དེ་ལས་མང་>>འཆད་ཁྲིད།

  • ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ།

    ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ།

    ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྤྱི་ལོ་༢༠༢༠ལོའི་ཟླ་བ་༡ཚེས་༢༥ཉིན་གནང་བའི་བཀའ་སློབ་བཞུགས།

  • གཡུང་དྲུང་བོན་གྱི་རྫོགས་ཆེན་སྐོར།

    གཡུང་དྲུང་བོན་གྱི་རྫོགས་ཆེན་སྐོར།

    གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་རིན་པོ་ཆེ་ཉི་མ་དོན་གྲུབ་མཆོག་གི་འཆད་ཁྲིད། བརྗོད་གཞི། གཡུང་དྲུང་བོན་གྱི་རྫོགས་ཆེན་སྐོར།

  • དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེའི་ཞལ་ཁྲིད། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།

    དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེའི་ཞལ་ཁྲིད། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།

    ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་དང་པོ་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་ཞལ་ཁྲིད། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།
    མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་དང་པོ་༧བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས།
    བསྐལ་བཟང་ཞིང་གི་རྣམ་འདྲེན་མཆོག་སྲས་ཀྱིས། །
    བགྲོད་ལམ་དར་རྒྱས་དྲི་མེད་ཤེལ་བུམ་དུ། །
    སྨིན་གྲོལ་བཅུད་ཁེངས་བླ་མེད་མངོན་མཐོ་བའི། །
    ཡོངས་འཛིན་བསྟན་པའི་བདག་ཉིད་གསོལ་བ་འདེབས། །
    མདོ་སྨད་ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ྋདཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་ནི། མདོ་སྨད་ཤར་ཁོག་གནས་ཆེན་དུང་རིའི་མདུན་ཞོལ་ཟིང་ཆུ་རིན་སྤུངས་དགོན་པའི་ལྷ་སྡེ་ཨ་སྟོང་གྲོང་ཚོའི་དྲང་སྲོང་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་སུ་ཡབ་ལྕགས་ཕོ་འབྲུག་བྱ་བ་དང་ཡུམ་ལྕགས་སྨན་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོ་སྟེ་ཕྱི་ལོ་༡༩༢༦ལོར་སྐུ་འཁྲུངས་ཤིང༌། མཚན་ལ་མ་ཏིའམ་བློ་གྲོས་ཞེས་སུ་གསོལ།
    སྐུ་ན་ཆུང་ངུའི་དུས་ནས་ཀྱང་ཐུགས་གཤིས་བཟང་ཞིང་རྣམ་དཀར་དགེ་བའི་རིགས་ཀྱི་མྱུ་གུ་དུས་སུ་སྨིན་སྟབས་རིན་སྤུངས་ཨ་ལགས་ཚང་ངམ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་མཆོག་གིས་རྗེས་སུ་བཟུང་སྟེ་གང་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་མནོས་པས། ཚུལ་མཚན་དུ་བསྐལ་བཟང་དར་རྒྱས་ཞེས་སུ་བསྩལ། དེ་ནས་རིམ་བཞིན་འབྲི་ཀློག་འདོན་གསུམ་ནས་དབུ་བཟུང་སྟེ་བརྡ་དག་སྙན་གསུམ་སོགས་རིག་གནས་ཀྱི་སྐོར་དང༌། ཁྱད་པར་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་མཛོད་ཆེན་རྣམ་ལྔ་སོགས་ཁྲིད་ཞུས་མཛད་ཅིང༌། གཞན་ཡང་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་སོགས་གདམས་ཁྲིད་ཅི་རིགས་ཞུས་ཏེ་ཐོས་བསམ་གྱི་གནས་ལ་འབུངས་པར་མཛད། རྣམ་དཔྱོད་ཀྱི་ཤེས་རབ་ཤིན་ཏུ་རྒྱས་ཤིང་མཁས་པའི་བྱ་བ་གསུམ་ལ་མངའ་དབང་བསྒྱུར་བའི་སྤོབས་པ་ཐོབ། དེ་མཚམས་བྱང་སྔགས་གཉིས་ཀྱི་བསླབ་སྡོམ་དང༌། དེ་བཞིན་སྔོན་འགྲོ་དང་དངོས་གཞི་ཐབས་ལམ་དྲུག་སོགས་མན་ངག་མཐའ་དག་ཉམས་བཞེས་ཀྱིས་སྒོམ་སྒྲུབ་ཚུལ་བཞིན་བསྐྱངས་པས་སུམ་ལྡན་རིག་པ་འཛིན་པའི་གྲལ་དུ་ཚུད་དོ། །
    དེ་རྗེས་རྩ་བའི་བླ་མ་རིན་སྤུངས་མཆོག་སྤྲུལ་རིན་པོ་ཆེས་བྱབྱང་ཡི་རྗེས་སུ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཁྱེད་ཀྱིས་འཛིན་དགོས་བྱབྱཞེས་རྒྱལ་ཐེབས་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་མཛད་པས་དེ་ནས་བཟུང་དཔོན་སློབ་ཚང་ཞེས་མཚན་དུ་གྲགས། ད་དུང་ཁོང་གིས་བྱབྱཁྱེད་དེ་ཙམ་གྱིས་མ་ངོམས་པར་མདོ་དབུས་ཁམས་གསུམ་ཀུན་ཏུ་ཕེབས་ཏེ་རིས་མེད་ཀྱི་དགོན་སྡེ་དང་སྐྱེས་ཆེན་དུ་མའི་མདུན་ནས་ཐོས་བསམ་སྒོམ་གསུམ་གྱི་རིག་རྩལ་འཕྲུལ་གྱི་འཁོར་ལོའི་གར་བསྒྱུར་ལ་དབང་ཐོབ་པར་གྱིས་ལ་ཤོག་བྱབྱཅེས་བཀའ་མངགས་ཀྱང་མཛད།
    དེ་ལྟར་རྩ་བའི་བླ་མའི་བཀའ་བཀོད་ལྟར་དགུང་ལོ་ཉི་ཤུའི་ཐོག་འཕེན་ཆུ་བསམ་འགྲུབ་དགོན་པའི་སྒྲུབ་གྲྭའི་མཁན་པོ་གཡུང་དྲུང་བསྟན་པའི་མདུན་ནས་ལོ་འཁོར་གཉིས་རིང་གྲུབ་དབང་ཤར་རྫ་པའི་བཀའ་འབུམ་ཡོངས་རྫོགས་དབང་ཁྲིད་བསྐྱར་ཞུས་ཀྱིས་རྒྱས་པར་སྦྱངས། དེ་མཚམས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་པར་ཕེབས་ཏེ། ལོ་ཆེན་བཻཻ་རོ་ལྟ་བུའི་མཁས་པར་འགྱུར་བའི་སྨོན་འདུན་གྱིས་གནས་ལྔ་རིག་པའི་རྩེར་སོན་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གི་ཞབས་དྲུང་ནས་བསྡུས་ཆུང་ནས་བཟུང་སྟེ་གྲུབ་དོན་ས་གསུམ་དང་ཚད་མ་ཕར་ཕྱིན་དབུ་མ་བཅས་ལ་གསན་བསམ་མཐའ་རུ་ཕྱིན་པར་གནང་རྗེས་ལྷ་ལྡན་ཕྱོགས་སུ་ཞབས་བསྐྱོད་ཀྱིས་འབྲས་སྤུངས་གྲྭ་སར་ཞུགས། རྒན་ངག་དབང་ཉི་མ་དང་སོག་རིགས་ཐུབ་བསྟན་ཉི་མ་ཞེས་མཁས་དབང་ཉི་ཟླ་རྣམ་གཉིས་ཀྱི་མཁྱེན་བརྩེའི་འོད་སྣང་ཕྱོགས་མེད་དུ་བརྡལ་བའི་བཀའ་འོག་ནས་ཕར་ཕྱིན་ཐེག་པའི་གཞུང་སོགས་ལ་བསྐྱར་སྦྱོང་གི་ཚུལ་བཟུང་སྟེ་སྦྱང་བརྩོན་ཆུ་བོའི་རྒྱུན་བཞིན་མཛད་མཐར་གཞུང་ཆེན་བཀའ་པོད་ལྔའི་དགོངས་དོན་མཐིལ་དུ་ཕྱིན་པར་རྟོགས་ནས་མཁྱེན་དཔྱོད་བློ་གྲོས་ཀྱི་འདབ་སྟོང་ཀུན་ནས་ཡངས་པར་བཞད་སྟེ་གཤེན་བསྟན་འཛིན་མའི་རྒྱན་དུ་གྱུར།
    དེ་ནས་ཕག་གི་ལོར་དུས་འགྱུར་བྱུང་བས་དབུས་ཀྱི་དགོན་སྡེ་ཆོས་སྤྱོད་ཐམས་ཅད་གཏོར་བརླག་ཏུ་ཕྱིན་པས་བཞུགས་བཟོད་བྲལ་སྟབས། གཙང་ལ་ཕེབས་ནས་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ལོ་གཅིག་བཞུགས། དེར་བཞུགས་རིང་གཡུང་དྲུང་གླིང་གི་ཕུག་མཛོད་ཁང་དུ་བཞུགས་པའི་བཀའ་བརྟེན་ཡོད་རིགས་མཇལ་བས་མ་ཚད་ཕུག་མཛོད་ཁང་དུ་བཞུགས་པའི་དཔེ་དཀོན་ཡོད་རིགས་ཟིན་ཐོར་བཀོད་སྟེ་༼གླེགས་བམ་གཏེར་གྱི་ཁ་བྱང་༽ཞེས་པའི་དཀར་ཆག་ཅིག་ཀྱང་མཛད།
