《ཚོགས་ཆེན་ཉི་ཤུ་ཚུན་གྱི་ཡིག་ཚགས་གལ་ཆེན་གཅེས་བསྒྲིགས》ཀྱི་སྟོད་ཆ་པར་སྐྲུན་འགྲེམས་སྤེལ་བྱས་པ།

[ཟླ་ཚེས། 2024-08-21 16:10:21][རྩོམ་པ་པོ།  ཞིན་ཧྭ་དྲ་བ།][རྩོམ་ཁུངས།  རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།][ཀློག་གྲངས། ]

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚུན་གྱི་ཡིག་ཚགས་གལ་ཆེན་གཅེས་བསྒྲིགས》ཞེས་པའི་སྟོད་ཆ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཚེས18ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚུན་གྱི་ཡིག་ཚགས་གལ་ཆེན་གཅེས་བསྒྲིགས》ཞེས་པའི་སྟོད་ཆ་ནི། 2022ལོའི་ཟླ10པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པ་ནས2024ལོའི་ཟླ3པར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ་བའི་བར་གྱི་ཡིག་ཚགས་གལ་ཆེན་དག་ཡིན་ལ། བསྡོམས་པས་རྩོམ་ཡིག75དང་ཡིག་འབྲུ་ཁྲི62ལྷག་ཡོད། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག33དང་། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གཞན་དག་གི་རྩོམ་ཡིག18བཅས་ཡོད་ལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་ཡིག་ཆ24བཅས་ཡོད། ཡིག་ཆ་གལ་ཆེན19ནི་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་རེད།

གཅེས་བསྒྲིགས་བྱས་པའི་ཡིག་ཆ་གལ་ཆེན་དེ་དག་གིས་དུས་སྐབས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཛ་དྲག་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་འགན་འཁྲི་ལ་ཁ་གཏད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དོན་འཁྱོལ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། དཀའ་སྤྱད་འབད་བརྩོན་གྱིས་མདུན་སྐྱོད་བྱས་པ་དང་། བརྟན་བརླིང་ཡར་ཐོན་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་ཁྲིད་བྱས་ནས། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ལ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་ཐུབ་པ་དང་ནང་ཕྱོགས་ཀྱི་དཀའ་ངལ་ཁྱད་བསལ་བྱས་ནས། པྲོག་གསར་རིམས་ནད་ལ་བརྟན་བརླིང་སྒོས་སྔོན་འགོག་བྱས་པ་དང་། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བར་བྱས་པ། དམངས་ཚིས་འགན་སྲུང་ཕན་ཡོད་ནུས་ཡོད་དུ་གྱུར་པ། ཏན་ཏིག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བརྟན་འཇགས་ཀྱི་སྤྱི་ཚོགས་གནས་བབ་སྲུང་འཛིན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་པ་ཇི་མ་ཇི་བཞིན་དུ་ཟིན་ཐོར་བཀོད་ཡོད་པ་དང་། དུས་སྐབས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་ལ་དམིགས་ནས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་གྱི་རང་སྟོབས་རང་སྤེལ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། བསམ་པའི་རིག་གནས་བྱ་བའི་དྲིལ་སྒྲོག་ལ་ཤུགས་སྣོན་པ། དངོས་གནས་དམངས་འཚོར་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཞང་ཀང་དང་ཨོ་མོན། ཐའེ་ཝན་བཅས་ཀྱི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཏོན་པའི་དགོངས་པ་གལ་ཆེན་དང་ཇུས་ཆོད་གལ་ཆེན། གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་གསར་པ་བཅས་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། “གཏན་ཕབ་གཉིས”ནི་ཏང་གིས་དུས་རབས་གསར་པར་བླངས་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཀྱང་ཡིན་ལ། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མིན་པའི་རང་བཞིན་མཐའ་དག་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་དང་། གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚུན་གྱི་ཡིག་ཚགས་གལ་ཆེན་གཅེས་བསྒྲིགས》ཞེས་པའི་སྟོད་ཆ་པར་སྐྲུན་བྱས་པ་དེ་ལས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱེད་པར་བསླབ་གཞི་གལ་ཆེན་འདོན་སྤྲོད་བྱས་པ་དང་། ཏང་ཡོངས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མདུན་ལམ་རྒྱ་ཆེན་པོ་བཏོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་རྩོམ་པར་དོན་སྙིང་གལ་ཆེན་ལྡན། ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།