དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་བསྡུ་གསལ་བརྡ།
[ཟླ་ཚེས། 2025-04-13 22:01:20][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སྤྱིའི་འདོན་ཐེངས་བཅོ་བརྒྱད་པའི་(2024)རྩོམ་བསྡུའི་གསལ་བརྡ།
དེ་ཡང་དུས་དང་རྣམ་པར་ཀུན་ཏུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》ལ་རྩོམ་ཡིག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཕྱི་ནང་དུ་བཞུགས་པའི་རྩོམ་པ་པོ་རྣམས་ལ་སླར་ཡང་རེ་ཞུ་ལ།
ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》འགྲེམ་སྤེལ་གནང་ནས་ད་བར་དུ་ལོ་ངོ་བཅུ་བདུན་ཕྱིན་ཡོད་པ་དང་དེའི་རིང་ལ་ལོ་རེར་དེབ་རེ་འགྲེམ་སྤེལ་བགྱིས་ཏེ་སྤྱིའི་འདོན་ཐེངས་བཅུ་བདུན་ཙམ་སྤེལ་ཡོད། དེ་ཀྱང་སྤྱིར་ཀྲུང་ཧྭའི་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བོད་མི་རིགས་སྤྱིའི་རིག་གནས་དང་ཡང་ཁྱད་དུ་ཞང་ཞུང་དང་གནའ་བོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་སོགས་ལ་གཞོགས་འདེགས་མི་དམན་པ་ཞིག་བསྒྲུབས་པའི་ཁུལ་་ཡིན་ལ།
ད་ལོ་སྟེ་༢༠༢༤ལོའི་དེབ། སྤྱིའི་དེབ་བཅོ་བརྒྱད་པ་ཡང་པར་སྐྲུན་གྱི་འགོ་ཟིན་རྩིས་གྲབས་ཡོད་པས་ཕྱོགས་ཀྱི་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ཀྱིས་གཙོ་བོ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཤིག་ངེད་རྩོམ་སྒྲིག་ཁང་ལ་གནང་རོགས་ཞུ་བ་ལགས།
རྩོམ་ཡིག་གི་ནང་དོན་ཐད་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ། ཤེས་རིག རྒྱལ་རབས་ལོ་རྒྱུས། སྐྱེས་ཆེན་ངོ་སྤྲོད། གཏོ་དཔྱད་རིག་གཞུང་སོགས་དང་འབྲེལ་བའི་དཔྱད་འབྲས་གཡུར་དུ་ཟ་བའི་ལེགས་རྩོམ་གང་མང་རྒྱབ་སྐྱོར་གནང་བའི་རེ་བ་ཞུ། རྩོམ་ཡིག་སྤྱི་ལོ་༢༠༢༥ལོའི་ཟླ་བ་༥ཚེས་༡སྔོན་ལ་འདི་གའི་རྩོམ་སྒྲིག་ཚན་ཆུང་ལ་བསྐུར་གནང་ཡོད་པར་ཞུ་ཞུ།
དཔྱད་རྩོམ་བསྐུར་སའི་གློག་རྡུལ་ཡིག་སྒམ། 897252858@qq.com
འབྲེལ་གཏུགས་ཁ་པར། 13909043403
ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོའི》རྩོམ་སྒྲིག་ཁང་གིས།