《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》དང་འབྲེལ་དཔེ་ཀློག་གི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2024-01-29 23:52:05][རྩོམ་པ་པོ། ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》དང་འབྲེལ་དཔེ་ཀློག་གི་མཛད་སྒོ་སྤེལ་བ།

  དཔེ་ཀློག་ནི་གནའ་ནས་བཟུང་འགྲོ་བ་མིའི་སློབ་སྦྱོང་བྱེད་ཐབས་གཙོ་བོ་ཞིག་ཡིན། ད་ལྟའང་དེ་བརྒྱུད་འཛིན་དང་དར་སྤེལ་ཆེད་དཔེ་དེབ་བརྩམས་པ་དང་པར་སྐྲུན་བྱེད་པ། དཔེ་ཀློག་མཛད་སྒོ་སྤེལ་རེས་སོགས་བྱེད་དང་བྱེད་བཞིན་པ་རེད། ད་ལན་ཡི་གེ་ཚང་ཞེས་པའི་དཔེ་མཛོད་ཁང་གི་བཀོད་སྒྲིག་ལྟར། མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་སྤྱི་ལོ་༢༠༢༤ལོའི་ཟླ་དང་པོའི་ཚེས་ཉེར་བདུན་གྱི་དགུང་དྲོའི་དུས་ཚོད་བདུན་གྱི་སྟེང་དུ་ཁྲིན་ཏུའུ་སྤོས་ལྡན་གྲོང་ཁྱེར་ནས་《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》དང་འབྲེལ་བའི་དཔེ་ཁྲིད་གཟབ་རྒྱས་གནང་འདུག དཔེ་ཁྲིད་ཀྱི་ནང་དོན་གཙོ་བོ་དཔེ་ཆ་འདི་བརྩམས་པའི་བརྒྱུད་རིམ་དང་མྱོང་ཚོར། དཔེ་དེབ་འདིའི་རྒྱུ་ཆ་གལ་ཆེན་ངོ་སྤྲོད་དང་ཞིབ་འཇུག་གི་ཐབས་ལམ་སོགས་ཀྱི་ཐད་ནས་ངོ་སྤྲོད་ཁ་གསལ་གནང་ཡོད། དཔེ་ཁྲིད་ཚར་རྗེས་དྲི་བ་དྲིས་ལན་གྱི་སྐབས་དང་བསྟུན་ནས་་ལྟ་བ་བརྗེ་རེས་ཀྱི་ཚུལ་དུ་བགྲོ་གླེང་བྱས་པའི་གནས་ཚུལ་ཙམ་མོ།།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།