སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་རོང་བྲག་རྫོང་དཔག་བསམ་ལྗོན་པའི་གླིང་དུ་འཚོགས་པ།
[ཟླ་ཚེས། 2023-09-22 10:19:16][རྩོམ་པ་པོ། དྲུང་ཡིག་ཚན་ཁག །][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་དཀར་མཛེས་ཁུལ་རོང་བྲག་རྫོང་དཔག་བསམ་ལྗོན་པའི་གླིང་དུ་འཚོགས་པ།


ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བཅས་ཀྱི་དགོངས་དོན་ལྟར། དེ་ཡང་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ལོ། སྤྱི་ལོ་༢༠༢༣ལོའི་ཟླ་བ་༩པའི་ཚེས་༧ནས་ཚེས་༩པའི་བར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་སི་ཁྲོན་དཀར་མཛེས་ཁུལ་རོང་བྲག་རྫོང་དཔག་བསམ་ལྗོན་པའི་གླིང་དུ་འཚོགས་པ་སྟེ།



༢༠༢༣ལོའི་ཟླ་བ་༩པའི་ཚེས་༦ཉིན་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པ་རྣམས་སྔ་ཕྱིར་རིམ་བཞིན་དཔག་བསམ་ལྗོན་པའི་གླིང་དུ་འབྱོར་པ་དང་། ཚེས་༧ཉིན་དཔག་བསམ་ལྗོན་པའི་གླིང་གི་ཉེ་འདབ་འདམ་མདོ་ཤང་དགེ་བཤེས་རྩའི་གཞིས་སྒར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་འཚོགས་ཏེ། ཚོགས་གཙོ་རྒན་གཞོན་རྣམ་པ་དང་། མཚན་འཛིན་ཚོགས་གཙོ། དྲུང་ཡིག་རྒན་གཞོན་བཅས་འཚོགས་ཏེ་སྤྱིར་ད་ཐེངས་ཀྱི་ཚོགས་འདུའི་འགྲོ་རིམ་དང་དགོངས་དོན་སོགས་ཀྱི་ཐད་ལ་གྲོས་གཞི་གནང་བ་དང་། ཁྱད་པར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་མི་སྣ་བརྗེ་སྤོའི་འདེམས་སྟངས། ཡང་ཁྱད་དུ་སྐབས་གསུམ་པའི་རྒྱུན་གཙོ་བཞི་ཡི་འོས་མི་འདེམས་བསྐོའི་གྲོས་གཞི་བཅས་ཀྱི་ཚོགས་འདུ་འཚོགས་པ་དང་། གཞན་དྲུང་ཡིག་ཚན་ཁག་གིས་ཕྱོགས་ནས་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། དགོན་པའི་འཐུས་ཚབ། ས་གནས་ཀྱི་འཐུས་ཚབ། དེ་བཞིན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་སྒྲིག་ཞུའི་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་། སྒྲིག་ཞུའི་ལས་འཛིན་མི་སྣ་སོགས་ཀྱི་འབྱོར་ཐོ་བཀོད་པ་དང་།














དེ་ནས་དགོང་མོ་ཆུ་ཚོད་༨པའི་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་དཔག་བསམ་ལྗོན་པའི་གླིང་དུ་ཚོགས་ཁང་ཆེན་མོར་འཚོགས་པ་དང་། འཚོགས་ཐོག་ཏུ་༧ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེ། མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ། བློ་འདྲིའི་མི་སྣ་གདོང་བཙུན་རྒྱ་ཐར། ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སེང་སྤྲུལ་རིག་འཛིན་ཉི་མ། རག་བླ་ཀུན་གསལ་སྙིང་པོ། མང་སྤྲུལ་བསོད་ནམས་གཡུང་དྲུང་། པཎ་ཙ་བསྟན་འཛིན་དར་རྒྱས། མཁན་མོ་བདེ་ཆེན་དབང་མོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ། སྤྲུལ་ཚུལ་ཁྲིམས་པད་མ་རིན་ཆེན། སྔགས་འཆང་བསོད་ནམས་ཚེ་རིང་བཅས་ཚོགས་གཞོན་རྣམ་པ་དང་། དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། བོན་བརྒྱ་བསྟན་པའི་ཉི་མ། ཁྲོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། མཁན་པོ་ཚེ་དབང་རིག་འཛིན། ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད། རྒྱལ་མཚན་དྲི་མེད་བཅས་དྲུང་ཡིག་ཚན་ཁག་སོགས་དང་། དེ་བཞིན་དུ་རྒྱུན་ལས་རྣམ་པ་དང་དགོན་སྡེ་ཁག་གི་འཐུས་ཚབ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་སྒྲིག་ཞུའི་ཨུ་ཡོན་ལྷན་ཁང་མི་སྣ། སྒྲིག་ཞུའི་ལས་འཛིན་མི་སྣ་སོགས་འབྲེལ་ཡོད་མི་སྣ་༣༠༠ཡས་མས་ཤིག་ཚོགས་འདུར་ཕེབས་པ་དང་།



