༼ཨེར་སངས་ལྷ་མོའི་མགུལ་རྒྱན༽པར་ཐེངས་གཉིས་པ་པར་དུ་བསྐྲུན་པ།

[ཟླ་ཚེས། 2013-06-27 21:36:10][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ལགས་ཀྱིས་བརྩམས་པའི་༼སྙན་ངག་གི་འགྲེལ་བ་ཨེར་སངས་ལྷ་མོའི་མགུལ་རྒྱན༽
པར་ཐེངས་གཉིས་པ་པར་དུ་བསྐྲུན་པ།
IMG_1562.JPG
དཔེ་སྐྲུན་གསལ་བཤད།

ད་ཕན་རང་རེའི་གངས་རིའི་ལྗོངས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་འགྲོ་བ་འཕེལ་ཚུལ་དང་འབྲེལ་བའི་ལོ་རྒྱུས་འཕེལ་རིམ་སྐོར་ཡིག་ཐོག་ཏུ་འཁོད་པ་ནས་གཞི་འཛིན་པའི་བཞེད་པ་ཅུང་མཐུན་མིན་ལ་མ་ལྟོས་པའི་སྤྱི་སྒྲོས་ཡོད་མུས་སུ་མཆིས་ཀྱང་། དེ་རྣམས་ནི་མི་ལོ་སྟོང་ཕྲག་མང་བོའི་ལོ་རྒྱུས་འཕེལ་རིམ་ནང་མི་རྣམས་ཀྱིས་ཉམས་ཞིབ་དང་དཔྱད་བསྡུར་གྲངས་ལས་འདས་པའི་ངལ་བ་བརྒྱུད་པ་ལས་བྱུང་མོད། འོན་ཀྱང་ས་གཞི་བཞིན་ཡངས་ཤིང་རྒྱ་ཆེ་བ་དང་ཆུ་རྒྱུན་བཞིན་རིང་ཞིང་འཛད་མཐའ་བྲལ་བའི་བརྗོད་གཞི་ཆེན་པོ་ལོ་རྒྱུས་ཞེས་པ་ནི་དཔྱད་ཞིབ་དང་ཞིབ་འཇུག་གི་གནས་མཐའ་ཡས་པ་ཞིག་ཡིན་པར་བརྟེན་མུ་ནས་མུ་མཐུད་དུ་ཕྱོགས་མང་བོའི་ཞིབ་འཇུག་ལས་མཐའ་དཔྱོད་ཐུབ་དགོས་པ་ཞིག་ཡིན་སྟབས་ད་ལམ་ང་ཚོས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྩ་དོན་བཞིན་འདིར་《ཨེར་སངས་ལྷ་མོའི་མགུལ་རྒྱན》ཞེས་པའི་དཔེ་དེབ་འདིས་རིགས་ལམ་གྱི་རྣམ་པ་བརྒྱུད་དེ་ཐུན་མོང་མ་ཡིན་པའི་བཞེད་པ་ཇི་སྙེད་ཅིག་གསལ་བ་ལས་ཡུལ་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་བྱུང་ཚུལ་སྤྱི་དང་ཁྱད་པར་འགྲོ་བའི་བློ་གྲོས་ཀྱི་ཉིང་བཅུད་ཡི་གེའི་རིག་གནས་དར་བའི་ལོ་རྒྱུས་ཀྱང་ཇི་ཙམ་རིང་བོ་ཡིན་པ་ཟུར་མཐོང་ཐུབ་རྒྱུར་དཔྱད་གཞིའི་དགེ་མཚན་ཐོན་རེར་བསམས་ཏེ་དཔེ་སྐྲུན་ཞུས་ལགས་ཀྱང་དགེ་ལེན་སྐྱོན་དོར་ཅི་འགབ་མཁྱེན་དཔྱོད་ཡངས་པའི་རིག་གནས་དང་ལོ་རྒྱུས་ཐད་ཀྱི་ཞིབ་འཇུག་མཁན་པོ་བ་རྣམས་ཀྱིས་དགོངས་དཔྱད་ཡོད་པ་ཞུ། །

རྩོམ་སྒྲིག་པས།

IMG_1574.JPG
IMG_1575.JPG
IMG_1576.JPG
IMG_1578.JPG
IMG_1579.JPG
IMG_1580.JPG
གླེང་གཞི།
IMG_1581.JPG
IMG_1582.JPG
IMG_1584.JPG
དཀར་ཆག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།