    དེ་བཞིན་གདན་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་དང༌། གདན་ས་བར་མ་མཁར་སྣ་བསམ་གཏན་གླིང༌། གཤེན་ཚང་ཁྲི་བརྟན་ནོར་བུ་རྩེ་སོགས་དགོན་གནས་དུ་མར་མཇལ་མཚམས་ད་ནི་འདིར་བསྡད་པས་དོན་མེད་སྙམ་སྟེ་རང་ཡུལ་ཕྱོགས་སུ་ལོག་ཕེབས་མཛད་ཅིང་མ་རྒན་དང་འཕྲད། རིག་གསར་གྱི་དུས་སྐབས་སུ་ལོ་དུ་མའི་རིང་ལ་ངལ་རྩོལ་གྱི་ལས་ལ་ཞུགས་ཀྱང༌། རང་རྒྱུད་ན་ལུང་དང་རྟོགས་པའི་དཔའ་གདེང་ཞིག་ཡོད་པས། ལས་སྣང་ཇི་ལྟར་གྱུར་ཀྱང་བསྟན་པ་ནི་ཡོད་གསུངས།
    ཉི་མ་ནུབ་ཀྱང་སླར་འཆར་བ་བཞིན་སྤྱི་མཐུན་དགེ་བའི་ལས་ཀྱིས་བོན་སྒོ་སླར་ཡང་ཕྱེས་ཏེ་བསྟན་པ་བསྐྱར་དུ་དར་བའི་དགེ་མཚན་ཤར་བས། རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་བཀྲ་ཤིས་འཁྱིལ་གླིང་གི་ཡོངས་འཛིན་བཟོད་པ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་མཇལ་བཅར་ཞུས་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཚུལ་མཚན་དུ་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་སུ་གསོལ། དགོན་གནས་དེར་ཡོངས་འཛིན་རིན་པོ་ཆེས་གཙོས་པའི་སྐྱེས་ཆེན་ཁག་གི་དྲུང་ནས་ལུང་ཁྲིད་སོགས་མན་ངག་ཟབ་མོའི་བདུད་རྩིས་ཐུགས་ཀྱི་བུམ་པ་གང་བར་བྱས་ནས་བླ་མའི་བཀའ་བཞིན་རང་ཡུལ་དུ་ཕེབས། དེ་ནས་གནས་མཆོག་མ་རྒྱུད་གསང་མཆོག་མཐར་ཐུག་རྒྱལ་པོའི་གནས་ཆེན་གྱི་ནང་ཚན་བྱང་བྱ་དུར་མཁའ་འགྲོ་འུག་གདོང་མའི་རི་ཁྲོད་དུ་བཞུགས་ཏེ་སློབ་གཉེར་པ་དང་རི་ཁྲོད་པ་སོགས་སྐལ་ལྡན་གྱི་གདུལ་བྱ་བཅུ་ཕྲག་བརྒྱད་ལྷག་ལ་བརྡ་སྦྱོར་སྙན་ངག་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང༌། ཐུན་མིན་ནང་གི་སྔོན་འགྲོ་དང༌། དངོས་གཞི། ལམ་རིམ། ཨ་ཁྲིད་རྫོགས་ཆེན་བཅས་ཀྱི་སློབ་ཁྲིད་བསྐྱངས་ནས་བཞུགས།
    དེ་ལྟར་ལོ་ངོ་གསུམ་ཙམ་བཞུགས་རྗེས་ཤར་ཁོག་ཟིང་ཆུ་ཕྱོགས་ཀྱི་ནང་དགོན་ཁག་ལྔ་དང་དགོན་ལག་བཅུ་གསུམ་གྱི་གདན་ས་དགའ་མལ་དགོན་ཆེན་དུ་བཤད་སྒྲུབ་ཀྱི་བསྟན་པ་སླར་འཛུགས་ཀྱི་དབུ་བཟུང་དགོས་པར་ནན་གྱིས་ཞུས་ངོར་དགའ་མལ་དགོན་ཆེན་དུ་ཕེབས་ཤིང༌། བཤད་གྲྭ་དང་སྒྲུབ་གྲྭ་ཟུང་འབྲེལ་གྱི་སྒོ་ནས་མདོ་སྨད་ཟིང་ཆུའི་ཡུལ་དུ་སླར་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང༌། འཆད་ཉན་སྒོམ་སྒྲུབ་ཀྱི་ངང་ནས་དར་ཞིང་རྒྱས་པར་མཛད།
    དེ་བཞིན་ལྷ་སྡེ་མང་ཚོགས་རྣམས་ལའང་ལོ་བསྟར་སྔོན་འགྲོ་བསགས་སྦྱོང་དང་སྐྱབས་འགྲོ་སྒོམ་ཁྲིད་སོགས་ཀྱི་བཀའ་ཁྲིད་བསྐྱངས་ནས་འགྲོ་རྣམས་འཁོར་བའི་དུཿཁ་ལས་སྐྱོབས་པའི་དོན་ཆེན་ཐུགས་ལས་གཡེལ་མེད་དུ་བསྐྱངས་མཐར། རེ་ཞིག་འགྲོ་དོན་རྫོགས་པའི་ཚུལ་ཙམ་བསྟན་ནས་ཕྱི་ལོ་༡༩༨༩སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་དགུང་ལོ་རེ་བཞི་བཞེས་པའི་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས་སོ། །
    མདོར་ན་དེང་གི་ཆར་ཟིང་ཆུ་ཤར་ཁོག་ཡུལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཅུང་ཟད་དར་རྒྱས་སུ་གནས་པ་འདི་ཡང་དམ་པ་གང་གི་བཀའ་དྲིན་ཁོ་ན་ལས་གྲུབ་པ་ཡིན་ལ། ཁྱད་པར་དུ་དགའ་མལ་དགོན་ཆེན་ན་བཤད་སྒྲུབ་ཀྱི་བསྟན་པ་སླར་ཚུགས་ནས་ད་ལྟའི་བར་དུ་རྒྱུན་གནས་སུ་ཆགས་པ་དེ་ཡང་དམ་པ་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ནི་སྨོས་སུ་མེད་དོ། །
    ཁོང་གི་དངོས་སློབ་ཀྱང་མདོ་དབུས་ཁམས་གསུམ་ཀུན་ལ་ཁྱབ་ནས་ཡོད་ཅིང༌། ཁྱད་པར་ད་ལྟའི་ཆར་ཤར་ཁོག་གི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བླ་སྤྲུལ་དང་མཁན་པོ་དེ་བཞིན་དགེ་བཤེས་སོགས་ཡོད་ཚད་ཀྱང་ཁོང་གི་དངོས་སློབ་བམ་ཡང་སློབ་ཏུ་མ་གྱུར་པ་མེད་སྟེ། མཚན་འགའ་ཞིག་སྨྲོས་ན། རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང༌། དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་བླ་མ་ཚེ་རིང༌། ཁྱུང་པོ་རྩེ་དྲུག་དགོན་པའི་སྤྲུལ་སྐུ་འཇམ་མེ། ལྕགས་མདུད་ཟླ་བ་རྒྱལ་མཚན། ཤར་པ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། རིན་སྤུངས་སྒྲུབ་སློབ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྐྱང་ཚང་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར། ཁོད་པོའི་མཆོག་སྤྲུལ་བོན་མཁར་བླ་མ་སྐལ་བཟང་རིན་ཆེན། དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་སོགས་ནི་དེང་གི་ཆར་རང་ཡུལ་དང་རང་དགོན་ཕྱོགས་སུ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བཞེས་དང་བཞེས་བཞིན་པ་ཤ་སྟག་གོ། །
    ཁོང་གི་གསུང་འབུམ་ལའང་༼ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་འཕྲེང་མཛེས་༽དང༌། ༼གསོ་རིག་སྨན་དཔྱད་རྒྱུད་འབུམ་བྱུང་ཚུལ།༽ ༼བསྡུས་གྲྭའི་རྣམ་བཞག་བློ་གསལ་པད་མོ་བཞད་པའི་ཉི་མ།༽ ༼བསྡུས་གྲྭའི་རྣམ་བཞག་རིགས་ལམ་འདབ་སྟོང་དགའ་ཚལ།༽ ༼རྟགས་རིགས་ཀྱི་རྣམ་བཞག་ཉུང་བསྡུས་ནོར་བུའི་དོ་ཤལ།༽ ༼ཁྱབ་པ་སྒོ་བརྒྱད་ཀྱི་སྐོར་སོགས་ཅུང་ཟད་ཁ་གསལ་དུ་བཀོད་པ།༽ ༼སེམས་ཙམ་པའི་མཚན་ཉིད་གསུམ་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཅུང་ཟད་བཤད་པ།༽ ༼གླེགས་བམ་གཏེར་གྱི་ཁ་བྱང༌།༽ ༼བརྡ་སྦྱོར་སྙིང་པོ་དོན་གསལ།༽ ༼དོན་རྒྱན་སོ་ལྔའི་དཔེར་བརྗོད་རིན་ཆེན་རྒྱན་བཟང༌།༽ ༼མངོན་བརྗོད་ཆུ་སྐྱེས་དོ་ཤལ་བློ་གསལ་དགའ་སྐྱེད།༽ ༼བོན་རྙིང་དང་བོན་ཆོས་དབྱེར་མེད་སྐོར་གྱི་མོལ་མཆིད།༽ ༼གསུང་རྩོམ་ཐོར་བུའི་སྐོར་༽སོགས་ཡོད་པ་རྣམས་ཐམས་ཅད་གསུང་འབུམ་དུ་ཕྱོགས་བསྒྲིགས་ཞུས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༩ལོར་དཔར་དུ་བསྐྲུན་ཡོད།
    ཅེས་པ་འདི་ཉིད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་མཛད་རྣམ་ཆུ་གཏེར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་བྲིས་ཁུལ་བྱས་པ་འདིར་ནོར་སྐྱོན་དང་ཞན་ཆ་ཅི་མཆིས་དམ་པ་གང་ལ་མཐོལ་ཞིང་བཤགས་ལ། དེ་བཞིན་དགེ་བའི་ཆ་ཡང་གང་ཞིག་སྲིད་ཚེ་གྱེར་བསྟན་དར་ཞིང་རྒྱས་པར་སྡོང་བའི་རྒྱུ་རུ་བསྔོ་བར་བྱེད་པ་པོ་ནི་དམ་པ་གང་གི་ཡང་སློབ་ཏུ་གཏོགས་པ་རིན་སྤུངས་ཚུལ་བསྟན་ནམ་པན་ཙ་ཚུལ་ཁྲིམས་བསྟན་འཛིན་དུ་འབོད་པས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སྦྱར་བའོ།། །།
    བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼བོན་སྒོ༽སྤྱིའི་འདོན་ཐེངས་ཉེར་གསུམ་པ་ལས་བཤུས།

