གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་ཆེན་མོའི་དཀར་ཆག་བསྡུས་པ།

[ཟླ་ཚེས། 2020-07-07 14:43:33][རྩོམ་པ་པོ། ཁྲི་བདེ་མཆོག་གིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]







       ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཞིང་ཞང་བོད་མཐོ་སྒང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཕ་ནོར་༧གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་གངས་ཅན་ཁ་བའི་ལྗོངས་སུ་དར་གུད་རིམ་པ་བྱུང་ཡང་གསུང་རྟེན་ཁྱད་པར་ཅན་བཀའ་འགྱུར་རམ་རྒྱལ་བའི་བཀའ་རིན་པོ་ཆེ་དྲི་མ་མེད་པ་ཞིང་འདིར་དར་ཚུལ་གྱི་དབང་དུ་བྱས་ན་བཀའ་གཏེར་སྙན་བརྒྱུད་ཅི་རིགས་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་ཅིང་མཁས་པ་རྣམས་ཀྱིས་བཀའ་བརྟེན་འགྱུར་སྒྲིག་ཚུལ་གྱི་པོད་གྲངས་ལའང་མང་ཉུང་ཐད་གཅིག་གྱུར་ཞིག་བྱུང་མེད། ཡིན་ན་ཡང་གཙོ་རྒྱུགས་ཆེ་བ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་ལས་རྒྱས་པར་གསུངས་ཡོད་པ་དེ་ཉིད་ཡིན་ལ། ཕྱིས་སུ་ཕྱི་ལོ་1999ལོར་ཀུན་གྲོལ་ལྷ་སྲས་མཆོག་གིས་རྒྱ་ནག་ཁྲིན་འདུ་རུ་དཔར་བསྐྲུན་ཞུས་པའི་བཀའ་འགྱུར་པོད་གྲངས་བརྒྱ་དང་བདུན་ཅུ་དོན་བརྒྱད་ཅན་དེ་དང་བཀའ་འགྱུར་རིན་པོ་ཆེའི་བརྒྱུད་རིམ་དཀར་ཆག་དང་བཅས་པ་རྒྱས་པ་ཐོག་མཐའི་མཚམས་སྦྱོར་དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་ཅན་པོད་གཅིག་བཅས་འཕགས་ཡུལ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དང་ཨ་རིའི་(BDRC. Lib)གཉིས་ཀྱིས་མཉམ་འབྲེལ་བཤེར་འབེབས་(Scan)ཞུས་པའི་དབྱིན་ཨང་(W21872-6141-6318.pdf)བར་ཅན་གྱི་བཀའ་འགྱུར་རྒྱ་ཆེའི་དད་ལྡན་ཀློག་པ་པོ་ཡོངས་དང་ལོ་རྒྱུས་ཉམས་ཞིབ་པ་རྣམས་ལ་དུས་རབས་དང་འཚམས་པའི་དྲ་རྒྱ་(བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།)གློག་ཀླད་ཁ་པར་སོགས་ནས་གཟིགས་ཀློག་བཙལ་འཚོལ་སྟབས་བདེ་ཡོང་ཆེད་དུ།











       གཡུང་དྲུང་བོན་གྱི་བཀའ་བརྟེན་ནི་ཞང་བོད་ཀྱི་མཁས་གྲུབ་ལོ་པན་རྩོམ་པ་པོ་ཚད་ལྡན་རྣམས་ཀྱིས་རྒྱལ་བའི་བཀའ་རིན་པོ་ཆེ་ལ་བརྟེན་ནས་བརྩམས་པའམ་སྙན་རྒྱུད་དགོངས་གཏེར་ཅི་རིགས་ལས་བྱུང་བའི་བསྟན་པའི་གསལ་བྱེད་དམ་པར་གྱུར་བ་ཤ་སྟག་གི་གསུང་པོད་བསྡུ་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན་ཞིང་པོད་གྲངས་འདི་ཙམ་ཡོད་ཅེས་ཚད་བཟུང་ལ་ངེས་པའང་མེད། འདི་ནི་སོག་སྡེ་བསྟན་པའི་ཉི་མ་ཅན་པོད་གྲངས་སུམ་བརྒྱ་(298)སྡེ་ཚན་ཆེ་ཆུང་སྟོང་ཕྲག་མང་པོ་ཡོད་པའི་བོན་གྱི་བརྟེན་འགྱུར་དེ་འཕགས་ཡུལ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་ཨ་རིའི་(BDRC. Lib)གཉིས་ཀྱིས་མཉམ་འབྲེལ་བཤེར་འབེབས་(Scan)ཞུས་པའི་དབྱིན་ཨང་(W30498-001 -300.pdf)ཅན་གྱི་བརྟེན་འགྱུར་པོད་ཀྱི་མཚན་བྱང་དང་འབྲེལ་བ་དེ་ཙམ་མེད་ལ་མ་གསལ་བའི་བོན་ཚན་ཤིན་ཏུ་གལ་ཆེ་བ་འགའ་ཤས་གླེགས་བམ་གྱི་བར་གསེང་དུ་ལྐོག་ཏུ་གྱུར་ཡོད་པས་ཞིབ་གསལ་དུ་མཁྱེན་འདོད་ཚེ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས་གཙོ་བསྒྲིགས་བྱས་པའི་དཀར་ཆག་རྒྱས་པར་གཟིགས་འཚལ་ཞུ་བ་དང་ཆབས་ཅིག་རྒྱ་ཆེ་དད་ལྡན་ཀློག་པ་པོ་ཡོངས་དང་ལོ་རྒྱུས་ཉམས་ཞིབ་པ་རྣམས་ལ་དུས་རབས་དང་འཚམས་པའི་དྲ་རྒྱ་(བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།)གློག་ཀླད་ཁ་པར་སོགས་ལས་གཟིགས་ཀློག་བཙལ་འཚོལ་སྟབས་བདེ་ཡོང་ཆེད་དུ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཕྱི་ལོ་2020ཟླ་7ཚེས་5ཉིན་ཁྲི་བདེ་མཆོག་ཏུ་འབོད་པས་བསྐྱར་བསྒྲིགས་གྲུབ་པ་དགེའོ།། ཐ་ཚན་མུ་ཙུག་སྨར་རོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།