སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་གསུང་བཏུས་ཁག་པར་བསྐྲུན་བྱས་པ།

[ཟླ་ཚེས། 2014-07-18 08:04:36][རྩོམ་པ་པོ། སྐྱང་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

江智•南喀坚参.gif

དཔེ་སྐྲུན་གསལ་བཤད།

      ཤེས་བྱའི་ཆུ་གཏེར་ཆེན་པོ་རྣམ་དཔྱོད་རིག་པའི་གཟིངས་ལ་བརྟེན་ནས་ཤེས་རིག་གི་ནོར་བུས་རྒྱལ་ཁམས་འགེང་ཞིང༌། ལྷག་པར་དུ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་བདེན་རྫུན་ལེགས་ཉེས་གང་ཡིན་ཚན་རིག་གིས་འབྱེད་བཞིན་པའི་དུས་རབས་ཉེར་གཅིག་པའི་དགེ་མཚན་མངོན་པར་ཤར་བའི་ཚེ། མིའི་རིགས་ཡོངས་ཀྱིས་རང་ནུས་ཡོད་རྒུ་རྩལ་དུ་གཏོན་ཏེ་རང་རང་སོ་སོས་རང་གི་མེས་པོས་ཤུལ་བཞག་གི་རིག་གནས་དང༌། དཔལ་འབྱོར། ཆོས་ལུགས། ཡུལ་སྲོལ། གོམས་གཤིས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གཞུང་མཐའ་དག་ཉམས་པ་སླར་གསོ་དང༌། མ་ཉམས་གོང་འཕེལ་དུ་གཏོང་བ་བར་བརྒལ་གྱི་དུས་སྐབས་ལྟ་བུར་ལྷགས་འདུག་པ་མ་ཟད། སོ་སོས་རང་གི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ཧུར་བརྩོན་གྱི་རང་བཞིན་དང། འགྲན་བསྡུར་གྱི་རང་བཞིན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་ཡོང་བ་ནི་ང་ཚོ་དགའ་འོས་པ་ཞིག་རེད། སྲིད་པ་ཆགས་པ་ནས་བཟུང་ང་ཚོའི་གནའ་རབས་ཡང་མེས་དག་གིས་དཀའ་བ་ཁྲི་ཕྲག་མང་པོས་བསགས་པའི་ཕ་ནོར་འགངས་ཆེན་གང་དག་རྗེས་འཛིན་དང་གོང་སྤེལ་བྱེད་པའི་འོས་འགན་ང་ཚོའི་ཕྲག་ཏུ་བབ་ཡོད་པ་ལྟ་ཅི། དེ་ཕྱིར་ད་ལན་གྱི་དཔེ་དེབ་འདི་ནི་བོད་རིག་པའི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་ཐུན་མིན་ནང་རིག་པའི་བྱེ་བྲག་ཅིག་ཡིན་ཏེ། དཔལ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་གསུང་རྩོམ་གྱི་ནང་ནས། དགེ་སྒྲུབ་སྡིག་སྤང་སྟེ་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་མཐའ་དག་བཀག་ཅིང༌། བསམ་པ་དང་ཀུན་སྤྱོད་བཟང་པོར་བཅོས་པ་ལ་འབད་དགོས་ཚུལ་སོགས། ལེགས་ཉེས་བླང་དོར་ལ་བསྐུལ་བའི་ཐུན་མོང་ལམ་གྱི་བསླབ་བྱའི་གནས་རྣམས་གསལ་བར་བསྟན་པའི་སྡེ་ཚན་འགའ་རེ་དང༌། གཞི་སྤྲོས་བྲལ་ཀ་དག་རིག་པ་རང་ཐོག་ཏུ་ངོ་སྤྲོད། ལམ་འབད་མེད་རྩོལ་བྲལ་ཡེ་གྲོལ་དུ་བསྒོམས་ནས། འབྲས་བུ་སྐུ་གསུམ་ཡེ་ཐོབ་ཏུ་རྟོགས་པའི་མན་ངག་དམར་ལ་ཟབ་པའི་ཉམས་ལེན་ངོ་སྤྲོད་དང༌། ཉམས་མགུར། བར་དོ་ངོ་སྤྲོད་སོགས་ཐུན་མིན་བླ་མེད་ཐེག་པའི་ལྟ་སྒོམ་ཉམས་ལེན་སྐོར་གྱི་སྡེ་ཚན་འགའ་བཅས་བཞུགས་པའི་གླེགས་བམ་གཉིས་སུ་གྲུབ་པ་འདི་ནི་ད་ལྟ་པར་དུ་བསྐྲུན་པ་ལགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།