བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

[ཟླ་ཚེས། 2024-09-08 16:15:04][རྩོམ་པ་པོ། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།][རྩོམ་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།][ཀློག་གྲངས། ]

ཚེས་27ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་དང་། ལོ་རྒྱུས། ལག་ལེན་སོགས་ཀྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད། ཕྱོགས་ཁག་གི་ཉམས་མྱོང་ཕྱོགས་སྡོམ་དང་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བར་རིག་གཞུང་ལས་རིགས་ཀྱི་བློ་གྲོས་འདོན་ཆེད་རེད།

ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་དུས་ཡུན་ཉིན་གཅིག་ཡིན་ཞིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲེ་ཅང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་ནང་བསྟན་སློབ་གླིང་སོགས་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ལྷན་གཅིག་ཏུ་འཛོམས་ནས“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལག་ལེན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་བཅས་ཡན་ལག་ཚོགས་ར་3བཙུགས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་དང་། ལག་ལེན་གྱི་ཐབས་ལམ། “སྣ་མང་གཞི་གཅིག་ཅན” ཚན་རིག་གི་ནང་དོན། དུས་རབས་ཀྱི་རིན་ཐང་། སྐད་བརྡའི་མ་ལག་འཛུགས་པ། སྤེལ་རེས་མཉམ་འདྲེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཕྱོགས་མང་པོའི་ཐད་ནས་གྲོས་བསྡུར་ཚ་ཚ་འུར་འུར་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། དགེ་མཚན་ལྡན་པ་དང་བློ་སྒོ་འབྱེད་པའི་རིག་གཞུང་ལྟ་བ་མང་པོ་བཏོན་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།