འབིས་བསོད་ནམས་དར་རྒྱས་ཀྱི་ཡིག་གཟུགས་བདམས་བཀོད།

[ཟླ་ཚེས། 2024-09-01 18:13:47][ཡོང་ཁུངས། ][ཀློག་གྲངས། ]


  

ཡིག་བྲིས་པའི་ངོ་སྤྲོད་མདོར་བསྡུས།
ཡིག་བྲིས་པ་འབིས་བསོད་ནམས་དར་རྒྱས་ནི། སྤྱི་ལོ།༡༩༩༡ལོར་ཁྱུང་པོ་སེར་ཚའི་ཆར་ཁྲི་རྡོ་གྲོང་བརྡལ་སྒང་རུ་སྲིབ་ཐ་རུ་འབིས་ཀྱི་རུས་ལས་སྐྱེས་ཤིང་། ཆུང་ནས་གྲོང་རྡལ་སློབ་ཆུང་བརྒྱུད་སྟེང་ཆེན་རྫོང་སློབ་འབྲིང་དུ་ཞང་ཞུང་ལྡོང་ལུགས་རི་མོའི་རྒྱུད་ཛིན་པ་དགེ་རྒན་ཆེན་མོ་བ་ནོར་བུ་གཡུལ་རྒྱལ་མཆོག་དགེ་རྒན་དུ་བསྟེན་ནས། ཞང་ཞུང་ལྡོང་ལུགས་རི་མོར་སློབ་གཉེར་ལེགས་པོ་གནང་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ། སློབ་མཐར་ཕྱིན་ཏེ་ལོ་ཤས་རིང་ལྷ་རིས་སམ་ཐང་སྐུ་འབྲི་བཞེངས་བྱེད་རྒྱུ་དང་ཤིང་ཚོན་རྒྱག་རྒྱུ་སོགས་ལ་འབད་པ་བྱས། དེ་ནས་མི་རིང་བར་མ་ནིའི་ལུགས་ཀྱི་ཡིག་བྲིས་པ་དགེན་སྐྱུར་བསོད་ནམས་རྗེས་གྲགས་ལ་བསྟེན་ནས་རྫབ་ཆེ་ཆུང་དང་། འབྲུ་རྗེབ་སོགས་ལ་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱས་སྟབས་ཁྱུང་པོའི་ཡིག་གཟུགས་ཀྱི་ལྟེ་བ་ཁྲི་རྡོ་གྲོང་བརྡལ་དུ་གྲགས་པ་དེར། ཡིག་གཟུགས་འགྲན་བསྡུར་གྱི་སྐབས་སུ་ཡིག་གཟུགས་འབྲུ་མ་དང་དབུ་ཅན་གཉིས་ཀར་ཨང་རིམས་གཉིས་པ་ཐོབ་པར་ཡིག་བྲིས་པ་རྒན་རབས་ཀུན་གྱིས་བསྟོད་བསྔགས་དང་བཅས་ཕྱག་རྟགས་བསྩལ། དེ་རྗེས་འཛམ་གླིང་ཅི་ཉི་སིས་ཟིན་ཐོར་འཁོད་པའི་༼ཞང་བོད་ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོ་༽འབྲི་བཞེངས་ཀྱི་ལས་ཀར་ཞུགས་ཏེ་ལག་ཁྱེེར་བླངས། དེ་ནས་དུས་ཚོད་གང་ཡོད་རྣམས་བེད་སྤྱད་དེ་་ཡོན་བདག་རྣམས་ཀྱི་དགོས་མཁོ་ལྟར་ཞལ་འདོན་སོགས་འབྲི་བཞེངས་གནང་བཞིན་ཡོད་པ་དང་། ལྷག་ཏུ་༢༠༢༠ལོའི་ཟླ་ཤས་རིང་ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་དུ་ལྷ་བྲིས་དབུ་ཆེན་དགེ་རྒན་དམ་པ་ནོར་བུ་གཡུལ་རྒྱལ་མཆོག་གིས་བཀའ་མངགས་ལྟར་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་བྱས་ནས། དེར་འཁོད་ལྷ་བྲིས་པའི་སློབ་མ་རྣམས་ལ་ཡིག་གཟུགས་འབྲི་སྦྱོང་སློབ་ཞོར་དབང་ཚང་འབྲུག་ལྷ་ཉི་མ་དགེ་རྒན་དུ་བསྟེན་ནས་བོན་ལུགས་རྒྱལ་བའི་དཀྱིལ་འཁོར་གྱི་ཐིག་རྩར་སློབ་གཉེར་མཐར་ཕྱིན་གནང་ཡོད་པ་དང་། དེ་རྗེས་༢༠༢༡ལོར་ལྷ་བྲིས་དབུ་ཆེན་རྒན་ནོར་བུ་གཡུལ་རྒྱལ་གྱི་བཀའ་མངགས་ལྟར་ཁོང་ལ་མདོ་རྣམ་རྒྱལ་གསེར་དངུལ་གྱིས་དག་བྲིས་གནང་། དེ་ནས་༢༠༢༣ལོར་ཧོར་ཁྱུང་གཉིས་ཀྱི་ཡིག་མཁན་སྟོང་ཕྲག་ལྷག་གི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཐོབ་པ་དང་།ད་ལྟ་རྩེ་དྲུག་དགོན་གྱི་སློབ་དཔོན་བསྟན་པའི་རྒྱལ་མཚན་མཆོག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་གསེར་དངུལ་གཉིས་ཀྱིས་འབྲི་བཞེངས་གནང་བཞིན་པའི་པོད་ཆེན་དག་ཁྱུང་ཡུལ་བྲིས་པའི་དབུ་ཆེན་རྣམས་དང་ལྷན་དུ་ཡིག་གཟུགས་འབྲུ་མས་དག་བཞེངས་གནང་བཞིན་ཡོད་པ་བཅས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།