བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་པའི་གནས་ཚུལ།

[ཟླ་ཚེས། 2026-11-17 21:47:20][རྩོམ་པ་པོ། འགན་ཁུར་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤྱི་ལོ་2026ལོའི་ཟླ་11ཚེས་13ནས་2026ལོའི་ཟླ་བ་11ཚེས་17བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་དྲུག་དེ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།

   དེ་ཡང་བོན་ནམ་བོད་ཀྱི་གནའ་བོའི་སྟག་གཟིག་དང་ཞང་ཞུང་གི་སྒྲ་བསྒྱུར། ལེགས་སྦྱར་དང་པཱ་ལིའི་སྒྲ་བསྒྱུར། ཆེན་པོ་ཐང་གུར་གྱི་རྒྱའི་སྒྲ་བསྒྱུར་སོགས་རིན་ཐང་ལོ་རྒྱུས་ལྡན་པའི་སྒྲ་བསྒྱུར་བྱས་པ་དང་བྱེད་བཞིན་མཆིས་པ་ལྟར། དུས་རབས་འདིར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་དུས་རབ་གསར་བའི་རྒྱང་སྐྱོད་ལམ་བུ་གསར་བ་གཞིར་བཟུང་ཐོག ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། “མོས་སེམས་ལྔ”ལས་ཀྲུང་ཧྭའི་རིག་གནས་འདི་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་དགོས་པའི་སྐོར་གཞིར་བཟུང་། རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་དང་། མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་སྙིང་པོ་ལག་ལེན་དོན་འཁྱོལ། ཀྲུང་ཧྭའི་ཤེས་རིག་གི་སྲོག་རྩ་རྒྱུན་མཐུད་བཅས་ལ་འབད་པ་དང་། བོད་རང་ས་ནས་དར་བའི་གནའ་བོའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱེད་པར་གཙིགས་ཆེན་བཟུང་ནས་མི་རིགས་རིག་གནས་ལ་མཐོང་ཆེན་དང་མཐུན་སྒྲིལ་གྱི་ལམ་ཁ་བརྒྱུད་དེ་བོན་གྱི་ཞང་ཞུང་རིག་གནས་དང་སྐད་ཡིག་གི་འཕེལ་རྒྱས་ལ་དམིགས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཡིས་བཀོད་སྒྲིག་གནང་སྟེ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ཡིག་བསྒྱུར་ཚོགས་པ་ཆེན་མོ་འདི་འཛིན་སྐྱོང་བྱས་པར་བརྒྱུད། མ་འོངས་ཕུགས་རྒྱང་རིང་མོའི་ལས་གཞི་འཆར་བཀོད་དང་ཆེད་ལས་རྐང་འཛིན་མི་སྣ་གསོ་སྐྱོང་། མཁས་དབང་མཐུན་སྒྲིལ་མཉམ་འཛོམས་ཀྱི་ངང་ནས་བསྟན་པ་ལ་ཤ་ཞེན་ཆེ་ཞིང་མཁྱེན་དཔྱོད་ཡངས་པའི་སྐད་གཉིས་སྨྲ་བ་པོ་རྣམས་ལྷན་དུ་འཛོམས་ཏེ།༢༠༢༦ལོའི་ཟླ་༡༡བའི་ཚེས་༡༣ཉིན། དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་གྱིས་ཚོགས་འདུའི་ནང་དོན་དང་འབྲེལ་བའི་སྐོར་ངོ་སྤྲོད་མདོ་འཛིན་གནང་བ་དང་། ཚོགས་ཐོག་ཏུ་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ཚོགས་གཙོ་རྒན་གཞོན་དང་། བློ་འདྲི་མི་སྣ། ཚོགས་གཞོན་རྣམ་པ། དྲུང་ཡིག་ཆེ་ཆུང་དང་དྲུང་ཡིག་པ་རྣམ་པ། གདན་ཞུས་དགེ་བཤེས་རྣམ་པ་དང་། ཆེད་ཞུས་ལོ་ཙཱ་བ། རྐང་འཛིན་སྤྱི་ཚོགས་ཆེད་མཁས་དགེ་རྒན་རྣམ་པ། བཀའ་བརྟེན་སྒྲིག་ཞུ་བ། ཚོགས་འདིའི་སྦྱིན་བདག་རྣམ་པ་ངོ་སྤྲོད་དང་འཚམས་འདྲི་ཞུས།

