རྫོགས་ཆེན་སེམས་སྨད་སྡེ་དགུ་ལས་བཏུས་པའི་གལ་ཆེའི་བརྡ་རྙིང་སྐོར།
[ཟླ་ཚེས། 2018-07-18 19:41:59][རྩོམ་པ་པོ། གཤེན་ཡ་ངལ་ཁྲི་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༈ བླ་མེད་རྫོགས་ཆེན་གྱི་བཀའ་སེམས་སྨད་སྡེ་དགུ་ལས་བཏུས་པའི་སྒྲ་རིག་གནམ་འཕང་གཅོད་པའི་ཁྱུང་ཆེན།
ཉོན་ཤེས་མུན་པ་སེལ་མཛད་ཉི་ཟླའི་འོད། །
ཡང་མེས་བོནད་ཀྱི་རིག་གཞུང་ཚིག་མཛོད་དེ། །
ཕྱོགས་མེད་གདུལ་བྱའི་མགོན་དུ་ཤར་བ་ཡིས། །
མི་ཤེས་རྨོངས་པའི་ཚོགས་རྣམས་དྲུང་ནས་བཅིལ། །
༼ཀ༽
རྐ། (རྙིང)དཀའ།
ཀར། (རྙིང) དཀར།
སྐྱིན་འདང་།(རྙིང)ཆུ་དང་ཆར་ལ་གོ
ཀུ་ཧྲང་གསོན་མ། རི་དྭགས་རྐྱང་།
དརྐོན། (རྙིང)དཀོན།
དཀྲས། (རྙིང)སྐས།
རྐྱུས། (རྙིང)དཀྱུས།
༼ ཁ༽
ཁན་ཏེ།(ཤ༢ལས)ཁ་མོ་ཡིན་སྙམ།
ཁོང་བསྙིང་།(རྙིང)ཁོག་སྙིང་།
འཁམས། (རྙིང)ཁམས།
འཁོག་སྙིང་། (རྙིང)ཁོག་སྙིང་།
ཁད་བསྙམ། (རྙིང)ཁོད་སྙོམ།
མ་ཁྱོགས། (རྙིང)མ་ཁེགས།
ཁ་ཐམ། (རྙིང)གསང་བ།
ཁ་རྟིང་། (རྙིང)ཁ་གཏིང་།
ཁུ་བྱུག་རྣམ་པ་གསུམ། བྱ་རྗེ་ཁུ་བྱུག སྤྲུལ་བའི་ཁུ་བྱུག སེམས་ཉིད་ཁུ་བྱུག་དང་གསུམ།
ཁྭ་ན་འོ། (རྙིང)ཁོ་ན་འོ།
འཁྱིམས། ཟླུམ་པོའི་དོན་ཏེ། དཔེར་ན་ཉི་འཁྱིམས་དང་ཟླ་འཁྱིམས་ལྟ་བུའོ།
ཁྲུས་གསུམ། ཡོ་དག་རྟོགས་པ་སེམས་ཀྱི་ཁྲུས། དགོངས་པ་གསལ་བ་ལྷ་ཡི་ཁྲུས། སྲིད་ཞུ་མཉེས་པ་རྫས་ཀྱི་ཁྲུས་དང་གསུམ།
༼ག༽
དརྒོངས། (རྙིང)དགོངས།
རྒོངས (རྙིང)དགོངས།
རྒུ(རྙིང)དགུ
དརྒུ (རྙིང)དགུ
གུད་སྭ། (རྙིང)གསང་ཚིག
རྒུལ། (རྙིང)འགུལ།
རྒྱུ་བོན་བཞི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་དང་བཞིའོ།
སྒྱེག་མོ། (རྙིང)སྒེག་མོ།
མགར། (རྙིང)འགར།
རྒའ། (རྙིང)དགའ།
དགྱེ། (རྙིང)དགེ
རྒོས། (རྙིང)དགོས།
དརྒུན། (རྙིང)དགུན།
འགྲོད། (རྙིང)སྲ་མོ།
