གདན་ས་གཡས་རུ་མཁར་སྣའི་གྲྭ་ཚང་གི་འཚམས་འདྲིའི་གསུང་འཕྲིན།

[ཟླ་ཚེས། 2018-01-06 15:16:40][རྩོམ་པ་པོ། མཁར་སྣའི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1515223212123286.jpeg
1515223211123626.jpeg

    ༄༅།།   དད་དམ་མི་ཤིག་གཡུང་དྲུང་གིས་དམ་དུ་སྦྲེལ་བའི་འཛམ་གླིང་བོན་འབངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཇི་དགེའི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་ཐོག་༧ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་གཉིས་གཙོ་བོར་གྱུར་བའི་འབྲེལ་ཡོད་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དང་གནད་ཡོད་མི་སྣ་མང་པོས་བཀའ་བགྲོས་ལེགས་པར་གཟབ་གནང་སྟེ་༧གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྔར་སྲོལ་ལྟར་ལྷ་སྲུང་དམ་ཅན་རྒྱ་མཚོར་བདེན་པ་བདར་གནང་བའི་འབྲས་རྟགས་སུ་༧ ངེས་དོན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་ཉིད་༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལྷ་དང་བླ་མའི་ལུང་བཞིན་རྟགས་སྒྲིལ་དུ་བབ་གནང་འདུག་པ་ལྟར།    སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་འབྲེལ་༧ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་དཔོན་གསས་བླ་མ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་དང་།  ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་རྗེས་སུ་བཞག་པའི་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་ཐབས་མཁས་ཐུགས་རྗེ་ཆེན་པོའི་མཛད་འཕྲིན་མཐའ་རུ་ཕྱིན་ཞིང་།   བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་བརྟན་པའི་གསོལ་བ་སྨོན་ལམ་ཤུགས་དྲག་བཅས།

1515223212114425.jpeg

༧ གདན་ས་གཡས་རུ་མཁར་སྣའི་གྲྭ་ཚང་ནས།

                     ཕྱི་ལོ་༢༠༡༨ ཕྱི་ཟླ་༠༡ ཚེས་༡ ཉིན་དགེ་བར་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།