  • རྒྱལ་བ་གཤེན་ཚང་། སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད། ཡོངས་འཛིན་རིན་པོ་ཆེའི་བཀའ་གསུང་། ༼བརྙན་ཐུང་།༽

    རྒྱལ་བ་གཤེན་ཚང་། སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད། ཡོངས་འཛིན་རིན་པོ་ཆེའི་བཀའ་གསུང་། ༼བརྙན་ཐུང་།༽

    དམུ་རྒྱལ་གཤེན་གྱི་གདུང་རབས།
    སངས་རྒྱས་གཤེན་རབ་མི་བོ་ཡི། །
    གདུང་རབས་མུ་ཏིག་ཕྲེང་བའི་རྒྱུད། །
    སྐུ་གསུང་ཐུགས་གསུམ་ལ་བསྟིམས་པའི། །
    དམུ་གཤེན་ཡབ་སྲས་སྤྱི་བོར་མཆོད། །
    ད་ལན་དངོས་ཡོད་ཀྱི་འབྲེལ་བ་ཡོད་བསྡད་པ་གཤེན་ཞེས་པའི་རྒྱུད་པ་དེ་ནི་སྟོན་པ་གཤེན་རབ་ཀྱི་རྒྱུད་པ་ཡིན་པ་ཧ་གོ་གོ་ཁ་རེད། སྟོན་པ་གཤེན་རབ་ནི་རྫོགས་པའི་སངས་རྒྱས་འཛམ་གླིང་འཇིག་རྟེན་འདི་ན་འཁྲུངས་བསྡད་པ་དེ་རེད། སྐུ་ཡིས་བཀོད་པ་མཛད་ནས་སྤྲུལ་པའི་སྐུ་དེ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཚང་མའི་ངོར་སྟོན་བསྡད་པའི་སྟོན་པ་གཤེན་རབ་དེ་རེད། མིའི་འདུལ་སྐལ་ལ་སྟོན་བསྡད་པ་སྟོན་པ་ཁྲི་གཙུག་རྒྱལ་བ་དང་། སྟོན་པ་གཤེན་རབ་ཀྱིས་རྣམ་འབྱོར་འདྲ་མི་འདྲ་བྱེད་ནས་སྐུ་ཚེ་གཅིག་ལ་མཛད་པ་བཅུ་གཉིས་མཛད་དུས། ཞི་རྒྱས་དབང་དྲག་གི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་བསྡད་པ་དེ་རེད། དེའི་རྒྱུད་པ་བྱས་པ་ཡིན་ན་སྐུ་ཡི་གདུང་རྒྱུད་ཀྱི་བརྒྱུད་པ་དེ་དམུ་རེད། དམུ་ནི་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གི་ནང་ནས་གཤེན་ལྷ་འོད་དཀར་གྱི་བྱིན་གྱིས་བརླབས་པའི་གདུང་རྒྱུད་རེད་ལབ་རེད། གཤེན་ལྷ་འོད་དཀར་གྱི་བྱིན་གྱིས་བརླབས་པའི་གདུང་རྒྱུད་དེ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་ནང་ནས་གསས་ཆེན་རིགས་ལྔའི་བྱིན་གྱིས་བརླབས་པའི་གདུང་རྒྱུད་ལྔ་ཡི་གཙོ་བོ་དེ་གཤེན་རེད། དེ་ནས་བཟུང་རིམ་པ་བཞིན་དུ་སྟོན་པ་སངས་རྒྱས་ཀྱི་གདུང་རྒྱུད་འཛིན་མཁན་ཀོང་ཚ་དབང་ལྡན་གྱིས། དེ་ནས་མར་རིམ་པ་བཞིན་དུ་ནམ་མཁའ་སྣང་བ་མདོག་ཅན་རེད། སྣང་བ་མདོག་ཅན་ནི་བོད་ཀྱི་རྒྱལ་པོ་མུ་ཁྲི་བཙན་པོའི་མཆོད་གནས་གྱིས། དེ་རྒྱལ་གཤེན་མཆོད་ཡོན་གཉིས་ལབ་དུས། སྦྱིན་བདག་ནི་མུ་ཁྲི་བཙན་པོ་དང་། བླ་མ་ནི་ནམ་མཁའ་སྣང་བ་མདོག་ཅན་རེད། དེ་འདྲ་བྱས་ནས་མར་རིམ་པ་བཞིན་དུ་བསྟན་པའི་བྱུང་རིམ་བཞིན་དུ་བྱུང་། དེ་ནས་ཞང་ཞུང་སྙན་རྒྱུད་ཀྱི་ནང་ནས་འཇའ་ལུས་པ་མང་པོ་ཞིག་བརྒྱུད་པ་དམུ་ཡིན་མཁན་དང་། དེ་ནས་མར་རིམ་པ་བཞིན་དུ་ཞང་ཞུང་གི་ཡུལ་ལ་ཁྱུང་པོ་དང་། དམུ་དང་། གཤེན་སོགས་དེ་འདྲ་མང་པོ་ཞིག་བྱུང་ཟིན་པ་རེད། གོ་ཚོད་ཅིག་བྱེད་དུས།
    དེ་ནས་དུས་ཀྱི་འཕོ་འགྱུར་མང་པོ་ཞིག་བྱུང་ཚར། དེ་འདྲ་བྱེད་དུས་བར་མཚམས་ཞིག་ལ་གཤེན་ཀླུ་དགའ་སྐད་གྲགས་ཆེན་པོ་བྱུང་བ་རེད། དེའི་ཚུན་ཆད་ནས་བླ་མ་རྩལ་ཆེན་པོ་མང་པོ་བྱོན་པ་རེད། སྤྱིར་བཏང་རྒྱུད་འཛིན་གྱི་དབང་དུ་བྱས་པ་ཡིན་ན་ཀླུ་དགའ་ལ་སྲས་བྱང་ཆུབ་རྒྱལ་མཚན་དང་། རིན་ཆེན་རྒྱལ་མཚན་གཉིས་བྱུང་བ་རེད། དེ་གཉིས་སྐུ་ན་ཆུང་ངུའི་དུས་ཀླུ་དགའ་ཁོང་རིག་དགོངས་པ་རྫོགས་སོང་བ་རེད། དེ་དུས་གཏེར་མའི་ཡི་གེ་ཚང་མ་དེ་ཞུ་ཡས་ལེགས་པོ་ལ་བཅོལ། ཞུ་ཡས་ལེགས་པོ་ལ་གསུང་རྒྱུར་ཕྲུག་གུ་གཉིས་པོས་ཡི་གེ་བདག་པོ་ཐུབ་ཀྱི་མ་རེད། ད་ལྟ་ཁྱོད་ཀྱིས་བདག་པོ་རྒྱོབ། ཕྲུག་གུ་གཉིས་པོ་ཆེན་པོ་ཆགས་དུས་ཕར་གནང་དགོས་རེད་གསུངས་པ་རེད། ཞུ་ཡས་ལེགས་པོས་གཏེར་མ་ཚང་མ་དག་འདོད་བྱས་ནས་དཔེ་ཡག་པོ་བཤུས། དེ་ནས་ཕྲུ་གུ་གཉིས་པོ་ཡར་ཆེན་པོ་ཚར་དུས་ཁོང་གཉིས་ལ་ཞུ་ཡས་ལེགས་པོས་གསར་པ་དེ་དགོས་སམ། གཏེར་ཤོག་དགོས་གསུང་དུས། ཕྲུག་གུ་གཉིས་ཀྱིས་གསར་པ་དེ་དགོས་ལབ་ནས་བདམས་པ་རེད་ཟེར་བགྲོས་ཡོད་རེད། དེ་ཚུན་ཆད་ནས་བླ་རྒྱུད་ཀྱི་དབང་དུ་བྱས་པ་ཡིན་ན་ཞིབ་ཞིབ་པ་ཚང་མ་གཤེན་ཚང་གི་བླ་རྒྱུད་རྣམ་ཐར་ཡོད་རེད། བླ་མ་མང་པོས་མཛད་བཞག་པའི་རྣམ་ཐར་ཡོད་རེད། དེ་ཚོའི་ནང་ཤེས་ཀྱི་རེད། དེའི་ནང་ནས་དངོས་ཡོད་ང་རང་ཐུག་མྱོང་ས་དང་། མཇའ་མྱོང་ས། དབང་ཞུ་མྱོང་ས་ནི་གཤེན་འཛམ་གླིང་རིན་པོ་ཆེ་རེད། མ་རྒྱུད་དབང་ཞུ་མྱོང་། དེ་མ་འོངས་ལུང་བསྟན་སྲིད་པ་རྒྱུད་ཀྱི་ཁ་བྱང་ནང་ལ་དམུ་རིགས་ཀྱི་གདུང་རྒྱུད་ཉག་ཕྲ་མོ་བྱུང་། དེ་དུས་གདུང་རྒྱུད་ཆད་པ་འདྲ་ཡང་ཆད་མི་སྲིད་གསུངས། དྲན་པ་ནམ་མཁའ་ཁོང་རིགས་ཀྱིས་གསུངས་པ་རེད་ལབ་ནས་ངའི་བླ་མས་གསུངས་མྱོང་། ཡི་གེ་ནང་ལའང་དེ་འདྲ་འདུག དེ་དུས་འཛིན་སྐྱོང་བྱེད་མཁན་རྒྱུད་འཛིན་དེ་སྐུ་ཤ་སྨུག་ལ་གཟི་བརྗིད་ཆེ། དེ་འདྲ་གསུངས་འདུག དེ་ཚོ་ཐམས་ཅད་དངོས་གནས་ཧ་ལས་པ་རེད། ངའི་བླ་མས་ཀྱང་འགྲེལ་བཤད་མང་པོ་གནང་མྱོང་། འཛམ་གླིང་རིན་པོ་ཆེ་ངེད་ཚོ་གནམ་མཚོ་ཁ་ལ་དགུན་ཐོག་གཅིག་གི་རིང་གནས་ཚང་གཅིག་པ་བྱས་ནས་བཞུགས་མྱོང་། དེའི་སྲས་ཐུགས་རྗེ་ཉི་མ་རེད། དེའི་སྲས་ད་ལྟའི་བར་སྲས་རྒྱུད་མ་ཆད་པར་དངོས་གནས་ཡོད་བསྡད་པ་འདི་ཚོ་ཐམས་ཅད་དུས་སྐབས་དེའི་ནང་ལ་གདུང་རྒྱུད་མ་ཆད་པ་བྱས་ནས་གསོན་པོ་བཞུགས་ཐུབ་པ་ནི་ཤིན་ཏུ་སྐལ་པ་བཟང་པོ་རེད།