རྒྱ་བྲི། མི་བོན་ཞེས་པ་དང་དོན་འདྲ།
འགྱིལ། (རྙིང)འགྱུར།
རྒེ་རྒན། (རྙིང)དགེ་རྒན།
རྒྱེ་བསྙེན།(རྙིང)དགེ་བསྙེན།
དགང་། (རྙིང)གང་།
༼ང༽
རྔོས།(རྙིང) དངོས།
རྔུལ།(རྙིང)དངུལ།
ངག་སྦ་བ། མི་ཚིག་ལ་མི་ཡོང་བར་བསྒོམ་པའི་དོན།
ལྔ་ཅི་དངས་མ། ལྔ་ཡི་དངས་མ་དང་དོན་འདྲ།
སྔངས་པ། དབུགས་གློ་བུར་དུ་འཚངས་པའི་དོན།
སྔོན་གི(རྙིང)སྔོན་གྱི།
རྔོན། (རྙིང)ལྷར་མཆོད་པའི་དོན།
ངོས། (རྙིང)དངོས།
༼ཅ༽
ཅོད། (རྙིང)ཆོད།
ལྕེ་བདེ། (རྙིང)ཇེ་བདེ། ཁ་བདེ་བའི་དོན་ལའང་གོ
༼ཆ༽
ཆིབ།(རྙིང)ཆུབ། ཁྱབ་པའི་དོན་ལའང་གོ
༼ཇ༽
འཇིག་རྟེན་ལས་འདས་པར་སྦ་བ་དགུ།(ཤ ༢༥ ལས)༡ མ་བསྒྲིབས་པའི་ཡེ་ཤེས་སྦས་པ། ༢ རེ་དོགས་མེད་པའི་ཡེ་ཤེས་སྦས་པ། ༣ མ་འགགས་པའི་ཡེ་ཤེས་སྦས་པ། ༤ ཐིག་ལེ་ཆེན་པོའི་ཡེ་ཤེས་སྦས་པ། ༥ དེ་བཞིན་ཉིད་ཀྱི་ཡེ་ཤེས་སྦས་པ། ༦ གདོད་ནས་དག་པའི་ཡེ་ཤེས་སྦས་པ། ༧ ཅི་ཡང་གསལ་བའི་ཡེ་ཤེས་སྦས་པ། ༨ རྨད་དུ་བྱུང་བའི་ཡེ་ཤེས་སྦས་པ། ༩ མ་བཅོས་པའི་ཡེ་ཤེས་སྦས་པ་དང་དགུའོ།
འཇུ། (རྙིང)བཅུག
རྗུད། རིད་དང་གོ་དོན་འདྲ།
འཇུར་འགེགས།(རྙིང)འཇུངས་གེགས།
༼ཉ༽
མཉན།(རྙིང)ཉན་པའི་མ་འོངས་པ་དང་འདས་ཚིག
ཉེས་མིག (རྙིང)ཉེས་དམིགས།
བརྗེད་བསྙན།(རྙིང)དགེ་བསྙེན།
བསྙོ།(རྙིང)སྨྱོ།
བཉལ།(རྙིང)ཉལ།
ཉུར།(རྙིང)མྱུར།
ཉེན།(རྙིང)གཉེན།
ཉོྱ།(རྙིང)ཉོན་མོངས། (ཤ ༡༨༨ དུ)གསལ།
སྙལ།(རྙིང)ཉལ།
སྙོ།(རྙིང)སྨྱོ།
སྙིལ། གཞོམ་པའི་དོན་དང་འདྲ།
སྙུང་།(རྙིང)བྱེད་འབྲེལ་ལས་ཚིག་སྟེ་ཉུང་ངུར་བཏང་བའི་དོན།
༼ཏ༽
ཏན་ཏྲ། ཚིག་གྲོགས་དབང་གིས་སྐབས་འགར་བདེ་བ་ཆེན་པོ་ལ་གོ
རྟོ།(རྙིང)ལྟོ།
རྟི་མུག(རྙིང)གཏི་མུག
ལྟམ་བུ། གཤེར་ལ་དགའ་བའི་སྲོག་ཆགས་ཤིག
སྟོན་པ་རྣམ་པ་གསུམ། རང་རིག་རྒྱལ་པོ་ཀུན་གཞི་བྱང་ཆུབ་ཀྱི་སེམས། ཐུགས་རྗེའི་མངའ་བདག་གཤེན་ལྷ་འོད་དཀར། ཐུགས་སྤྲུལ་ཡེ་གཤེན་གཙུག་ཕུད་དང་གསུམ་མོ།
