བློ་འབྱེད་ཚང་གི་དཔྱད་རྩོམ་བགྲོ་གླེང་གི་རྩོམ་བསྡུའི་བརྡ་སྦྱོར།

[ཟླ་ཚེས། 2024-09-15 21:53:18][རྩོམ་པ་པོ། བློ་འབྱེད་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བློ་འབྱེད་ཚང་གིས་གཙོ་སྒྲུབ་གནང་བའི་ཐེངས་གཉིས་པའི་མཚན་ཉིད་རིག་པའི་དཔྱད་རྩོམ་བགྲོ་གླེང་གི་རྩོམ་བསྡུའི་བརྡ་སྦྱོར།
  བོད་ཀྱི་མཚན་ཉིད་རིག་པའི་གཙུག་ལག་ལ་ཐོས་བསམ་བྱེད་བཞིན་པའི་རིག་པ་སྨྲ་བ་རྣམས་ཀྱི་རྩོམ་འབྲིའི་སྤུས་ཀ་མཐོར་འདེགས་དང་།  མཚན་ཉིད་གཙུག་ལག་ལ་སྔར་བས་དགའ་སྣང་སྐྱེད་པ། མདོར་ན་སློབ་སྦྱོང་གི་སྟོང་ཆའི་ཁ་སྐོང་སོགས་སུ་དམིགས་ཏེ།   ད་ལོ་ཡང་བློ་འབྱེད་ཚང་གིས་གཙོ་སྒྲུབ་གནང་བའི་ཐེངས་གཉིས་པའི་མཚན་ཉིད་རིག་པའི་དཔྱད་རྩོམ་བགྲོ་གླེང་སྤེལ་འཆར་ཡིན་པས།   མཚན་ཉིད་རིག་པའི་གཙུག་ལག་ལ་ཐོས་བསམ་བྱེད་བཞིན་པའི་བཤད་གྲྭ་ཁག་གི་རིག་པ་སྨྲ་བ་ཚོས་གསེར་ལས་དཀོན་པའི་དུས་ཚོད་དམ་འཛིན་བྱས་ཏེ།   ཐེངས་འདིར་བློ་འབྱེད་ཚང་གིས་བཏོན་པའི་གཤམ་གསལ་གྱི་དྲི་བ་དོན་ཚན་བདུན་པོ་རེ་རེ་ལ་དོགས་ལན་གྱི་བརྩམས་ཆོས་རེ་སྐུར་གནང་ཡོང་བའི་རེ་འདུན་ཞུ།
དང་པོ། བརྩམས་ཆོས་ལ་ཚང་དགོས་པའི་ཆ་རྐྱེན།  
༡ དོགས་གཅོད་རྩོམ་ཡིག་གི་དབུ་ལ་མཆོད་བརྗོད་ཤོ་ལོ་ཀ་གཅིག་དང་མཇུག་བྱང་ལ་བཟོད་གསོལ་ཤོ་ལོ་ཀ་གཅིག་ངེས་པར་དུ་ཚང་དགོས་པར་མ་ཟད་མཇུག་ཏུ་དཔྱད་གཞིའི་ཡིག་ཆ་སོགས་གསལ་བོར་བྲི་དགོས།
༢ དོགས་གཅོད་རྩོམ་ཡིག་བཀའ་ལུང་ཁོ་ནས་འབྲི་བཞེངས་བྱ་རྒྱུ་མ་ཡིན་པར། གཙོ་བོར་འགྲན་ཞུགས་པ་རང་རང་གི་རིག་པ་ལ་བརྟེན་ནས་ཅི་ཐུབ་ཐུབ་ཀྱིས་ཁ་ཇེ་གསལ་དུ་གཏང་དགོས།   
༣ འགྲན་ཞུགས་སློབ་མ་བཤད་གྲྭ་ཁག་ཏུ་མཚན་ཉིད་གཙུག་ལག་ལ་ཐོས་བསམ་བྱེད་བཞིན་པ་ཡིན་དགོས།
༤ རྩོམ་ཡིག་ངེས་པར་དུ་ཐེངས་གཉིས་པའི་དཔྱད་གླེང་སྐབས་ཀྱི་དྲི་བ་དོན་ཚན་བདུན་པོའི་དོགས་གཅོད་ཡིན་དགོས།
༥ ཡིག་གྲངས་ལ་ཡིག་འབྲུ ༡༥༠༠ ནས ༢༥༠༠ བར་དང་། ཡིག་གཟུགས་ངེས་པར་དུ་ཧི་གཟུགས་ཡིན་དགོས།
༦ རྩོམ་གྱི་མཇུག་ཏུ་རྩོམ་པ་པོའི་མཚན་དང་བཤད་གྲྭ། གཞན་ཞལ་པར་ཨང་གྲངས་གསལ་བོར་བྲི་དགོས།
གཉིས་པ། བྱ་དགའི་རྣམ་གྲངས།  
