དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་གི་དགེ་བཤེས་མཛད་སྒོ།

[ཟླ་ཚེས། 2025-10-23 11:54:29][རྩོམ་པ་པོ། ][རྩོམ་ཁུངས། ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་།][ཀློག་གྲངས། ]


6
མདོ་སྨད་ས་ཡི་ཐིག་ལེ་ཉག་ཤོད་ཨ་འཛི་རོང་གི་ལྟེ་གནས་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་དུ་གཞིས་ཆགས་པའི་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རྐང་འཛིན་སློབ་མ་རྣམས་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་ལ་སྦྱོང་བ་ལྷུར་ལེན་གནང་སྟེ་༢༠༢༥ལོར་དཔལ་ཡེ་ཤེས་དགོན་དུ་སྐབས་དང་པོའི་དགེ་བཤེས་མཛད་སྒོ་སྤེལ་བའི་གནས་བསྡུས་བཞུགས།   
༧ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་གི་ཁྲི་འཛིན་དབུ་བླ་ཁྱུང་སྲས་ཤེས་རབ་བསྟན་འཛིན་དང་། མགར་སྤྲུལ་དྲི་མེད་འོད་ཟེར་དཔལ་བཟང་པོ་རྣམ་གཉིས་དབུ་བཞུགས་འོག་ཚོགས་ཆེན་མཁན་པོ་དང་ནང་ཆེན་ཁག་གི་བླ་སྤྲུལ།  གླིང་འདིའི་དགེ་རྒན་རིམ་བྱོན།  ཉག་རོང་བོན་དགོན་ཁག་གི་བླ་སྤྲུལ་དགེ་བཤེས་རྣམ་པ།  ངུར་སྨྲིག་འཛིན་པའི་གྲྭ་ཚོགས་འདུས་སྡེ་རྣམས་རྒྱས་འཛོམས་ཐོག་༢༠༢༥/༡༠/༡༤ཉིན་གྱི་སྔ་དྲོའི་ཕྱག་ཚོད་༨ཐོག་ཚོགས་ཏེ།  ཚོགས་ཆེན་དབུ་མཛད་ཀྱིས་མཉམ་མེད་བླ་མའི་གསོལ་འདེབས་སོགས་དབྱངས་སུ་གྱེར་ནས་འདོན་པའི་དབུ་འཛིན།   དེ་ནས་ཕྱག་ཚོད་༡༠པའི་ཐོག་ཨུན་ཆེན་དུང་གི་རང་སྒྲ་སོགས་རོལ་མོ་སྣ་ཚོགས་དང་།    དྲི་ཞིམ་སྤོས་དུད་ཀྱིས་སྣ་དྲངས་ཏེ ༧ བསྟན་བདག་དབུ་བླ་རྣམ་གཉིས་དང་། ཚོགས་ཆེན་སློབ་དཔོན་རིན་པོ་ཆེ་བསྟན་འཛིན་སྨོན་ལམ། སྐབས་དང་པོའི་གཤེན་གྱི་བཀའ་རམས་པ་རྣམས།  ཚོགས་ཁང་དུ་གདན་དྲངས་ནས། བསྟན་བདག་དབུ་བླ་རྣམ་གཉིས་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕངས་མཐོན་པོར་བཞུགས་སུ་གསོལ། དེ་ནས་དཔོན་སློབ་རིན་པོ་ཆེ་དང་། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་གཙོས།  འདུས་མང་སེམས་དཔའ་རྒྱ་མཚོའི་ཚོགས་བཅས་རིམ་བཞིན་བཞུགས་གྲལ་དུ་འཁོད།

གནས་ཚུལ་རྒྱས་པར་གཟིགས་འདོད་ན་འོག་གི་དྲ་གནས་ལ་གཟིགས་པར་འཚལ།
 https://mp.weixin.qq.com/s/hOI3_wFH_gaFeX42lYeBIg  
གངས་རིའི་མུ་ཁྱུད་ཟླུམ་པོར་འཁྱིལ་བའི་ལྗོངས། །
བཤད་སྒྲུབ་གཞུང་ལུགས་ཆུ་ཀླུང་འབུམ་འཁྱིལ་བར། །
མཁས་གྲུབ་གདེངས་ཅན་ཚོགས་ཀྱིས་རྟག་རོལ་བའི། །
ལེགས་བཤད་བདུད་རྩི་བཅུད་བསྡུས་ཕྱྭ་གཡང་སྩོལ། །
སྨིན་གྲོལ་དགོན་སྡེའི་པད་ཚལ་བཞད་པ་ལ། །
མཁས་བཙུན་བཟང་པོའི་བཅུད་སྨིན་དྲི་བསུང་འཐུལ། །
སྐལ་ལྡན་སྦྲང་ཚོགས་ཡིད་དབང་ལེགས་འགུགས་པའི། །
སེམས་དཔའ་སྟོང་ཕྲག་གྲངས་མང་འཕེལ་གཡང་སྩོལ། །
སྐྱབས་ཡུལ་ཐུགས་རྗེས་སྨོན་ལམ་མཐུ་གྲུབ་པས། །
འགྲོ་ཀུན་བདེ་སྐྱིད་འདོད་དགུའི་གཏེར་ལ་དབང་། །
སྲིད་ཞིའི་དཔལ་ཡོན་ལེགས་ཚོགས་གོང་འཕེལ་ནས། །
བཤད་སྒྲུབ་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།