བསྟན་འཆོས།(རྙིང)བསྟན་བཅོས།
ཏིང་ཤེལ། རླུང་ནད་ལ་ཕན་པའི་སྨན་ཞིག
སྟ། སྐབས་འགར་ཕའི་བྱང་སེམས་སྟའམ་ཁུ་བ་ལའང་གོ
༼ཐ༽
མཐོའ།(རྙིང)མཐོ།
འཐིལ།(རྙིང)མཐིལ།
མཐངས།(རྙིང)མདངས།
འབྱིན། ཕྱུང་གི་ད་ལྟ་བ།
མཐའ་གླགས། མཐའ་ཡས་སམ་མཐའ་ཀླས།
ཐོ་ལེས་བཏབ། གློ་བུར་དབང་དུ་བསྡུས་པའི་དོན།
ཐག་པ་རྣམ་པ་གསུམ། རིག་པ་སེམས་ཀྱི་རྒྱུན་ཐག བྱང་ཆུབ་སེམས་ཀྱི་ཉག་ཐག ཡེ་ཤེས་སེམས་ཀྱི་ངང་ཐག་དང་གསུམ་མོ།
༼ད༽
དོན་དམ་པའི་ཕྱག རང་འབྱུང་ཡེ་ཤེས་ངང་ལ་མཉམ་པར་བཞག་པ།
རྟེང་ལྡན་པ།(རྙིང)གདེང་ལྡན་པ།
རྡོང་།(རྙིང)སྟོང་།
དྭང་བ།(རྙིང)དང་བ།
དང་ར་མུར་ཏིང་།(ཞང)མཚོ་ལ་གོ
གདས། ཡང་ནས་ཡང་དུ་བཤད་པ།
བདམ་ངག(རྙིང)གདམས་ངག
བདེའ་བར་གཤེགས་པ། བདེ་བར་གཤེགས་པ།
རྡོས། དབུ་བ་འཕྱུར་བའི་དོན།
དེམས་འཆོས། (ཤ ༡༩༣ ལས) དུག་ལྔ་སོགས་བདེ་གཤེགས་སྙིང་པོའི་ཀློང་དུ་རང་གྲོལ་སོང་བའི་དོན།
༼ན༽
བརྣག་པ། ཡིད་ལ་དམ་པོར་བཟུང་བ།
ནམ་མཁའི་ངག འབྱུང་བ་སོ་སོར་མ་འདྲེས་པ་སྟོན་པའི་གདམས་ངག
བསྣོམ།(རྙིང)དྲི་ལ་སྣོམ་པའི་དོན།
ནམ་ཀ།(རྙིང)ནམ་མཁའ།
སྣར་བ། ལྷ་བོན་ལ་གོ
བསྣུན། མཚོན་ཆ་སོགས་ཀྱིས་རྒྱབ་པའི་དོན།
༼པ༽
དཔོན་གསས། ཡོངས་འཛིན་ནམ་སློབ་དཔོན།
དཔྱང་མོ་ཉུག(རྙིང)ཐེ་ཚོམ།
དཔོན་སྲས། དཔོན་གསས།
པྲ་མོ་ཧ། ལུས་ཀྱི་ཚི་དྲེག་ལས་ཆགས་པའི་སྲིན་བུ་ཤིག་ལ་ཟེར།
སྤྱན་དྲུག བོན་གྱི་སྤྱན། ཡེ་ཤེས་ཀྱི་སྤྱན། རིག་པའི་སྤྱན། ཐུགས་རྗེའི་སྤྱན། སྤྲུལ་བའི་སྤྱན། ཤེས་རབ་ཀྱི་སྤྱན་དང་དྲུག་གོ
དཔྱང་ལག་འདྲི། སེམས་དབྱིངས་གསལ་སྟོང་དབྱེར་མེད་ཀྱི་ངང་ནས་རྫོགས་སྐུ་གཤེན་ལྷ་འོད་དཀར་སོགས་རྩལ་སྒྲ་འོད་ཟེར་གསུམ་འགག་མེད་དུ་ཤར་བའི་དོན།
༼ཕ༽
འཕྲོའ།(རྙིང)འཕྲོ།
འཕྲང་དོག(རྙིང)ཕྲག་དོག