མདོ་འཛིན་པ་རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་གནང་སྟེ། སྤྱིར་ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་དང་དགོས་པ། དེ་བཞིན་འབྲེལ་ཡོད་ཀྱི་ལས་དོན་སོགས་ཀྱི་གསུང་བཤད་དང་འབྲེལ་ཏེ་མདོ་འཛིན་གནང་ལ། དེ་ནས་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་༼གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད་དང་ལས་གཞི་འབུར་ཐོན་ཅན་ཁག་ཅིག་གི་གནས་ཚུལ་ཡར་ཞུ།༽ གཙོར་དོན་གྱི་ཁ་བྱང་བཟུང་སྟེ། ཚན་པ་དང་པོ། སྐབས་གཉིས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད་ལ་ནང་གསེས་དོན་ཚན་བདུན་གྱི་སྒོ་ནས་ཚོགས་འདུ་ཆེ་ཆུང་བདུན་གྱི་གྲོས་ཆོད་ཁག་རྣམས་འགྲུབ་མིན་གྱི་གསལ་བཤད་དང་འབྲེལ་ཏེ་ངོ་སྤྲོད་གནང་ལ། ཚན་པ་གཉིས་པ། ལས་གཞི་འབུར་ཐོན་ཁག་ཅིག་གི་གནས་ཚུལ་ལ་ནང་གསེས་དོན་ཚན་བཅུའི་སྒོ་ནས། ༡་ རྒྱུ་ཚེགས་སྙིང་སྟོབས་སུམ་སྒྲིལ་གྱི་ངལ་བ་ཐོད་དུ་བསུས་ཏེ་གཞུང་ལས་ཁང་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙུགས་པ། ༢་ ཞང་ཞུང་ཤེས་རིག་ཞིབ་འཇུག་ཅེས་པའི་དཔྱད་དེབ་ཐེངས་གཉིས་ལ་པར་དུ་བསྐྲུན་པ། ༣་ ཁྲི་འཛིན་སོ་གསུམ་སྐུ་གདུང་སྨན་རིར་བཞུགས་གསོལ་གནང་སྟེ་རི་ལྟར་ལྗིད་པའི་ཁོང་གི་སྐུ་དྲིན་ལ་གདུང་ཚོར་ཟབ་མོས་དྲན་གསོ་ཞུས་པ། ༤་ དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་བོད་དུ་ཕེབས་པ་ལ་འཚམས་འདྲི་ཞུ་བར་བསྐྱོད་པ། ༥་ ཁྲི་འཛིན་༣༤པའི་འཁྲུངས་གཞིས་སུ་ལེགས་གསོལ་འཚམས་འདྲིའི་ལྷ་དར་སྒྲོན་པར་ཕེབས་པ། ༦་ དབལ་ཁྱུང་དགོན་པའི་བཀའ་འགྱུར་ལྷ་ཁང་གསར་བཞེངས་ལ་སྒོར་ཁྲི་ཉི་ཤུའི་ཞལ་འདེབས་ཕུལ་བ། ༧་ དབལ་ཁྱུང་བཀའ་འགྱུར་མཚོན་དཔེར་བྱས་པའི་བོན་གྱི་ཡིག་རྙིང་པོ་ཏི་སྟོང་ཕྲག་ལྷག་ལས་བརྒལ་བ་གློག་ཀླད་ནང་བཤེར་འབེབས་ཞུས་པ། ༨་ བསམ་བཞིན་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་པ་སྐྱོང་བཞིན་པའི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དགུང་གྲངས་གོ་ལྔ་བཞེས་པའི་དུས་སྟོན་བརྟན་བཞུགས་མཎྚལ་འདེགས་འབུལ་མཛད་སྒོ་སྤེལ་བ། ༩་ མི་ཡུལ་ན་བརྩེ་སེམས་ཡོད་པ་མཚོན་ཕྱིར་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་སྒོར་ཁྲི་བཅུ་ཞལ་འདེབས་ཕུལ་བ། ༡༠་ གཤེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ལ་ཁྲི་བརྟན་ནོར་བུ་རྩེར་ཕེབས་བསྐྱོད་མཛད་པ་བཅས་ཀྱི་སྒོ་ནས་མི་ལོ་བརྒྱད་ཀྱི་རིང་དུ་བསྟན་པའི་ལས་དོན་ཕྱག་ལས་གནང་ཚུལ་སྐོར་དང་འབྲེལ་ཏེ་སྐབས་གཉིས་པའི་ལས་ཡུན་ཕྱོགས་བསྡོམས་གསུང་བཤད་གལ་ཆེན་གནང་།
དེ་ནས་དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ལས་དོན་གྱི་སྐོར་དང་ཁྱད་པར་དུ་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༼ པོད་༡༠༨ཅན།༽སྒྲིག་ཞུ་གཏན་འབེབས་དང་དཔེ་བསྡུར་གྱི་ཕྱག་ལས་གནང་སྟངས་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་།
དེ་ནས་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ནས་༢༠༡༥ལོ་ནས་༢༠༢༣ལོའི་བར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚུར་ཡོང་དང་ཕར་སོང་། བར་ལྷག་ཆད་ཀྱི་སྐོར་ལ་སྙན་ཞུ་ཕུལ་བ་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༼པོད་༡༠༨ཅན།༽སྒྲིག་ཞུ་དང་དཔེར་བསྡུར་སོགས་ཀྱི་སྐབས་སུ་འགྲོ་སོང་སོགས་དང་འབྲེལ་ཏེ་གསུང་ཤད་གལ་ཆེན་གནང་།
དེ་ནས་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ནས་༢༠༡༥ལོ་ནས་༢༠༢༣ལོའི་བར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚུར་ཡོང་དང་ཕར་སོང་། བར་ལྷག་ཆད་ཀྱི་སྐོར་ལ་སྙན་ཞུ་ཕུལ་བ་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༼པོད་༡༠༨ཅན།༽སྒྲིག་ཞུ་དང་དཔེར་བསྡུར་སོགས་ཀྱི་སྐབས་སུ་འགྲོ་སོང་སོགས་དང་འབྲེལ་ཏེ་གསུང་ཤད་གལ་ཆེན་གནང་།