    གདུང་རྒྱུད་མ་ཆད་པ་དངོས་གནས་ལུང་བསྟན་ཡོད་པ་དེ་བ་ནང་བཞིན་ཡིན་རྒྱུ་རེད་བསམ་ནས་རང་གིས་ཡིད་ཆེས་དང་། དད་པ་བསམ་གྱིས་མི་ཁྱབ་པ་ཡོད། དེ་འདྲ་བྱེད་དུས་ང་ཚོ་བོན་པོ་ཐམས་ཅད་སྐལ་པ་བཟང་པོ་ཡིན་གྱི་རེད་བསམ་བསམ་རེད། དེང་སང་ཞིབ་འཇུག་བྱེད་མཁན་ཐམས་ཅད་ཧ་མི་གོ། སྟོན་པ་གཤེན་རབ་རྩལ་ཆེན་རེད་ལབ་ཀྱི་ཡོད་མེད་མི་ཤེས། དེ་མིན་གཤེན་ཚང་ནི་རྩལ་ཆེན་པོ་ག་ཚད་ཡིན་མིན་སུ་གང་གིས་ཚད་བཞག་ཤེས་་ཀྱི་མ་རེད། དེ་ལས་ལྷག་པ་སུ་ཡོད། སྟོན་པ་གཤེན་རབ་ཀྱི་རྒྱུད་པ་རེད། དད་པ་མི་འཇོག་མཁན་ནི་མི་འཇོག་མཁན་རེད། སྟོན་པ་སངས་རྒྱས་ལའང་མི་བརྩི་མཁན་དང་། དད་པ་མི་འཇོག་མཁན་ཡོད་ཀྱི་རེད། དེང་སང་ཞིབ་འཇུག་བྱེད་མཁན་མང་སོང་དུས། འདྲ་མི་འདྲ་ལབ་ཀྱི་ཡོད་རྒྱུ་རེད། ཅི་ཤེས། ང་རང་གིས་བསམ་པ་བྱས་ན་དེ་ལས་ལྷག་ཅིག་མེད་པ་ནི། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ལབ་དགོས་ན་སངས་རྒྱས་ཀྱི་གདུང་རྒྱུད་རེད། དེ་ལས་ལྷག་ཅིག་སུས་ཅི་རྫོ། རྩལ་ཆེ་མི་ཆེ་བཤད་དགོས་ན་སུས་བཤད་ཤེས། དེ་ཚོ་ཐམས་ཅད་ལ་དད་པ་དམ་ཚིག་མ་ནོར་བར་བྱེད་དགོས་རེད་མ་གཏོགས་དེང་སང་དུསཀྱི་འགྱུར་བ་རེད། ཕྱི་རེད། ནང་རེད། འདྲ་མིན་མང་པོ་ཞིག་བཤད། ཡར་མར་གོ་ཚད་ཚང་མ་ལ་ཆག་འཇོག་དང་། བློ་བཀལ། རྗེས་འཛིན་བྱེད་ཚོད་ཅི་ཡོད་ས་མ་རེད། ཚང་མས་དེ་ཚོ་ལ་དད་པ་བཞག། མོས་པ་བྱེད་ཀྱི་ཡིན་ན་བསོད་ནམས་བསགས་པ་རེད་བསམ་གྱིན་འདུག སྤྱི་བཏང་ཚང་མས་ཧ་གོ་གོ་ཁ་རེད། བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་ཟེར་བ་ལྟར། ཚང་མས་ཏོག་ཙམ་ཉམ་ཐག་ས་དང་། བསྟན་པ་ཉག་ཕྲ་ས་ཐམས་ཅད་ལ་མཐུན་རྐྱེན་བྱེད། ད་ལྟ་ཕར་ལྟ་འདུག་ས་ལ་གང་ལ་གང་འཚམས་ཤིག་ཚང་མས་ཧ་རུབ་སྦ་རུབ་བྱེད་ཀྱི་འདུག་བསམ་བསམ་རེད། དགོན་པ་ཐམས་ཅད་རང་རང་སོ་སོའི་ནང་ལ་ག་ཚད་ཐུབ་ཐུབ་ཀྱིས་བཤད་གྲྭ་རེད། སྒྲུབ་གྲྭ་རེད་བྱེད་ཀྱི་འདུག མཐའ་ག་ཚད་བུད་ཡོང་ཅི་ཤེས་ཀྱང་། བསམ་སྟངས་དེ་དཔེ་ཡག་པོ་རེད་བསམ་ཀྱི་འདུག དེ་ཚོ་ཐམས་ཅད་ནི་མགོ་རིལ་རིལ་བྱས། མིང་བསྒྱུར་བྱས་ཚར་དུས་ཚང་མས་སློབ་པ་སློབ་གཉེར་བྱེད་ཀྱི་ཡིན་ན་དཔེ་ཡག་པོ་ཡོང་གི་རེད།
    མཆན། རྒྱལ་བ་གཤེན་གྱི་གདུང་རབས་སྐོར་གྱི་གསུང་འཕྲིན་འདི་ཉིད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ཇི་ལྟར་གསུང་འཕྲིན་གནང་བ་ཡིག་ཐོག་ཏུ་ཕབ་པ་ལྟར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་འཇིག་རྟེན་འདིར་སྐུ་སྐྱེ་བ་བཞེས་ནས་བགྲངས་བྱ་ ༡༨༠༣༥ ཧྲིལ་པོ་འཁོར་བའི་དུས་ཆེན་ཉིན་མོ་དང་བསྟུན་མེ་ལོང་ཡེ་ཤེས་དྲྭ་རྒྱ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༡ ཚེས་ ༣༡ ཉིན་སྤེལ།
    པར། འབྲེལ་ཡོད་འཕྲིན་ལམ་ནས་བྱུང་།

  • བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་གྱི་བཅར་འདྲི།

    བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་གྱི་བཅར་འདྲི།

    བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་༼བོད་ལྗོངས་བཤད་གྲྭ་༽ལེ་ཚན་གྱིས་བོད་རིག་པའི་མཁས་དབང་དོན་གྲུབ་ལྷ་རྒྱལ་ལགས་ལ་བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་ལ་བཅར་འདྲི་གནང་བ།

  • ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།

    ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།

    གླེང་གཞི། ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།
    གླེང་མོལ་བ། རིན་སྤུངས་ཚུལ་བསྟན།
    བཅར་འདྲི་བ། མདོ་འཛིན་པ་ལྷ་དཔལ།
    འཕྲིན་ལམ། ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན།
    དྲ་གནས། http://v.youku.com/v_show/id_XMTgxNTg1OTUxMg==.html#paction

  • མཁས་དབང་ཚེ་རིང་ཐར་ལགས་ལ་ཞང་ཞུང་སྐོར་ལ་བཅའ་འདྲི་གནང་བ།

    མཁས་དབང་ཚེ་རིང་ཐར་ལགས་ལ་ཞང་ཞུང་སྐོར་ལ་བཅའ་འདྲི་གནང་བ།

    ཞང་ཞུང་རིག་གནས་ནི་བོད་ཀྱི་རིག་གནས་ཏེ། བོད་རིག་གནས་ཀྱི་སྔ་རབས་ཀྱི་རྣམ་པ་དང་འབྱུང་རྩ་ཡིན།__བོད་རིག་པའི་ཆེད་མཁས་ཚེ་རིང་ཐར་ལགས་ནས།
    ང་ཚོའི་དྲ་ངོས་ནས་གཟིགས་མ་ཐུབ་ཚེར་གཤམ་གྱི་དྲ་གནས་སུ་ཕེབས་རོགས།http://www.iqiyi.com/v_19rrl59qdk.html?dummy=&wx_uid1=wxidoG0a9jnqbELf2ELSkzd1lBzCmnBc&wx_uid2=wxidoG0a9jioYykNBR5c5BSRyd5bBFv8

  • སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གླེང་བ།

    སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གླེང་བ།

    བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷ་བྱམས་ལགས་དང་སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གྱི་ཁ་བརྡ།

  • སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལོ་སར་ཤིས་ཚིག

    སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལོ་སར་ཤིས་ཚིག

    ༧སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་རིན་པོ་ཆེས་གཤེན་གྱི་འབྱུང་ལྡན་༣༠༡གཅིག་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ལོ་སར་ལ་གནང་བའི་༼ བཀའ་སློབ་བྱིན་རླབས་མྱུར་འཇུག ༽ཞེས་པ་འདི་ཆེད་དུ་ངེད་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་དག་གིས་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་ལོ་སར་གྱི་འཚམས་འདྲིའི་ཆེད་དུ་ཐོག་མའི་ལེགས་སྐྱེས་སུ་ཕུལ་བ་ཡིན། ཞེས་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་ཐུན་མོང་ནས།

དེ་ལས་མང་>>བརྙན་ཟློས།

  • རྗེས་དྲན་སེམས་ཀྱི་གཤེན་དབྱངས།

    རྗེས་དྲན་སེམས་ཀྱི་གཤེན་དབྱངས།

    རྗེས་དྲན་སེམས་ཀྱི་གཤེན་དབྱངས།
    ཇུས་འགོད་པ། གཤེན་སྲས་ཤེས་རབ་ཚེ་དབང་།
    ཚིག །བློ་གྲོས་ཉི་མ།
    དབྱངས། བཀྲ་ཤིས་ཚེ་བརྟན།
    ལེན་མཁན། གངས་དཀར་མཚོ།
    བཟོ་སྐྲུན་པ། ཚེ་རིང་སྟོབས་ལྷ།

    ས་ཆེན་གོ་ལའི་ཞིང་གི། །
    གཡུང་དྲུང་བོན་གྱི་གཙུག་རྒྱན། །
    ལུང་རྟོགས་བསྟན་པའི་མཛོད་འཆང་། །
    གཤེན་སྲས་ནོར་བུ་དབང་རྒྱལ། །
    དམུ་གཤེན་ལགས།
    བོན་གྱི་སྐྱབས་མགོན།

    འགྲོ་ཀུན་འདྲེན་པའི་དེད་དཔོན། །
    ཁྱེད་སྐུའི་མཚན་དཔེའི་འཛུམ་ཞལ། །
    ཞིང་ཁམས་གཞན་དུ་གཤེགས་པས། །
    བྱམས་བརྩེའི་གཟི་བྱིན་དྲན་བྱུང་། །

    དམུ་གཤེན་ལགས།
    བོན་གྱི་སྐྱབས་མགོན།
    
བྱམས་བརྩེའི་གཟི་བྱིན་དྲན་བྱུང་། །

    རྒྱལ་གཤེན་བསྟན་པའི་མངའ་བདག །
    ཁྱེད་སྐུ་གསེར་གྱི་ལྷུན་པོ། །
    འཛམ་གླིང་བོན་འབངས་ཡོངས་ཀྱིས། །
    བཀའ་དྲིན་སྙིང་ནས་དྲན་བྱུང་། །
    དམུ་གཤེན་ལགས།
    བོན་གྱི་སྐྱབས་མགོན།

    བཀའ་དྲིན་སྙིང་ནས་དྲན་བྱུང་། །
    
བཀའ་དྲིན་སྙིང་ནས་དྲན་བྱུང་། །

  • གཤེན་གྱི་གདན་ས་ཆེན་མོ།

    གཤེན་གྱི་གདན་ས་ཆེན་མོ།

    སྤྱི་ཕུད་རྒྱལ་བ་གཤེན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེ་དང་ཕོ་བྲང་གསེར་སྒོ་ཕྲ་མོ་གཉིས་སུ་སྟོན་པའི་འཁྲུངས་མཆོད་འཚོགས་ཚུལ་སྐོར་གྱི་བརྙན་བསྡུས་བཞུགས་སོ། །

  • རྫ་དགེ་བཤེས་ཚེ་དབང་བསྟན་འཛིན་ལུང་སྐྱ་དགོན་སོགས་སུ་གཞན་སྟོང་དབུ་མའི་དམ་བཅའི་མཛད་སྒོར་ཕེབས་པའི་སྐོར།

    རྫ་དགེ་བཤེས་ཚེ་དབང་བསྟན་འཛིན་ལུང་སྐྱ་དགོན་སོགས་སུ་གཞན་སྟོང་དབུ་མའི་དམ་བཅའི་མཛད་སྒོར་ཕེབས་པའི་སྐོར།

    མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་རྫ་དགེ་བཤེས་ཚེ་དབང་བསྟན་འཛིན་མཆོག་མགོ་ལོག་ལུང་སྐྱ་དགོན་དང་གཙང་སྐོར་ཞོལ་མ་དགོན་སོགས་སུ་གཞན་སྟོང་དབུ་མའི་དམ་བཅའི་མཛད་སྒོར་ཕེབས་པ།