འཕྲག་དོག(རྙིང)ཕྲག་དོག
ཕུགས་རྟད།(རྙིང)ཕུགས་གཏད།
ཕྱག་གསུམ། མངོན་བཏུད་ལུས་ཀྱི་ཕྱག དངོས་མེད་ངག་གི་ཕྱག དོན་དམ་ཡིད་ཀྱི་ཕྱག་དང་གསུམ།
ཕྱག་རྒྱ་ཆེན་པོ་གསུམ། བཅའ་བསྒྱུར་དགྲོལ་བ་ལུས་ཀྱི་ཕྱག་རྒྱ། ཡི་གེ་འབྲུ་བཀོད་གསུང་གི་ཕྱག་རྒྱ། ཁྱབ་བདལ་ཡོངས་རྫོགས་ཐུགས་ཀྱི་ཕྱག་རྒྱ་དང་གསུམ།
༼བ༽
འབྲུ་གཞོམ་པ། ཡིག་འབྲུ་རེ་ལ་ཚིག་འགྲེལ་རྒྱབ་པའི་དོན།
བོན་གི་སྐུ།(རྙིང)བོན་གྱི་སྐུ།
འབྱིལ།(རྙིང)འགྱུར།
བོན་གི་ཐིག་ལེ།(རྙིང)བོན་གྱི་ཐིག་ལེ།
འབུས།(རྙིང)དབུས།
དབྱིངས་འབྲུ་ལ་བཅར། གསལ་སྟོང་གཉིས་སུ་ཕྱེས་པའི་སྟོང་ཆ་གསལ་བོར་ངོས་འཛིན་བྱེད་པའི་དོན།
བག་ཆགས་ཀྱི་བདག རྒྱུ་ཡི་ཐེག་པ་ཆུང་ངུ་ལ་གནས་ཤིང་འཁྲུལ་བ་ལ་ཕྱོགས་པའི་ལྷ་མི་གཞན་བརྟེན་པ་ལྟ་བུའོ།
བྷོམ།(རྙིང)སྒོམ།
སྤུང་། འཛོམས་པའི་དོན།
ལྦུགས། སྲོག་རྩའི་ནང་གི་འབྱུང་བ་རླུང་།
བྱམས་རྐྱ་བའི་མི། བྱམས་པ་དང་འབྲེལ་བའི་གང་ཟག་ལ་གོ་དགོས་པར་སྣང་།
འབྱུང་བའི་མ། འབྱུང་ལྔའི་ནང་ཚན་གྱི་ནམ་མཁའ།
བོན་ཉིད་ཀྱི་ངག དོན་དམ་དང་ཀུན་རྫོབ་ཀྱི་ཆ་སོ་སོར་སྟོན་པའི་གདམས་པ།
འབྱིལ། བྱིལ་གྱི་ད་ལྟ་བ་དང་མ་འོངས་པ།
འབྲས་བུའི་བོན་ལྔ། དགེ་བསྙེན། གཤེན་གྱི་དྲང་སྲོང་། གཤེན་གྱི་ཨ་དཀར། ཡེ་གཤེན་པ། ཁྱད་པར་རྫོགས་པ་ཆེན་པོ་དང་ལྔའོ།
འབྲི།(རྙིང)འདྲི།
འབུབ་དབྱེལ་ཚེམས་ཀྱིས་བསྡམས་པ། སེམས་སྨད་སྡེ་དགུའི་(ཤ ༡༢༩ ལས)གསལ།
༼མ༽
མན་ངག མ་ཡི་ངག་ལྟ་བུའི་གདམས་ངག
དམྱི།(རྙིང)རྨི།
མྱེད།(རྙིང)མེད།
དམྱིགས།(རྙིང)དམིགས།
མྱང་ངན།(རྙིང)མྱ་ངན།
མྱི་དམྱིགས་པ།(རྙིང)མི་དམིགས་པ།
མྱིན་པ།(རྙིང)མིན་པ།
མིག(རྙིང)དམིགས།
རྨེང་།(རྙིང)རྨང་།
རྨ་འདང་།(ཞང)མེ།
མེན།(རྙིང)མིན།
དམི་ལམ།(རྙིང)རྨི་ལམ།
༼ཙ༽
བརྩོགས། ༡༽དུ་མ་འཛོམས་པ། ༢༽བསྡུས་ཚིག
