ཀྲུང་གོའི་བོད་རིག་པ་མཁས་ཅན་གྱིས་ནོར་ཝེ་ལ་འཚམས་འདྲི་གནང་བ།

[ཟླ་ཚེས། 2024-10-04 11:07:03][རྩོམ་པ་པོ། 卓玛才让][རྩོམ་ཁུངས། ][ཀློག་གྲངས། ]

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཚེས་23ནས་25ཉིན་བར་ནོར་ཝེ་ལ་འཚམས་འདྲི་གནང་ནས། ནོར་ཝེ་ཡི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། སྨྱན་སྦྱོར་ཚན་པའི་གསར་འགོད་པ་དེ་བཞིན་འབྲེལ་ཡོད་མི་སྣ་བཅས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་སོགས་ཀྱི་བརྗོད་གཞིའི་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་ཡོད།

     སྤེལ་རེས་ཚོགས་པ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་གཞོན་པ་བཀྲ་ལོས་ཚོགས་གཙོ་གནང་ཞིང་། ཁོངས་མིའི་གྲས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ཀྱི་བོད་རིག་པ་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད།

     ནོར་ཝེ་རུ་འཚམས་འདྲི་གནང་རིང་། སྤེལ་རེས་ཚོགས་པས་སྔ་རྗེས་སུ་ནོར་ཝེ་ཨའོ་སི་ལུའུ་ཞི་བདེ་ཞིབ་འཇུག་ཁང་དང་། ཨའོ་སི་ལུའུ་སློབ་ཆེན་སོགས་རིག་གཞུང་ལས་ཁུངས་སུ་སྤེལ་རེས་བཞུགས་མོལ་གནང་ཞིང་། ནོར་ཝེ་རླུང་འཕྲིན་ཀུང་སི་དང་《ཉིན་རེའི་ཚགས་པར》སོགས་ནོར་ཝེའི་སྨྱན་སྦྱོར་ཚན་པའི་གསར་འགོད་པ་དང་གསར་འགོད་པའི་ཚོགས་འདུ་འཚོགས་པ་མ་ཟད། ཨའོ་སི་ལུའུ་རུ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཡོད།

      སྤེལ་རེས་བྱེད་སྒོ་ཁག་ནང་། སྤེལ་རེས་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་ལེགས་སྒྲུབ་བྱས་རྗེས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐད་ཀྱི་ཞིབ་ཕྲའི་ལག་ལེན་ངོ་སྤྲོད་གནང་ཡོད། སྤེལ་རེས་ཚོགས་པའི་ཚོགས་གཙོ་བཀྲ་ལོས་ཐུན་མོང་ཐོག་ཕྱུག་འགྱུར་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། ཤེས་དཔལ་གྱི་རྣམ་པ་གསར་པ། ཕྱི་ཕྱོགས་དཔལ་འབྱོར་དང་རིག་གནས་སྤེལ་རེས་བཅས་ཕྱོགས་བཞིའི་ཐད་ནས་བོད་ལྗོངས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པ་ངོ་སྤྲོད་གནང་ཡོད། ཁོང་གིས། ད་ཆ་ནི་ལོ་རྒྱུས་ཐོག་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ལྟོ་གོས་འཛོམས་ཤོས་དང་འཚོ་བའི་ཆ་རྐྱེན་ཡག་ཤོས་ཀྱི་དུས་སྐབས་ཤིག་ཡིན། འབྱུང་ཁམས་སྲུང་སྐྱོང་ལས་གཞི་ལག་ལེན་བསྟར་བ་བརྒྱུད། བོད་ལྗོངས་འདི་ཉིད་གོ་ལ་ཧྲིལ་པོའི་འབྱུང་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། བོད་ལྗོངས་ཀྱིས་དེང་རབས་སློབ་གསོ་ཁྱབ་གདལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། མི་རིགས་ཁག་གི་མི་དམངས་ཀྱིས་སློབ་གསོ་མྱོང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ཅེས་དང་། ཁོང་གིས་ནོར་ཝེ་ཡི་མང་ཚོགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་བོད་ལྗོངས་སུ་ཕེབས་ནས། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ལ་བྱུང་བའི་འཕོ་འགྱུར་ཆེན་པོ་ཉམས་སུ་མྱོང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད།

     ནོར་ཝེ་རུ་འཚམས་འདྲི་མ་གནང་གོང་། སྤེལ་རེས་ཚོགས་པས་ཚེས་20ནས་ཚེས་22ཉིན་བར་ཧྥ་རན་སེར་འཚམས་འདྲི་ཞུས་ནས། ཧྥ་རན་སེའི་རིག་མཛོད་དང་རིགས་གཅིག་མཁས་ཅན་སོགས་དང་ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་ཡོད། ཧྥ་རན་སེར་འཚམས་འདྲི་གནང་རིང་། སྤེལ་རེས་ཚོགས་པས་ད་དུང་ཕ་རི་སི་དང་ཐུའུ་ལུའུ་ཙེ་ས་གནས་གཉིས་ཀྱི་ཧྥ་རན་སེའི་མཛའ་གྲོགས་མི་སྣ་མང་པོ་ཞིག་དང་བཞུགས་མོལ་གནང་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།