  • ཟིང་ཆུ་སྣང་ཞིག་དགོན་དུ་མཉམ་མེད་དུས་ཆེན་འཚོགས་པའི་ཁམས་འཕྲིན་གསར་འགྱུར།

    ཟིང་ཆུ་སྣང་ཞིག་དགོན་དུ་མཉམ་མེད་དུས་ཆེན་འཚོགས་པའི་ཁམས་འཕྲིན་གསར་འགྱུར།

    ཟིང་ཆུ་རྫོང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་དུ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་ལོ་ངོ་དྲུག་བརྒྱ་རེ་གསུམ་འཁོར་བའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བའི་གནས་ཚུལ་དང་།. ཁྱད་པར་དུ་༧སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་དེ་དད་ལྡན་སྐྱ་སེར་ཡོངས་ནས་༧རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་སྐུ་བརྙན་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་སྐུ་བརྙན། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་སྐུ་ང་འདྲ་མ་སོགས་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་དུ་གདན་ཞུ་གནང་བའི་མཛད་སྒོ་སོགས་སྤེལ་བའི་གནས་བསྡུས། ཁམས་པའི་བརྙན་འཕྲིན་གྱི་འཕྲིན་ལམ་དུ་བསྟན་པའི་སྐོར་གྱི་གནས་ཚུལ་བརྙན་གཟུགས་འདིར་བརྒྱུད་འགོད་ཞུས་ཡོད།

  • ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་གསར་འགྱུར།

    ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་གསར་འགྱུར།

    སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་.མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པའི་གསར་འགྱུར་དང་བཅར་འདྲི་སྐོར་གྱི་གནས་བསྡུས་ཤིག. གནས་ཚུལ་རྒྱས་པ་གང་མགྱོགས་ངེད་ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་འགོད་རྩིས་ཡོད།

  • རྒྱལ་རོང་འཇུར་གམ་སཱཙྪ་ངོ་སྤྲོད།

    རྒྱལ་རོང་འཇུར་གམ་སཱཙྪ་ངོ་སྤྲོད།

    རྒྱལ་རོང་འཇུར་གམ་སཱཙྪ་ངོ་སྤྲོད།

  • བོན་གྱི་ལོ་རྒྱུས་ངོ་སྤྲོད་འགྲེམ་སྤེལ། ཁམས་པའི་བརྙན་འཕྲིན།

    བོན་གྱི་ལོ་རྒྱུས་ངོ་སྤྲོད་འགྲེམ་སྤེལ། ཁམས་པའི་བརྙན་འཕྲིན།

    དེ་ཡང་སྤྱི་༢༠༡༧ལོའི་ཟླ་བ་༤བའི་ཚེས་༩ཉིན་གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁམས་བྲག་མགོ་གཞི་རིང་དགོན་པའི་མཁན་པོ་བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་རྒྱ་ཡིག་ལམ་ནས་བྲིས་པའི་དེབ་གསར་《བོན་གྱི་ལོ་རྒྱུས་ངོ་སྤྲོད》འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་གི་འཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཁང་ཆེན་མོར་ཁྲིན་ཏུའུ་གྲངས་ཉུང་མི་རིགས་རིག་གནས་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་དུ་འཚོགས་སྐབས་ཀྱི་གནས་ཚུལ་ཁམས་པའི་བརྙན་འཕྲིན་གསར་འགྱུར་དུ་བསྟན་པ།

  • ཞང་ཞུང་སྒོ་པའི་ལྟེ་གནས་ཤེལ་ལེ་རྒྱ་སྐར་གླིང་གི་དངོས་བྱུང་ལེའུ་ཚན།

    ཞང་ཞུང་སྒོ་པའི་ལྟེ་གནས་ཤེལ་ལེ་རྒྱ་སྐར་གླིང་གི་དངོས་བྱུང་ལེའུ་ཚན།

    རྩེ་དྲུག་དགོན་ནི། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་ཕྱི་མའི་ལྟེ་བ་སུམ་པ་གླང་གི་གྱིམ་ཤོད་ཁྱུང་པོ་རི་རྩེ་དྲུག་ཞེས་པ་དེ་ཉིད་ཡིན་ལ། སྔར་བོད་རྒྱལ་མུ་ཁྲི་བཙན་པོས་ཞང་བོད་ཀྱི་ཡུལ་དུ་འདུ་གནས་སོ་བདུན་ཕྱག་བཏབ་པའི་ནང་ཚན་སྒོ་པ་ཤེལ་ལེ་རྒྱ་སྐར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱང་ཡིན་ཞིང་། ད་བར་མ་མཐའ་ཡང་མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད་གནའ་རབས་ནས་བཟུང་ཞང་བོད་ཀྱི་རྒྱལ་རབས་རིམ་བྱུང་དང་མཐོ་སྒང་འགྲོ་བ་ཡོངས་ཀྱིས་ཐུན་མོང་ཐོག་དད་གུས་དང་མཆོད་བསྟོད་སོགས་ཕྱག་སྐོར་ཉམས་ལེན་དང་དགེ་སྒྲུབ་སྡིག་སྤང་བྱེད་ཡུལ་གནས་མཆོག་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱས་ཤིང་གནས་དགོན་འདི་ཉིད་ལ་བརྟེན་ནས་མཁས་ཤིང་གྲུབ་པ་ཐོབ་པའི་ལོ་རྒྱུས་དང་རྣམ་ཐར་ཡང་བརྗོད་ལས་འདས།

  • གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན།

    གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན།

    ཁམས་པའི་བརྙན་འཕྲིན་ཁང་གི་༼འཆི་མེད་གླེང་མོལ་༽ཞེས་པའི་ལེ་ཚན་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་གླིང་གི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ལ་༼གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན༽ཞེས་པའི་བརྗོད་གཞིར་བཟུང་སྟེ་དུས་རབས་བདུན་པའི་ཡར་སྔོན་གྱི་ཞང་ཞུང་གི་ཤེས་རིག་དང་བོད་རིག་པའི་སྐོར་ལ་བཅར་འདྲི་གནང་བ།
    ཁམས་པའི་བརྙན་འཕྲིན་དྲ་བ།http://tb.kangbatv.com/KBTV2014_WSJM/KBTV2014_QMSJ/201607/t20160727_2877033.html

དེ་ལས་མང་>>གཞས་དབྱངས།

  • ཞང་བོད་གནས་བྲོ། སྒོར་གཞས།

    ཞང་བོད་གནས་བྲོ། སྒོར་གཞས།

    ཞང་བོད་གནས་བྲོ།
    ཚིག །ཤིང་རོང་བསྟན་པ།
    གླུ་བ། ཤིང་ཚེ་རྒྱལ། ཤིང་རོང་དཔལ་འཛོམས།
    དབྱངས། ཤིང་རོང་དམངས་འཁྲོད།

    ཕོ ཨེ་མ་ཧོ། སྟོད་གངས་དཀར་སོ་ཤེལ་གྱི་མཆོད་རྟེན་རེད།
    ཨེ་མ་ཧོ། ཤེལ་གྱི་མཆོད་རྟེན་རེད། ཡར་འགྲོ་བསོ།
    མོ ཨེ་མ་ཧོ། འདི་བོན་གཤེན་སོ་རིག་འཛིན་བཞུགས་གནས་རེད།
    ཨེ་མ་ཧོ། བོན་གཤེན་བཞུགས་གནས་རེད། ཡར་འགྲོ་བསོ།

    ཕོ ཨེ་མ་ཧོ། བར་གནས་མཆོག་སོ་ཀོང་པོ་བོན་རི་རེད།
    ཨེ་མ་ཧོ། ཀོང་པོ་བོན་རི་རེད། ཡར་འགྲོ་བསོ།
    མོ ཨེ་མ་ཧོ། འདི་སྒྲིབ་པ་སོ་སྦྱང་སའི་མཆོད་གནས་རེད།
    ཨེ་མ་ཧོ། སྦྱང་སའི་མཆོད་གནས་རེད། ཡར་འགྲོ་བསོ།

    ཕོ ཨེ་མ་ཧོ། སྨད་ཞང་ཞུང་སོ་སྒོ་པའི་ལྟེ་གནས་རེད།
    ཨེ་མ་ཧོ། སྒོ་པའི་ལྟེ་གནས་རེད། ཡར་འགྲོ་བསོ།
    མོ ཨེ་མ་ཧོ། འདི་བོན་བསྟན་སོ་དར་སའི་ལྟེ་བ་རེད།
    ཨེ་མ་ཧོ། དར་སའི་ལྟེ་བ་རེད། ཡར་འགྲོ་བསོ།