རྩུག་ཕུད།(རྙིང)གཙུག་ཕུད།
རྩང་།(རྙིང)གཙང་།
གཙེགས།(རྙིང)ཚིག་གྲོགས་དབང་གིས་སྐབས་འགར་ཀླད་ཀྱི་དོན་ལ་གོ་བའང་ཡོད།
སྩོགས། ༡༽སྡུད་ཚིག་སོགས་སྒྲ་དང་དོན་འདྲ། ༢༽བཙོག་ཅེས་པ་ལ་གོ་བའང་ཡོད།
བཙའ།(རྙིང)བཙལ།
༼ཚ༽
མཚན་མའི་བོན་གྱི་མ། བཞེངས་བཞུགས་གཡོས་བསྐྱོད་མི་མངའ་བའི་ཡེ་ཤེས་གསང་མཛོད་ཆེན་མོ།
མཚན་མ། ཀུན་རྫོབ་སྤྱི་དང་རིགས་པའི་དགག་བྱ་བདག་ཏུ་གྲུབ་པ་སོགས་ལ་གོ
ཚུས།(རྙིང)ཚུར།
བཚལ།(རྙིང)བཙལ།
མཚད་དོ།(རྙིང)མཛད་དོ།
ཚིག་གི་ན་ཡ། ཚིག་གྲོགས་ལ་གོ
༼ཛ༽
རྫའ།(རྙིང)རྫ།
འཛུབ་སྩུག(རྙིང)འཛུབ་ཚུགས།
༼ཝ༽
ཝ་ཝོལ། སྲོག་ཆགས་ཝ་ཡི་མིང་།
ཝ་ཡ། དབང་ལྡན།
ཝག་ཞི། སྐར་མ།
ཝ་ཏང་། རས་ཆེན།
ཝ་ལམ། དུར་ཁྲོད།
ཝེར་མ། སྒྲ་བླ་མཐུ་ཆེན་ཁ་དྲག
ཝེར་རོ། རྒྱལ་པོ།
ཝེར་སྨི། རྒྱལ་མོ།
ཝག ངག་དང་སྐུ་ལ་གོ
ཝ་རིས། རྒྱ་མདུད།
༼ཞ༽
ཞ་གྲུམ། ཞ་བོ།
ཞུ་ཤམ།(ཤ ༢༩ ལས)གསལ་བ་ལྟར་ན། ལྷ་ཡི་སྨད་ཤམ་གྱི་རིགས་ཤིག་ཡིན་སྙམ།
༼ཟ༽
ཟོམ། ༡༽རྩེ་མོ ༢༽ ཆུ་བླུག་སྣོད་ཀྱི་ཟོམ། ༣༽ ཟོམ་དབྱིབས་ཅན་གྱི་རྔ་།
ཟ་མ་ཐོག མཁོ་ཆས་ཀྱི་སྣོད་ཀ
༼འ༽
འོན་ཐང་།(རྙིང)འོན་ཀྱང་།
འོན་ཏང་།(རྙིང)འོན་ཀྱང་དང་འདྲ།
འོད་ལྔ་ལས་གྲུབ་པའི་ལྷ་ལྔ། ཀུན་སྣང་ཁྱབ་པ། གསལ་བ་རང་འབྱུང་། གར་གསས་གར་ཕྱུག བྱེ་བྲག་དངོས་མེད། དགའ་བ་དོན་གྲུབ་དང་ལྔའོ།
༼ཡ༽
ཡན་ཅོད།(རྙིང)ཡན་ཆད་དང་ཡན་ཆོད་ཅེས་པ་དང་དོན་འདྲ།
ཡེ་ཤེས་ཀྱི་བདག ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཉམས་སུ་ལེན་པའི་གཤེན་གྱི་རྣལ་འབྱོར་བ་ལ་གོ
ཡིད་སྦ་བ། ཀུན་གཞིའི་རྣམ་ཤེས་དང་དབང་པོའི་ཤེས་པ་རྣམས་ཁ་ནང་དུ་ཕྱོགས་ནས་བདེར་གཤེགས་སྙིང་པོ་སྒོམ་པ་ལ་འཇོག་དགོས་པར་སེམས།
ཡི་གེའི་མཚན་མ་གསུམ། ཨ་ཨཱོྃ་ཧུྃ་དང་གསུམ།
འབྲས་བུ་ཡུ་བ་ནས་ཟིན། རྩ་བའི་དོན་སྙིང་ཧ་གོ་བའི་དཔེ་འམ་ཡང་དག་པའི་དོན་ལ་འགག་རྩ་ནས་འཇུས་པའི་དཔེའོ།