  ༧ཚོགས་གཙོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་དབུ་ཚུགས་ཀྱི་རྟེན་འབྲེལ་གསུང་བཤད་གལ་ཆེན་གནང་།
  དེ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་པར་ཐེངས་གཉིས་པའི་འགྲེམ་སྤེལ་མཛད་སྒོ་དངོས་སུ་སྤེལ། ཚན་ཆུང་གི་དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བ་ནས་མདོ་འཛིན་གནང་བ་དང་།
   ཚན་གཙོ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་ཡིག་བསྒྱུར་ཚན་ཆུང་གི་ལས་དོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་།
ཚན་གཙོ་གཞོན་པ་གཟི་སྤྲུལ་དབང་རྒྱལ་ཚེ་རིང་མཆོག་གིས་སངས་རྒྱས་གསུང་དྲུང་བོན་གྱི་ཞལ་འདོན་པར་ཐེངས་གཉིས་པ་ཞུ་སྒྲིག་གི་སྐོར་ནས་གསུང་བཤད་གནང་།
ཚན་གཙོ་གཞོན་པ་སྤྲུལ་འཆི་མེད་གཡུང་དྲུང་མཆོག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་འགྲེམ་སྤེལ་དང་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་དྲུག་པའི་འགན་ཁུར་པ་རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནས་གསུང་བཤད་གནང་།
   ཀྲུང་ཧྭའི་ཞང་ཞུང་རིག་གནས་ཀྱི་བགྲོད་ལམ་སྟེ། ཞང་ཞུང་བོན་གྱི་བཀའ་འགྱུར་ཆེན་མོ་རྒྱ་ཡིག་ཐོག་བསྒྱུར་རྒྱུའི་སྐོར་མཚམས་སྦྱོར་གནང་རྒྱུའི་སྐོར་ནས་དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་ནས་མདོ་འཛིན་གནང་། ཀྲུང་ཧྭའི་ཞང་ཞུང་རིག་གནས་ཀྱི་བགྲོད་ལམ་ཞེས་པའི་ལས་དོན་འགན་ཁུར་པ་ལིའུ་ཧུའེ་ཀང་(刘海钢)གིས་ཀྲུང་ཧྭའི་ཞང་ཞུང་རིག་གནས་ཀྱི་བགྲོད་ལམ་སྟེ། ཞང་ཞུང་བོན་གྱི་བཀའ་འགྱུར་ཆེན་མོ་རྒྱ་ཡིག་ཐོག་བསྒྱུར་རྒྱུའི་སྐོར་དང་དེ་སྔའི་འགྲུབ་འབྲས་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་ནས་གྲོས་མོལ་དང་མཚམས་སྦྱོར་གནང་།
   དེ་ནས་ཉིན་གུང་རྗེས་སུ་དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་དང་དྲུང་ཡིག་པ་མདའ་ཆེན་ཁྲི་སྐལ་བཟང་བསྟན་འཛིན་གཉིས་ཀྱིས་མདོ་འཛིན་གནང་སྟེ་ཡིག་བསྒྱུར་ལས་དོན་དངོས་ལ་འཇུག་པ་སྟེ། ལོ་སྔོན་མའི་བསྒྱུར་འཕྲོ《རིགས་དྲུག་རང་སྦྱོང་གི་གདམས་པ》བསྒྱུར་བ་སྟེ།
   ཚེས་༡༤ཉིན་གྱི་སྔ་དྲོར་མདོ་འཛིན་ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས་མཆོག་གིས་མདོ་འཛིན་གནང་སྟེ་རྗེ་རིན་པོ་ཆེས་མཛད་པའི《གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ཡིག་བསྒྱུར་ལ་འཇུག་པ་དང་། 
   དེ་ཉིན་གྱི་ཕྱི་དྲོར་ཁྱུང་པོ་སྤྲུལ་སྐུ་ནམ་མཁའ་གཡུང་དྲུང་གིས་མདོ་འཛིན་གནང་ནས་མུ་མཐུད་ནས་ཡིག་བསྒྱུར་གནང་།
   དེ་ནས་ཚེས་༡༥ཉིན་གྱི་སྔ

   ཟླ༡༡ཚེས༡༧ཉིན། ད་ཐེངས་ཀྱི་ཆེད་ཞུས་མི་སྣ་དག་ལ་ཚོགས་གཙོ་མཆོག་གིས་མ་འོངས་ལས་དོན་སྐོར་ལ་བསྐུལ་མ་གནང་ཞིང་ཁ་ཏགས་ཕུལ། ཞོར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་སྒྲིག་ཞུ་དང་སྔ་མའི་དག་སྒྲིག་སྐོར་དང་ད་ལྟའི་གནས་བབས་མ་འོངས་པའི་ཁ་ཕྱོགས་དང་ལས་དོན་སྐོར་ནས་གྲོས་གཞི་ཚོགས་འདུ་འཚོགས་པ་དང་།
ཚོགས་ཞུགས་མི་སྣ་ཡོངས་<<ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན>>དཔེ་བསྡུར་ཁང་དུ་དུ་གཟིགས་རྟོག་དང་མ་འོངས་པའི་ཕྱག་ལས་སྐོར་ལ་མཛུབ་སྟོན་གནང་བར་ཕེབས་ཏེ་གཞུང་ལས་ཁང་ནས་ཁོང་རྣམ་པར་བསུ་མ་དང་བཅས་གསོལ་བ་དྲངས།
ཟླ༡༡ཚེས༡༧ཉིན་གྱི་ཕྱི་དྲོར། དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གིས་ཚོགས་འདུ་མཇུག་སྡོམ་བྱས།
   ཚན་གཙོ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་མ་འོངས་པའི་ཡིག་བསྒྱུར་སྐོར་གྱི་འཆར་གཞི་དང་། བསྒྱུར་བྱ་གཏན་འབེབས་བྱས་པའི་སྐོར་ནས་གསུང་བཤད་དང་གཏན་འབེབས་གནང་།
   ཚོགས་གཞོན་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་བ་དང་།
   ད་ལོའི་འགན་འཛིན་སྦྱིན་བདག་རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་དང་གཡང་གི་ཕྱུག་མོ་ཚང་གི་ཀུན་ཐར་མཚོ་རྣམ་གཉིས་ལ་བཀའ་དྲིན་ལེགས་མཚོན་ཕུལ།
   སང་ལོའི་འགན་འཛིན་པ་ཁྱུང་སྲས་ཀུན་བཟང་རྣམ་རྒྱལ་དང་ཆུ་མིག་དགོན་གྱི་རྟའུ་དཔལ་ཆེན་རྣམ་གཉིས་ཀྱི་འགན་ཁུར་དང་བླངས་གནང་ནས་རྩིས་སྤྲོད་ལེགས་པོ་བྱས་ཏེ་ཚོགས་མི་ཡོངས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་ནས་གྲོལ་བའོ།།

2025/11/17

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།