དེ་ནས་སྤྱི་ཚེས་༨ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་ཚོགས་ཆུང་འཚོགས་པ་སྟེ། ཚན་ཆུང་དང་པོ། བོད་ལྗོངས་ཀྱི་ཚོགས་ཞུགས་པ་རྣམས། འགོ་འཛིན་པ། ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། དྲུང་ཡིག་པ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།


ཚན་ཆུང་གཉིས་པ། མཚོ་སྔོན་དང་ཀན་སུའུ་ཚོགས་ཞུགས་པ་རྣམས། འགོ་འཛིན་པ། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། རག་ཤི་ཀུན་གསལ་སྙིང་པོ། དྲུང་ཡིག་པ། མཁན་པོ་བསྟན་པའི་ཉི་མ། མཁན་པོ་ཚེ་དབང་རིག་འཛིན།


ཚན་ཆུང་གསུམ་པ། རྔ་པ་ཁུལ་གྱི་ཚོགས་ཞུགས་པ་རྣམས། འགོ་འཛིན་པ། མཁན་མོ་བདེ་ཆེན་དབང་མོ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ། དྲུང་ཡིག་པ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། རྒྱལ་མཚན་དྲི་མེད།


ཚན་ཆུང་བཞི་པ། དཀར་མཛེས་ཁུལ་གྱི་ཚོགས་ཞུགས་པ་རྣམས། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། པཎ་ཙ་བསྟན་འཛིན་དར་རྒྱས། དྲུང་ཡིག་པ། མཁན་པོ་ཚེ་རིང་ནོར་བུ། ཁྲོ་གཙུག་ཕུད་ཚུལ་ཁྲིམས། ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད་བགོས་ནས་ཚོགས་ཞུགས་པ་ཡོངས་ཀྱིས་རང་རང་གི་བསམ་ཚུལ་དང་ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན། ང་ཚོའི་འཕྲག་ཏུ་འབབ་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་རྣམས་དང་། དུས་རབས་དང་བསྟུན་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སོགས་ཀྱི་བསམ་ཚུལ་རང་མོས་སུ་བགྲོ་གླེང་གནང་སྟེ། ཚན་ཆུང་ཁག་གི་དྲུང་ཡིག་པ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་དང་།





དེ་ནས་ཉིན་གུང་ཆུ་ཚོད་༣པའི་སྟེང་ཚོགས་ཆེན་འཚོགས་ཏེ། དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་སྟེ་ཚན་ཆུང་སོ་སོའི་དྲུང་ཡིག་པ་རྣམས་ཀྱིས་ཚོགས་མི་རྣམས་ཀྱིས་བསམ་འཆར་དང་རེ་བ་སོགས་ཕྱོགས་བསྡོམས་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་ཕུལ་བ་དང་།



