༢༠༢༤ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2024-06-09 01:02:31][རྩོམ་པ་པོ། སློབ་གླིང་གསར་འགོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྐྱབས་རྗེ་སྣང་ཞིག་ཁྲི་ཆེན་རིན་པོ་ཆེ ༧ སྣང་སྟོན་རྒྱལ་བ་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག


ཚོགས་གཙོ་རྒྱ་ཤོད་དང་ཐེངས་འདིའི་ཡིག་ཆའི་རྒྱུགས་སྤྲོད་ཀྱི་འགན་འཛིན་སློབ་དཔོན་རྣམ་གསུམ།

  ༧ གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་ཉག་མ་༤༡པ་གནམ་ལོ་ཁྲོ་མོ་ཞེས་པ་བོད་ཤིང་ཕོ་འབྲུག་གམ་སྤྱི་ལོ་༢༠༢༤ལོའི་ཟླ་༦ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག གཤེན་བསྟན་གངས་ཀྱི་ལྷུན་པོ་ལས་བབས་པའི་མདོ་སྔགས་རྗོགས་གསུམ་གྱི་ཆུ་ཀླུང་འབུམ་ཕྲག་གཅིག་ཏུ་འཁྱིལ་བའི་ཆུ་གཏེར་ཆེན་པོ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་རྒྱུགས་ཆེན་གསུམ་གྱི་ཡ་གྱལ་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འགོ་དངོས་སུ་བརྩམས། སྐྱབས་རྗེ་སྣང་ཞིག་ཁྲི་ཆེན་རིན་པོ་ཆེ་༧སྣང་སྟོན་རྒྱལ་བ་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་དབུ་བཞུགས་འོག ནང་ཆེན་ཆེ་ཁག་གི་གདན་ས་འཛིན་པའི་བླ་སྤྲུལ་རྣམས་དང་ཚོགས་ཆེན་དཔོན་སློབ། ཚོགས་ཆེན་ཞལ་ངོ་དང་དབུ་མཛད་ཆེ་ཆུང་། དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྨང་གཞིའི་ཤེས་བྱ་གསོ་སྐྱོང་གླིང་གི་ཚོགས་གཙོ་དང་ཚོགས་གཞོན་སོགས་ལས་སྣེ་རྣམས་དང་། ད་དུང་སྐལ་ལྡན་གྱི་སློབ་མའི་ཚོགས་ལ་ཤེས་རིག་གི་ལམ་སྒོ་ཕྱེ་ཞིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞབས་ཏོག་ཚུལ་བཞིན་བསྒྲུབ་པའི་བཤེས་གཉེན་དམ་པའི་ཚོགས་རྣམས་དཔང་བོར་བཞུགས་ཤིང་། ཚོགས་གཙོ་རྒྱ་ཤོད་དགེ་བཤེས་ལགས་ཀྱིས་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་སྒྲིག་ལམ་དང་སློབ་མ་སོ་སོས་རིག་པ་ནན་མོའི་སྒོ་ནས་རྒྱུགས་འབྲས་བརྩོན་ལེན་གནང་དགོས་ཚུལ་སོགས་བསླབ་བྱ་རྒྱ་ཆེར་གནང་སྟེ། རྣམ་དཔྱོད་གློག་ལས་མྱུར་བའི་རྒྱུགས་ཞུགས་སློབ་མ་ཡོངས་ཀྱིས་ཉིན་མཚན་དུས་དྲུག་ཀུན་ཏུ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་བྲེལ་ནས་མཚན་ཉིད་མདོ་དང་སྔགས་བླ་མེད་རྫོགས་པ་ཆེན་པོ་སོགས་གཡུང་དྲུང་བོན་གྱི་གཞུང་ཆེན་དག་ལ་ཐོས་བསམ་སློབ་གཉེར་བྱས་པའི་གྲུབ་འབྲས་བཟང་པོ་དག་ཉིན་འདི་དང་འབྲེལ་ཏེ་མཁྱེན་ལྡན་རྣམས་པའི་སྤྱན་སྔར་ཕུལ་བཞིན་པའོ།།







 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།