    ཕོ ཨེ་མ་ཧོ། ལྷོ་རོང་ལྷ་སོ་རྒྱལ་མཚན་ཆེན་མོ་རེད།
    ཨེ་མ་ཧོ། རོང་ལྷ་རྒྱལ་མཚན་རེད། ཡར་འགྲོ་བསོ།
    མོ ཨེ་མ་ཧོ། འདི་རོང་ཡུལ་སོ་སྐྱིད་པའི་ས་ཆ་རེད།
    ཨེ་མ་ཧོ། སྐྱིད་པའི་ས་ཆ་རེད། ཡར་འགྲོ་བསོ།
    བོད་ཡུལ་ཁྲི་སྐོར་བསུམ།
    ཚིག། ཤིང་རོང་བསྟན་པ།
    དབྱངས། ཤིང་རོང་དམངས་གཞས།
    གླུ་བ། ཤིང་ཚེ་རྒྱལ། ཤིང་རོང་དཔལ་འཛོམས།

    གནས་རྩ་གསུམ་གོ་ལའི་རྩེ་མོ་རུ། །
    ཕོ་དགྲ་བླ་ཅན་གྱི་འཁྲུངས་ཡུལ་ཡོད། །
    སྟོད་མངའ་རིས་སྐོར་གསུམ་ལྷ་ཡི་ཞིང་། །
    འདི་གངས་ཅན་བོད་པའི་ཕ་ཁྱིམ་རེད། །

    བོད་མེས་པོ་ཚང་གི་རིག་གཞུང་འཁྱིལ། །
    མ་མཁའ་འགྲོ་སྟོང་གི་སྒྲུབ་གནས་ཡོད། །
    བར་དབུས་གཙང་རུ་བཞི་ཆོས་ཀྱི་ཞིང་། །
    འདི་གདོང་དམར་ཚང་གི་མཆོད་གནས་རེད། །

    ལྷོ་འཛམ་བུ་གླིང་གི་ཡུལ་གྲུ་རུ། །
    རྟ་མདོ་བ་སྟོང་གི་ཕ་ས་ཡོད། །
    སྨད་མདོ་ཁམས་སྒང་དྲུག་ས་ཡི་ལྗོངས། །
    འདི་མཐོ་སྒང་བོད་པའི་ཀྱི་གནས་ཡུལ་རེད། །

    གནས་ཤེལ་བྲག་གླིང་གི་ཤར་ཕྱོགས་སུ། །
    གླུ་པི་ཝང་སྟོང་གི་མཆོད་པ་ཡོད། །
    འདི་ཤིང་རོང་ལུང་པའི་ཁྱད་བོན་ཡིན། །
    འདི་མི་རིགས་རང་གི་སྲོལ་རྒྱུན་རེད།

    དུས་དི་རིང་འཛོམས་པའི་བྲོ་ར་ནང་།
    གཟུགས་ལང་ཚོ་ཅན་གྱི་བུ་མོ་ཡོད། །
    ལུས་ཉམས་འགྱུར་ཅན་གྱི་སྟག་ཤར་ཡོད།
    ཁྱེད་གཞོན་ནུ་རྣམ་ལ་བཀྲ་ཤིས་ཤོག།

    གཙོ་སྒྲུབ་པ། ཤིང་རོང་བསྟན་པ།
    འགན་འཛིན། ཤིང་ཚེ་རྒྱལ། སྒྲོལ་མ་མཚོ་མོ།
    སྒྲ་ལེན་པ། སྟེང་ཆེན་རྡོ་རྗེ།
    བརྙན་ལེན་སྒྲིག་བཟོ་པ། ཉི་ཟླ་བཀྲིས། ལྷོ་རིག་ལྕེ།
    ཡིག་བསྒྱུར་པ། དབལ་ཁྱུང་བསོད་ནམས།
    ཞུ་དག་པ། ཁྲ་འཛུམ་དགའ།
    སྦྱིན་བདག །ལྷ་ས་ཡོད་པའི་ཆུ་ཤིང་རོང་གི་ལྷ་སྡེ་རྣམས།
    བཀའ་དྲིན་ཞུ་ཡུལ།
    སྦྲ་ཆེན་ཟླ་བཟང་། སྦྲ་ཆེན་ལྷག་པ།
    ལྷོ་རིག་ལྕེ་ ཉི་ཟླ་བཀྲིས། ཁྲ་འཛུམ་དགའ།
    འབྲེལ་ཡོད་ཀྱི་གླུ་བ་གླུ་མ།
    ཤིང་རོང་སྒྲོན་མའམ་སེམས་ཀྱི་ཞིང་ཁམས།

  • ཞི་བདེའི་སྨོན་ལམ་ཆེན་མོ།༼ གླུ་གཞས་བདམས་བཀོད།༽

    ཞི་བདེའི་སྨོན་ལམ་ཆེན་མོ།༼ གླུ་གཞས་བདམས་བཀོད།༽

    གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་གླུ་གཞས་རྡུང་ལེན་ཆེད་བསྒྲིགས་སྐོར།
    ༡ ༽ ཞི་བདེའི་སྨོན་ལམ་ཆེན་མོ།
    ཚིག ཀ་ཤུལ་བསོད་རིན།
    དབྱངས། བསྟན་འཛིན་ཟླ་བ།
    གཞས་མ། དུང་དཀར་མཚོ།

    ཞང་ཞུང་གངས་ཀྱི་ལྷུན་པོ།།
    ཡིད་ལ་ཝ་ལེར་བསམ་སྟེ།།
    ཁམས་ནས་སྟོད་ལ་ཐོན་དུས།།
    གཤེན་རབ་སྟོན་པ་དྲན་སོང་།།
    བདག་གི་འགྲོ་བ་དྲུག་པོར།།
    ཐུགས་ཀྱིས་ཕ་མ་ལྟ་བའི།།
    བྱང་ཆུབ་སེམས་ཀྱི་དཀོན་མཆོག།
    གངས་རིའི་སྟོན་པ་ཁྱོད་ཡིན།།

    གཡུང་དྲུང་ཀ་བ་རིང་མོ།།
    འགྱུར་མེད་ཏི་ཙེ་ལྷུན་པོར།།
    བདག་གི་གཤེན་རབ་ཨེ་བཞུགས།།
    མ་ཕམ་མཚོ་ལ་དྲིས་ཚེ།།
    རྒྱལ་བསྟན་གསེར་གྱི་བྱེད་པོ།།
    ལྷུན་རྫོགས་གངས་ཀྱི་སྟོན་པ།།
    རིག་ལྡན་རྒྱལ་གྱི་འགོ་མར།།
    ཞང་ཞུང་སྟོད་ནས་འཁྲུངས་ཟེར།།

    ཉི་མའི་ཁྱིམ་རྒྱུད་འོག་གི།
    ཞང་ཞུང་སྟོད་ཀྱི་ཡུལ་ནས།།
    མདོ་དང་དབུས་ལ་བལྟས་ཚེ།།
    གཡུང་དྲུང་རི་མོའི་སྟེང་ལ།།
    ཞི་བདེའི་སྨོན་ལམ་ཆེན་མོ།།
    ཁྲི་གདུགས་ཉི་མའི་ཚུལ་དུ།།
    ཆུ་དང་ཆར་བའི་ཚུལ་དུ།།
    འགྲོ་བ་དྲུག་ལ་དབང་ཡོད།།

    མཉམ་འབྲེལ་གསེར་གྱི་ཆག་ཤིང་།།
    སྣེ་གཉིས་གཡུང་དྲུང་རང་འཁྱིལ།།
    གངས་ཀྱི་མི་ཕོ་ཞིག་གམ།།
    ས་ཆེན་སངས་རྒྱས་ཤིག་གིས།།
    ཕྱག་དང་ཕྱག་ལ་ཐོགས་ཏེ།།
    མ་གྱུར་འགྲོ་བ་དྲུག་ལ།།
    དབང་བཞིའི་དངོས་གྲུབ་གནང་བ།།
    ཏི་སེ་ལྷུན་པོས་གསུངས་བྱུང་།།
    ༼ གསལ་བཤད། ༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་གླུ་གཞས་རྡུང་ལེན་ཆེད་བསྒྲིགས་སྐོར་གྱི་གླུ་གཞས་རྡུང་ལེན་རྣམས་ཀྱི་དབྱངས་དང་སྒྲ་ལེན་སོགས་ཀྱི་འགྲོ་སོང་ཡོངས་རྫོགས་གླུ་བ་རང་ངོས་ནས་གཏོང་བ་ཡིན་ལ། ལས་གཞི་འདིའང་གླུ་བ་གླུ་མ་རྣམས་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་རེ་བཅོལ་གནང་སྟེ་ཁོང་རྣམ་པས་ཀྱང་འགན་བཞེས་གནང་བ་རེད། ངོས་ལེན་གནང་མཁན་གྱི་གླུ་བ་གླུ་མ་ཡོངས་ལ་ཆེད་དུ་ལྷན་ཚོགས་ངོས་ནས་བཀའ་དྲིན་ལེགས་གསོལ་གྱི་གཟེངས་བསྟོད་ཀྱང་གནང་དང་གནང་བཞིན་པ་ལགས་སོ། །

