་བ་པ་ཞིག་ཕྱོགས་རིས་ཀྱི་ལམ་ལ་སྤེལ་ཏེ་སྔོན་མེས་པོའི་རིག་གཞུང་ངམ་རྩ་ཆེན་གྱི་ནོར་བུ་རྣམས་བག་ལ་ཞ་བའི་གནས་སུ་གྱུར།
    དུས་རབས་ཉི་ཤུའི་དུས་མཇུག་ནས་བཟུང་ཞང་བོད་རིག་པའི་གནས་ལ་ལྷག་བསམ་དཀར་ཞིང་ཕྱོགས་རིས་ཀྱི་འཆིང་རྒྱ་གྲོལ་བའི་དངོས་དོན་ཞིབ་འཇུག་པ་ཁག་གཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད་རང་རེ་བོད་མི་རིགས་འདི་ཡ་ཐོག་ཞང་ཞུང་གི་རིག་གནས་ལ་ཐུག་ཡོད་པའི་ར་སྤྲོད་བྱུང་དང་བྱུང་བཞིན་ཡོད་པ་བརྟེན་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ན་ལོ་རྒྱུས་སྨྲ་བ་ཚོར་གཞི་རྩའི་དགོས་མཁོ་དང་།   སོ་སོ་རང་རང་གི་གནའ་སྲོལ་རིག་གནས་འདི་དག་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ།  ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སོགས་རྒྱུ་རྐྱེན་དུ་མ་དང་།   མ་ཟད་གོང་རིམ་ནས་སྒོ་ཀུན་མྱུར་སྐྱོབས་དང་འགྲིམ་སྤེལ་གྱི་སྲིད་ཇུས་བཟང་པོ་ཡོད་པ་བརྟེན།  ད་ཆར་སྦྲ་ཆེན་ན་གཞོན་རྩོམ་བསྒྲིགས་པ་ལྷ་དབང་འཇིགས་མེད་ལགས་ཀྱིས་ལྷག་བསམ་བཟང་པོས་ཀུན་ནས་སློང་སྟེ།    རིན་ཐང་བྲལ་བའི་དཔེ་རྙིང་དང་།  མཐོང་ཐོས་ལྡན་པའི་གསུང་རྩོམ་སོགས་བཏུས་ན་ཡོངས་སུ་གྲགས་པའི་ལོ་རྒྱུས་ཀྱི་འབེལ་གཏམ་༼ གནས་མཆོག་དཀར་མགོན་མཆེད་གསུམ་གྱི་དཀར་ཆག་ཕྱོགས་བསྒྲིགས་ལུང་རིག་ནོར་བུའི་བང་མཛོད་༽ཞེས་པ་འདི་ཉིད་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བྱེད་ས་དང་། ད་ལྟར་དཔྱད་གཞིའི་ཡིག་ཆ།  མ་འོངས་ཤུལ་བཞགས་རིན་བྲལ་གྱི་ནོར་བུ་ལྟ་བུ།  འུ་ཅག་རྗེས་རབས་པ་ཚོར་ཡང་དག་པའི་སྒོ་ནས་སོ་སོའི་ལོ་རྒྱུས་ཀྱི་འགན་འཁྲི་ཤེས་རྟོགས་བྱེད་ཆེད་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་དེབ་གཟུགས་ཀྱི་ལམ་ནས་རྒྱ་ཆེའི་གཟིགས་པ་པོ་རྣམ་གྱི་སྤྱན་ལམ་དུ་ཚར་གྲངས་༡༠༠༠ཐམ་པ་འགྲེམས་སྤེལ་ཞུས་ན་ད་ལྟ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་།  བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་།   དེ་བཞིན་ནག་ཆུ་ས་གནས་དང་སྦྲ་ཆེན་རྫོང་སོགས་གང་སར་ཚོང་རྒྱུ་ཡོད་པས།  ཁྱེད་ཀློག་པ་པོ་དག་གི་རྣམ་དཔྱོད་ཀྱི་ཞིང་ས་ལ་བློ་གྲོས་ཀྱི་འབྲས་བཟང་སྨིན་ཞིང་ཆུ་བུར་མིག་གི་དགའ་སྟོན་དང་ཐོས་འཛིན་རྣ་བའི་གསོས་སུ་གྱུར་བར་སྨོན།།

05.jpg
06.jpg
07.jpg
འབྲེལ་གཏུག་ཁ་པར་ཨང་གྲངས    18289161889

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།