ཡེ་ཤེས་ལྔ། རང་འབྱུང་ཡེ་ཤེས། རང་རིག་ཡེ་ཤེས། གཉེན་པོ་སྟོབས་ཀྱི་ཡེ་ཤེས། མཁྱེན་པ་ཡན་ལག་གི་ཡེ་ཤེས། མཐའ་འདས་དབྱིངས་ཀྱི་ཡེ་ཤེས་དང་ལྔའོ།
༼ར༽
ར་ཆོད། རྒྱུ་མཚན་མེད་པ་འོལ་ཚོད་ཀྱིས་འཇུག་པ།
རབ་འབྲིང་ཐ་གསུམ་གྱི་བློ་རིག་གསུམ། རབ་ལུས་དང་དབྱིངས་ལ་འཕྲོ་འདུ་བྱེད། འབྲིང་བུམ་པ་དང་མཁའ་ལ་འཕྲོ་འདུ་བྱེད། ཐ་མ་རྡུལ་ཚོན་ཁོ་ན་ལ་གསལ་བ་ཙམ་དུ་གནས་པ་དང་གསུམ།
༼ལ༽
ལུང་ནོན། མི་མཐུན་ཕྱོགས་འཇོམས་པར་བྱེད་པའི་བཀའ།
ལུས་བསྐྱེད་པའི་མ། རང་གི་ལུས་འདི་བསྐྱེད་པའི་ཨ་མ་ལ་ཟེར།
ལུས་བསྐྱེད་པའི་ངག རང་གི་ལུས་འདི་བསྐྱེད་པའི་ཨ་མའི་ངག
ལུང་བརྣན། ༡༽གལ་ཆེན་དུ་བཟུང་བའི་གདམས་ངག ༢༽ཧ་གོ་བའི་དོན་ལའང་འཇུག་པར་སེམས།
ལུས་སྦ་བ། དབེན་སར་བཙལ་ནས་ལུས་སུས་ཀྱང་མཐོང་དཀའ་བར་གནས་པའི་དོན།
ལ་ཧེ་གསོན་མ། (ཤ ༢༢)གསལ། ཡོང་དགས་མ་ཧེ་ཡིན་ནམ་སྙམ།
ལི་ཤོ་ཏན། ཡུལ་མིང་ཞིག
༼ཤ༽
བཤེར། དོན་གྱི་འགག་རྩ་ལ་འཇུས་ནས་བདེན་རྫུན་དབྱེ་བ།
ཤེ་ཐུན་མང་ཝེར། སྙིང་ལ་གོ
ཤེལ་ཀང་ཀ་རི། གཏེར་ནས་བླངས་པའི་རིན་ཆེན་ཤེལ།
ཤེ་ཐུན།(ཞང)སྙིང་།
ཤེས་པ་རྣམ་པ་གསུམ། འགྲོ་དྲུག་སེམས་ཅན་བུ་གཉེན་དུ་ཤེས། བག་ཆགས་ཉོན་མོངས་པ་བོན་ཉིད་དུ་ཤེས་པ། བསླུ་བ་པོ་རྣམ་གསུམ་སེམས་ལས་མ་གཏོགས་པ་ལས་བྱུང་བས་སེམས་ཉིད་དུ་ཤེས་པ།
༼ས༽
སྲིད་པས་མ་སྲིད་པ། ཡེ་ཤེས་གསང་མཛོད་ཆེན་མོ་རང་ཆས་སུ་ཡོད་ཀྱང་ཧ་མ་གོ་བའི་དོན།
བསེན་མི་བཟུང་། གཉེན་བཤེས་སོགས་མི་འཛིན་པའི་ངང་རང་གྲོལ་ལྷོད་པ།
བསྲེངས།(རྙིང)བསྲིངས་དང་དོན་འདྲ།
སེམས་སྐྱེད་པའི་མ། ཡོངས་འཛིན་དཔོན་གསས།
སེམས་སྐྱེད་པའི་ངག ཡང་དག་ལམ་དུ་འཁྲིད་པའི་སློབ་དཔོན་གྱི་ཞལ་གསུང་།
སླུམ།(རྙིང)ཤོར་ཚར་བའི་དོན།
གསེར་གྱི་གསས་སང་། གསེར་གྱི་ལྷ་ཁང་།