  • དྲི་བ་དྲིས་ལན། གཞས།

    དྲི་བ་དྲིས་ལན། གཞས།


    གཞས་མིང་། དྲི་བ་དྲིས་ལན།
    ཚིག ཁྱུང་དཀར་ཤེས་རྣམ།
    དབྱངས། དཀོན་མཆོག་རྒྱལ་མཚན།
    ལེན་མཁན། དཀོན་མཆོག་རྒྱལ་མཚན།
    བྱམས་པ་དཔལ་མོ།

  • གཞས་པ་འཆི་མེད་གཡུང་དྲུང་གི་གླུ་གཞས།༼སྐྱོ་དབྱངས།༽

    གཞས་པ་འཆི་མེད་གཡུང་དྲུང་གི་གླུ་གཞས།༼སྐྱོ་དབྱངས།༽

    མདོ་སྨད་ཤར་ཁོག་ཟིང་ཆུ་ཨ་སྟོང་གྲོང་ཚོ་ནས་མཚར་ལོངས་བྱུང་བའི་ན་གཞོན་གླུ་བ་འཆི་མེད་གཡུང་དྲུང་ལགས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པའི་སྐྱོ་གཞས་༼སྐྱོ་དབྱངས༽ཞེས་པ་འདིར་བརྒྱུད་བཀོད་བྱས་ཡོད།
    ཚིག རྒྱལ་ཤེར། གཞས་པ། འཆི་མེད་གཡུང་དྲུང་།
    དབྱངས། དགེ་བྷེ། སྒྲིག་སྦྱོར་བ། ཨ་སྟོང་སྒོར་སྒོར།

  • ཨ་མདོ་ཤར་ཁོག ༼ རྡུང་ལེན། ༽

    ཨ་མདོ་ཤར་ཁོག ༼ རྡུང་ལེན། ༽

    ༼ ༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽

    ཨ་མདོ་ཤར་ཁོག
    ཚིག མཁར་རྨེའུ་བསམ་གཏན་རྒྱལ་མཚན།
    དབྱངས། གྲགས་བྷེ།
    ལེན་མཁན། རྔ་ལྗོངས་ཁུ་བྱུག་སྔོན་མོ་གྲགས་བྷེ།

    བྱང་གི་བྱ་དུར་སྔོན་མོ། །
    གནས་ཆེན་མཁའ་འགྲོ་འུག་གདོང་། །
    དལ་འགྲོ་ཟིང་ཆུ་ནགས་རིང་། །
    གསང་མཆོག་མ་རྒྱུད་སྒྲུབ་གནས། །

    གཡུང་དྲུང་ཁ་ཡི་རི་ཁྲོད། །
    བརྗིད་ལྡན་དགའ་མལ་དགོན་ཆེན། །
    སེམས་དཔའ་རྒྱ་མཚོའི་འདུས་སྡེ། །
    ཡིད་ལ་འཛུམ་མེར་ཤར་སོང་། །

    ཤར་གྱི་དུང་རི་དཀར་པོ། །
    ཡིད་འོང་གསེར་མཚོས་བསྐོར་འདུག། །
    མཛེས་ལྡན་རི་མཚོ་འདི་གཉིས། །
    དགེ་ལེགས་ཕུར་བའི་བྱིན་ཅན། །

    ཡུལ་ལྗོངས་ཨ་མདོ་ཤར་ཁོག
    སྟག་ཤར་བུ་དང་བུ་མོས། །
    རང་ལྗོངས་ཁོར་ཡུག་སྲུང་སྐྱོབ། །
    ནམ་ཡང་བརྗེད་པར་སྲིད་དམ། །

  • རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ། ༼གཞས།༽

    རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ། ༼གཞས།༽

    ༼ ༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽
    རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ།
    ཚིག སློབ་དཔོན་ཤེས་རབ་ལྷུན་གྲུབ།
    དབྱངས། སྐལ་བཟང་བསྟན་འཛིན།
    ལེན་མཁན། བོད་ཀྱི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན། བདེ་སྐྱིད།
    སྒྲིག་སྦྱོར་མཁན། རྔ་བཟའ་ནོར་བུ། རིན་སྤུངས་ཚུལ་བསྟན།

    གཡས་རུའི་མཁས་གྲུབ་སྟོང་གི། །
    འཆད་རྩོད་བོན་དབྱངས་ལྡིར་བའི། །
    བྱ་དུར་དགའ་མལ་དགོན་ཆེན། །
    ཚད་གསུམ་རྩོད་གྲྭ་ཆེན་མོ། །

    ཟབ་གསལ་གསུང་གི་མན་ངག །
    སྣོད་ལྡན་བུ་ལ་སྦྱིན་པའི། །
    དགེ་བའི་བཤེས་གཉེན་ཆེན་མོ། །
    འདུས་སྡེའི་རྒྱན་དུ་མཛེས་སོང་། །

    རིག་པའི་རྩལ་སྟོབས་འགྲན་པའི། །
    བུ་སློབ་འདུས་པ་རྒྱ་མཚོ། །
    མཐོང་ན་གཟི་བརྗིད་ལྡན་པ། །
    ཉན་ན་གོ་རྟོགས་འཕེལ་བ། །

    མེས་པོའི་ཐུགས་གཤིས་མངའ་བའི། །
    རིག་གཞུང་ལྷ་ལམ་དབྱིངས་སུ། །
    མི་བུ་ཤེས་རབ་ཅན་པོ། །
    ཤེས་བྱའི་ནམ་འཕང་བཅད་སོང་། །

  • གཟི་བརྗིད་ཀྱི་འོད་སྣང་།

    གཟི་བརྗིད་ཀྱི་འོད་སྣང་།

    གཟི་བརྗིད་ཀྱི་འོད་སྣང་།
    ཚིག མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།
    དབྱངས། སྐལ་བཟང་བསྟན་འཛིན།
    ལེན་མཁན། བོད་ཀྱི་གཞས་མ་ཨ་ཅག་ཚན་སྡེབ་ཀྱི་ཨ་ཅག་སྒྲོལ་མ།
    རབ་དཀར་གངས་རིས་བསྐོར་ཞིང་། །
    མཛེས་སྡུག་ས་ཡི་ཐིག་ལེ། །
    མཐོ་སྒང་ཞང་བོད་ཡུལ་ནས། །
    གཡུང་དྲུང་བོན་བསྟན་དར་སོང་། །

    བཤད་སྒྲུབ་བསྟན་པའི་ཕ་ས། །
    གདན་ས་དགའ་མལ་དགོན་ཆེན། །
    གཡས་རུའི་འཆད་རྩོད་ཆེན་མོས། །
    བསྟན་པའི་མེ་རོ་བསླངས་སོང་། །

    གཞུང་ལུགས་ཕུ་ཐག་ཆོད་པའི། །
    རབ་འབྱམས་འདུས་པ་རྒྱ་མཚོས། །
    བརྒལ་བརྟག་རྩོད་པའི་ཤན་འབྱེད། །
    སྙན་གྲགས་འཛམ་གླིང་ཁྱབ་སོང་། །

    ཆོལ་གསུམ་བསིལ་མོའི་ལྗོངས་ཀྱི། །
    བླ་སྤྲུལ་བརྒྱ་ཕྲག་ཞལ་འཛོམས། །
    བཀའ་སློབ་བདུད་རྩིའི་ཐིགས་པས། །
    དད་ལྡན་རེ་འདོད་ཁེངས་སོང་། །

  • དད་སྤྲོའི་འཛུམ་མདངས།

    དད་སྤྲོའི་འཛུམ་མདངས།

    དད་སྤྲོའི་འཛུམ་མདངས། ཚིག གློག་ལྕེ། གདངས། ཆོས་གྲགས། ལེན་མཁན། ཆོས་གྲགས། མཛེས་ལྷ།

  • རྡུང་ལེན། དགའ་སྐྱིད།

    རྡུང་ལེན། དགའ་སྐྱིད།

    ཡུལ་མདོ་སྨད་བྱང་ཁའི་སྐྱབས་མགོན་ཆེན་མོ་༧མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་གྱི་མཛད་སྒོར་རེབ་གོང་བོན་མང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་དང་ཕྱག་བསྐོར་གྱི་མཆོད་པ་རྒྱ་ཆེར་འབུལ་བ་དང་ལྷན་གླུ་ངག་མཆོད་པ་ཡང་ཉིན་བཞིའི་རིང་ལ་ཕྱོགས་ཁ་རེ་རེ་བྱས་ནས་ཕུལ་བ་ཡིན་པས། འདི་ནི་ཉིན་དང་པོའི་གླུ་ངག་མཆོད་པ་ལས་འདིར་བཀོད་པ་ཡིན།
    རེབ་གོང་བོན་མང་དྲ་བ་ལས་བཤུས།