དེ་ནས་རོང་བྲག་རྫོང་དཔག་བསམ་ལྗོན་པའི་གླིང་གི་ལྷ་སྡེ་འཐུས་ཚབ་ཀྱིས་སྤྱིར་གཡུང་དྲུང་བོན་གྱི་སྐྱེས་ཆེན་བླ་སྤྲུལ་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། དགོན་པའི་འཐུས་ཚབ་རྣམ་པ། བཀའ་འགྱུར་སྒྲིག་ཞུ་བ་སོགས་གཙོས་པའི་ཚོགས་ཞུགས་པ་རྣམས་ལ་བཀའ་དྲིན་ཞུས་པ་དང་། ཁྱད་པར་དུ་སྤྲུལ་པད་མ་རིན་ཆེན་མཆོག་ལ་བཀའ་དྲིན་བླ་ལྷག་ཆེ་ཚུལ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་།






དེ་ནས་ཆུ་ཚོད་༤དང་སྐར་༣༠ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དང་འབྲེལ་བའི་ལས་རིགས་མི་སྣ་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་གནང་རྒྱུའི་མཛད་སྒོ་འཚོགས་ཏེ། ཐོག་མར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གཤེན་རྣམས་དང་བཀའ་འགྱུར་ལས་དོན་ཐད་ལ་བཀའ་དྲིན་ཆེ་བའི་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་སོགས་དང་། དེ་ནས་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་སོགས་སྤྱི་ཁྱབ་སློབ་སྟོན་རྣམ་པ་དང་སྤྱི་ཁྱབ་བཀོད་སྒྲིག་རྣམ་པ་བཅས་དང་།
















དེ་བཞིན་སྨན་རིའི་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་གཙོས་པའི་སྒྲིག་ཞུའི་ཨུ་ཡོན་ལྷན་ཁང་གི་མི་སྣ་བཅོ་དང་ལྔ། ཨ་ཀྲོང་དགེ་བཤེས་ཤེས་རབ་ལྷུན་གྲུབ་གཙོས་པའི་སྒྲིག་ཞུའི་ལས་འཛིན་མི་སྣ་དྲུག་ཅུ་རེ་གཉིས། ཟུར་རྒྱན་ཚན་ཁག་སྟེ། དཔེ་རྙིང་འཚོལ་བསྡུའི་ཚན་ཆུང་། དཀར་ཆག་རྩོམ་སྒྲིག་ཚན་ཆུང་། ལྷ་སྐུ་གཏེར་རྟགས་ཚན་ཆུང་། ཇུས་འགོད་བཀོད་སྒྲིག་ཚན་ཆུང་། ཟུར་རྒྱན་ལྷན་ཐབས་རྩོམ་སྒྲིག་ཚན་ཆུང་། བཀའ་འགྱུར་རྗེས་ཤུལ་མཛད་སྒོའི་བཀོད་སྒྲིག་ཚན་ཆུང་། གཟེངས་རྟགས་བཀོད་སྒྲིག་ཚན་ཆུང་། གསར་འགྱུར་བཀོད་སྒྲིག་ཚན་ཆུང་། སྒྲོན་བསྐལ་རྟགས་མཆོད་མའི་བཀོད་སྒྲིག་ཚན་ཆུང་། གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཚན་ཆུང་བཅས་ཀྱི་མི་སྣ་ཡོངས་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་ཕུལ་བ་དང་། དེ་ནས་གཞུང་འབྲེལ་སྒོ་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་སོགས་ཉར་ཚགས་དང་པར་སྐྲུན་མཛད་མཁན་རྣམས་ཏེ། དབལ་ཁྱུང་དགོན་གཞུང་དང་། ཨ་གཡུང་གཤེན་བསྟན་མཐའ་རྒྱས་རིན་པོ་ཆེ། བོན་བློན་ནམ་མཁའ་བསྟན་འཛིན་རིན་པོ་ཆེ། གྲུབ་དབང་བསྟན་པའི་ཉི་མ་རིན་པོ་ཆེ། སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེ། ཨ་ཤག་འོད་ཟེར་སྦྱིན་པ་རྒྱ་མཚོ་མཆོག །རག་བླ་ཀུན་གསལ་སྙིང་པོ་མཆོག །རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་སོགས་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས། དམིགས་བསལ་བཀའ་འགྱུར་སྒྲིག་ཞུའི་ཐད་ལ་དཔལ་འབྱོར་གྱི་རོགས་འདེགས་མཁན་སྟེ། སྦྲ་ཆེན་མངའ་ལ་ནོར་བུ་དབང་འདུས་གཙོས་པའི་བོད་མདོ་དབུས་ཁམས་གསུམ་གྱི་བསྟན་པའི་སྦྱིན་བདག་རྣམས་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་འབྱོར་ལན་བཅས་ཕུལ།













