གཏེར་སྟོན་བདེ་ཆེན་གླིང་བའི་གསུང་རབ་པར་དུ་བསྐྲུན་པ།

[ཟླ་ཚེས། 2016-06-30 17:22:51][རྩོམ་པ་པོ། ཟླ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

02.jpg
རྒྱུད་ལས།

སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་བུ།།
གཤེད་བཞི་ལོ་པ་མི་འགྱུར་མཚན་ཅན་འབྱུང་།།
མཁའ་སྤྱོད་ཨོ་རྒྱན་ཡུལ་དུ་དངོས་གྲུབ་ལེན།།
གསང་བའི་བོན་སྒོ་བཅུ་གསུམ་དག་ལ་དབང་།།
03.jpg

    ཞེས་གསུངས་པ་བཞིན་སྤྲུལ་པའི་གཏེར་སྟོན་ཆེན་པོ་བདེ་ཆེན་གླིང་པ་མཆོག་གི་བཀའ་གཏེར་གསུང་འབུམ་ཕྱི་རྒྱུད་མདོ་ཆོག་སྐོར་དང་། ནང་རྒྱུད་སྔགས་ཆོག གཞན་རྒྱུད་སྡེ་ཕྱི་ནང་གསང་གསུམ་གྱི་པོ་ཏི་ཉེར་གཉིས་ཀྱི་གྲངས་སུ་བཞུགས་པ་སྟེ།«ཐུན་མོང་ཕྱི་ཡི་རྣམ་ཐར་ཆེན་མོ།» «ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར།»«གཤེན་རབ་བཀའ་འབུམ་ཆེན་པོའི་དཀར་ཆག་སྲིད་པའི་སྒྲོན་མེ།»«ལྟུང་བ་བཤགས་པའི་མདོ་ཆོག»«བྱམས་མ་ཡང་གསང་རྒྱུན་མཆོད།»«ནམ་མཁའི་རྒྱལ་པོ་ལྟ་བའི་རྒྱུད།»«ནམ་མཁའི་རྒྱལ་པོའི་གཞུང་དང་ཆ་ལག་བཅས།»«བཀའ་བརྒྱད་གསང་བ་འདུས་པའི་རྒྱུད།»«བཀའ་བརྒྱད་ཀྱི་སྒྲུབ་སྐོར།»«བདེར་གཤེགས་དགོངས་འདུས་རྩ་གསུམ།»«ཕུར་པ་ཡང་ཕྱུང་།»«རྟ་མཆོག་དབང་དྲག་མེ་འཕྲེང་འབར་བ།»«དབལ་ཕུར་འབར་བ་ནག་པོའི་སྟོད་ཆ།དབལ་ཕུར་འབར་བ་ནག་པོའི་སྨད་ཆ།»«འཇིགས་བྱེད་གསང་རྒྱུད་དུག་མཚོ་ཁོལ་མ།»«རིག་འཛིན་གསང་བའི་སྒྲུབ་པ།»«མཁའ་འགྲོ་དགོངས་འདུས་སྒྲུབ་སྐོར།»«གསང་ཆེན་རོལ་པ་ཟང་ཐལ་སྒྲུབ་སྐོར།»«མ་མོ་ཡང་སྙིང་འདུས་པ་དང་སྲུང་མའི་སྐོར།»«གསེར་འོད་གཡང་སྐྱབས་དང་བསང་གི་སྐོར།»«ས་བདག་དབང་ཆེན་ཡར་གཞུང་།»«ས་བདག་འཁྲུག་བཅོས»བཅས་ད་ལན་རང་རེའི་སྙིང་ནོར་དུ་དམིགས་ནས་སྤུས་ལེགས་ལ་སྒྲོས་གཙང་བ་བླུ་ཡོན་སླ་བ་བཅས་ཕྱོགས་མང་ཙམ་ནས་ཕན་ཁ་ཆེ་བར་མཐོང་ནས་ཞལ་བཞེས་དགོན་གྱི་མཆོག་སྤྲུལ་རྣམ་གཉིས་གཙོས་དོ་དམ་ཨུ་ཡོན་ལྷན་ཁང་དང་འདི་ལ་དཀའ་ཚེགས་དང་རྒྱུ་འབྱོར་གང་གི་ཕྱོགས་ནས་བདག་རྐྱེན་སྦྱར་མཁན་དག་གི་བཀའ་དྲིན་ལས་དངོས་སུ་འགྲེམ་སྤེལ་ཐུབ་ཡོད་པས་བླུ་མཁན་དང་དགོས་མཁན་དག་གིས་ངེད་ཞལ་བཞེས་དགོན་གྱི་དཔེ་ཚོགས་འདིའི་ལས་འགན་པ་དག་ལ་འབྲེལ་གཏུག་གནང་རོགས།

01.jpg
སྤྲུལ་སྐུ་བསྟན་འཛིན་འོད་ཟེར། 13778396111
ཨོ་རྒྱན་ཚེ་འཕེལ། 13568953877
བསོད་བསྟན། 13628154555

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།