སྷོ། སོ་ཞེས་པའི་འབྲི་སྲོལ་དེ་ལྟར་ཡང་ཡོད།
སྲིད་པ་རྡོས་ཀྱི་རྟོ་སྤྱད་ངན་པ།(ཤ ༡༩༡ ལས)གསལ། ལས་ཉོན་གྱིས་དབང་དུ་བསྒྱུར་བ་ལ་གོ་དགོས་སྙམ།
སེམས་སྨད་སྡེ་དགུ ༡༽ཐབས་ཀྱི་མེ་ལོང་ཐིག་ལེ་རྐྱང་སྦྲག་སྤྱོད། ༢༽འཛིན་པའི་མེ་ལོང་གསེར་གྱི་ལུང་ནོན་ཆེ། ༣༽གནས་པའི་མེ་ལོང་ལུང་ཕྲན་རྩ་བར་བཟུང་། ༤༽གསུང་གི་མེ་ལོང་ཁུ་བྱུག་རོལ་བར་སྒྲོགས། ༥༽ཐུགས་ཀྱི་མེ་ལོང་ཅོག་བཞག་མཉམ་པའི་ངང་། ༦༽གསལ་བའི་མེ་ལོང་རིག་པའི་རྒྱུན་ཐག་བསྲིངས། ༧༽གོམས་པའི་མེ་ལོང་ལུང་གི་རྒྱུན་ཐག་སྐྱོངས། ༨༽སྐལ་བའི་མེ་ལོང་སེམས་ཀྱི་ངང་ཐག་འཐུད། ༩༽སྣང་ལ་དངོས་མེད་འཛུབ་ཚུགས་ལྷུག་པར་ཞོག
གསེར་ལུས་སུ་བཞུ་བ་འདྲ། རྩོལ་མེད་ལྷུན་འགྲུབ་ཏུ་རྩལ་སྒྲ་འོད་ཟེར་གསུམ་ལྷན་དུ་འདུས་པའི་དཔེ།
༼ཧ༽
ལྷ་རྣམ་པ་གསུམ། རྟེན་དུ་བཙུགས་པའི་གཤེན་ལྷ་འོད་དཀར། གདགས་སུ་ཡོད་པའི་གཤེན་ལྷ་འོད་དཀར། གདགས་སུ་མེད་པའི་གཤེན་ལྷ་འོད་དཀར་དང་གསུམ་མོ།
ལྷ་ནེ།(རྙིང)ལྷན་ནེ།
མ་ལྷུམ།(རྙིང)མ་ལྷུང་།
༼ཨ༽
ཨུ་ཡ་ཁ་ཐམ། གསང་ཚིག་དམ་པོར་བཟུང་བ།
སེམས་ཀྱི་ཨ་ཏི། སེམས་ཀྱི་གསང་བ།
སླར་སྨྲས་པ།
བདག་ནི་རྣམ་དཔྱོད་ཤེས་རབ་ཞན་པ་ཡིས། །
སྡེབ་པའི་ཚིག་དོན་གང་གི་ནོར་འཁྲུལ་ཆ། །
ཅི་མཆིས་མཁྱེན་ལྡན་སྤྱན་སྔར་བཤགས་པ་དང་། །
དགེ་བའི་ཚོགས་ཀུན་འགྲོ་བའི་དོན་དུ་བསྔོ། །
གཤེན་གྱི་དྲང་སྲོང་ཁྲི་གཙུག་རྣམ་རྒྱལ་ཉི་མ་ནས་རང་དང་གཞན་ལ་ཕན་སླད་དུ་ལྷག་བསམ་གཙང་མས་རྒྱལ་བའི་བཀའ་རིན་པོ་ཆེའི་དགོངས་དོན་གཞིར་བཞག་སྟེ་འགྲེལ་བཤད་དང་བཅས༢༠༡༨ལོའི་ཟླ་བ༧ཚེས༡༧ཉིན་བལ་ཡུལ་ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་གི་དེབ་ཕྲེང་ཉེར་གཅིག་པ་རྫོགས་ཆེན་སེམས་སྨད་སྡེ་དགུ་ལས་མཇུག་རྫོགས་པར་བསྒྲིགས་པ་དགེ་བར་གྱུར་ཅིག་གུ། སརྦ་མངྒ་ལཾ།ཐ་ཚན་མུ་ཙུག་སྨར་རོ།། ཛ་ཡནྟུ།