ཨང་དང་པོ། གཟི་བརྗིད་དཔང་ཡིག་དང་། བྱ་དགའི་དངུལ་སྒོར། ¥ ༣༠༠༠
ཨང་གཉིས་པ། གཟི་བརྗིད་དཔང་ཡིག་དང་། བྱ་དགའི་དངུལ་སྒོར། ¥ ༢༠༠༠
ཨང་གསུམ་པ། གཟི་བརྗིད་དཔང་ཡིག་དང་། བྱ་དགའི་དངུལ་སྒོར། ¥ ༡༠༠༠
གསུམ་པ། ཐེངས་གཉིས་པའི་དཔྱད་རྩོམ་བགྲོ་གླེང་སྐབས་ཀྱི་ཚད་མ་དང་འབྲེལ་བའི་དྲི་བ་དོན་ཚན་བདུན།
༡ གཟུང་ཡུལ་གསུམ་གྱི་ལྟོས་གཞིའི་བློ་རིག་ལ་སོ་སྐྱེས་ཀྱི་ཤེས་པ་དགོས་མིན་སྐོར།
༢ རྫས་ལྡོག་ལ་བརྟེན་པའི་བོན་གྱི་རྫས་ལྡོག་གཉིས་ངོས་བཟུང་སྟེ་རྫས་ལ་བརྟེན་པའི་བོན་ཡིན་ན། རྫས་གཅིག་ལ་མི་འདུ་བས་ཁྱབ་དགོས་མིན་སྐོར།
༣ བཀའ་ལུང་ཚད་མ་ལ། རྒྱལ་བའི་བཀའ་ལུང་དང་བློ་རིག་གཉིས་ཆ་ཡོད་མེད་སྐོར།
༤ ཕྱོགས་སྟོན་པའི་སྐབས་ཀྱི་རྗེས་སུ་དཔག་བྱའི་སྒྲ་ཡིན་ན། སྐབས་སུ་བབ་པའི་བོན་ཅན་ལས་གཞན་ལ་མི་འཇུག་པས་ཁྱབ་མ་ཁྱབ་ཀྱི་སྐོར།
༥ རྟགས་སྦྱོར་གཅིག་གི་དབང་དུ་བྱས་ཏེ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཁ་ཚོད་མ་ཆོད་པའི་བོན་ཡོད་མེད་སྐོར།
༦ བོན་རང་ལུགས་ལ་སྒྲ་ལ་མཉན་བྱས་མི་རྟག་པར་བསྒྲུབ་པ་ན། མཉན་བྱ་རྟགས་ཡང་དག་ཡིན་མིན་སྐོར།
༧ ཚུལ་གསུམ་ངེས་རུང་གི་རྟགས་ཡིན་ན། སྐབས་བབ་ཀྱི་རྒོལ་བས་ཚུལ་གསུམ་ཚད་མས་མ་ངེས་པས་ཁྱབ་པ་དང་། ངེས་པའི་རྟགས་ཡིན་ན། སྐབས་བབ་ཀྱི་རྒོལ་བས་ཚུལ་གསུམ་ཚད་མས་ངེས་པས་ཁྱབ་མ་ཁྱབ་ཀྱི་སྐོར།
བཞི་པ། རྩོམ་ཡིག་བསྡུ་བའི་དུས་ཚོད།
སྤྱི་ལོ ༢༠༢༤ སྤྱི་ཟླ ༩ ཚེས ༡༥ ནས། ཟླ་བ ༡༠ ཚེས ༢༠ བར་ཡིན།
ལྔ་པ། དཔྱད་གླེང་ཚོགས་འདུ་སྐོར་གྱི་གསལ་བཤད།
འདི་གར་བརྩམས་ཆོས་འབྱོར་རྗེས། ཐེངས་འདིའི་དཔྱད་འདེམས་དགེ་རྒན་རྣམ་པས་དཔྱད་འཇོག་བརྒྱུད་ནས་དཔྱད་སྐར་མཐོ་ཤོས་ཀྱི་བརྩམས་ཆོས་དག་གི་རྩོམ་པ་པོ་རྣམས་ལ་བློ་འབྱེད་ཚང་གིས་སྒེར་ནས་འབྲེལ་བ་གནང་རྒྱུ་ཡིན་པས་ཐུགས་འཇགས་ཞུ།  
རྩོམ་བསྐུར་ཡུལ།
ཡིག་ཟམ། 813680610@qq.com
འབྲེལ་གཏུག་གནང་ཡུལ།
གདོང་སྐལ་བཟང་།18283744456
ཤེས་རབ་བློ་གྲོས། 15884088240
གནའ་བོའི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།
2024 ལོའི་ཟླ་བ 9 ཚེས 15 ཉིན།  བློ་འབྱེད་ཚང་གིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།