བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་ཕྱག་བྲིས།

[ཟླ་ཚེས། 2013-04-21 17:48:52][ཡོང་ཁུངས། ངེད་དྲ་བ།][ཀློག་གྲངས། ]


  

མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བསྟན་བདག་བཅས། སྲིད་ཕྱོགས་ནས་ཀྱང་སྔ་རྗེས་སུ། རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་ཞིབ་འཇུག་པ་དང༌། རེབ་གོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ད་ལྟ་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང༌། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྤྱི་བོད་རིག་པའི་གྲོས་ཚོགས་ཐེངས་དགུ་བ་དང༌། བཅུ་བ། བཅུ་གཅིག་པ་བཅས་སུ་ཕེབས་ནས་དཔྱད་རྩོམ་སྒྲོགས་གླེང་དང༌། ཉམས་མྱོང་བརྗེ་རེས་སུ་སྤེལ་བས་མཁས་པའི་སྙན་པ་ས་སྟེང་ཀུན་ཏུ་ཁྱབ་བཞིན་པར་མ་ཟད། ཐོས་དོན་རང་རྒྱུད་ལ་སྦྱར་ཞིང་སྒོམ་རྟོགས་ཉམས་བཞེས་སུ་མཛད་དེ་སྤངས་རྟོགས་ཡོན་ཏན་ལ་མངའ་བརྙེས་ཤིང༌། མདོ་སྔགས་བོན་གྱི་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པའི་དར་ཆེན་ནམ་མཁའ་ཇི་སྲིད་བར་གཡོ་མེད་དུ་སྒྲེང་བཞིན་བཞུགས་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།