དེ་ནས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ལ་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་རྣམ་པ་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་ཕུལ་བ་སོགས་ཀྱི་མཛད་སྒོ་འཚོགས་པ་དང་།












དེ་ནས་དགོང་མོ་ཆུ་ཚོད་༨པའི་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་གཙོ་བཞི་འདེམས་བསྐོའི་ཚོགས་འདུ་འཚོགས་པ་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྤྱི་ལོ་༢༠༠༧ལོར་མདོ་སྨད་སྣང་ཞིག་དགོན་ཆེན་དུ་སྟ་གོན་ཚོགས་འདུ་འཚོགས་པ་དང་། ༢༠༠༩ལོར་ཚོགས་འདུ་དངོས་སུ་དབུ་བརྙེས་ནས་ད་བར་མི་ལོ་བཅུ་ཕྲག་ལྷག་ཕྱིན་ཡོད་ཅིང་། སྐབས་དང་པོ་ལ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་གཙོས་པའི་རྒྱུན་ལས་རྣམ་པ་དང་། དེ་ནས་སྐབས་གཉིས་པ་ལ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་གཙོས་པའི་རྒྱུན་ལས་རྣམ་པ་ཚང་མས་མཁྱེན་གསལ་ལྟར་རེད་ལ། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་༧ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་མདོ་འཛིན་གནང་བ་དང་། རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་འདེམས་བསྐོའི་སྤྱི་ཁྱབ་བལྟ་ཞིབ་པ་དང་ཚོགས་གཞོན་རྣམ་པས་བལྟ་ཞིབ་པ་མཛད། དྲུང་ཡིག་ཚན་ཁག་གིས་འདེམས་བསྐོའི་ཞིབ་བཤེར་པ་བཅས་གནང་སྟེ། སྐབས་གསུམ་པའི་རྒྱུན་གཙོ་བཞི་སྟེ། ཚོགས་གཙོ་དང་རྒྱུན་ལས་ཚོགས་གཞོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་འདེམས་བསྐོ་གནང་བ་སྟེ། འདེམས་བསྐོ་འཕེན་མཁན་ཚོགས་འདུ་ལ་དངོས་སུ་ཕེབས་པའི་རྒྱུན་ལས་རྣམ་པ་དང་དེ་བཞིན་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགོན་སྡེ་ཁག་དང་ས་གནས་ཀྱི་འཐུས་ཚབ་བཅས་ཁྱོན་འདེམས་ཤོག་འཕེན་མཁན་མི་སྣ་༢༠༡ཡོད་པ་རྣམས་ཀྱིས་འདེམས་ཤོག་འཕང་སྟེ་གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་གོང་འོག་བར་གསུམ་གྱི་ཡ་གྱལ་༧གདན་ས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚོགས་གཙོ་ཆེན་མོར་འདེམས་པ་དང་། མདོ་སྨད་ཟིང་ཆུ་རྫོང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་ཚོགས་གཙོ་གཞོན་པར་འདེམས། སྐབས་གཉིས་པའི་དྲུང་ཡིག་ཆེན་མོ་གཞོན་པ་སྟེ་རིན་སྤུངས་ཚུལ་བསྟན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་དྲུང་ཡིག་ཆེན་མོར་འདེམས། མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་དྲུང་ཡིག་ཆེན་མོ་གཞོན་པར་འདེམས་ཐོན་བྱུང་སྟེ་ཚོགས་ཞུགས་པ་ཡོངས་ཀྱིས་དགའ་བསུ་ཞུས་པ་དང་།



ཁྱད་པར་དུ་སྐབས་དང་པོའི་ཚོགས་གཙོ་ཆེན་མོ་༧སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་སྐབས་གསར་པའི་རྒྱུན་གཙོ་རྣམ་བཞི་ལ་རྟེན་འབྲེལ་གྱི་གོས་ཆེན་དར་དཀར་དང་བཅས་རྟེན་འབྲེལ་དུ་གནང་།


དེ་ནས་༧ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་མཚན་འཛིན་རྣམ་པ་དང་། བློ་འདྲིའི་རྣམ་པ་དང་། ཚོགས་གཞོན་རྣམ་པ། དྲུང་ཡིག་པ་རྣམ་པ། རྒྱུན་ལས་ལས་འཛིན་རྣམ་པ་བཅས་ཁྱབ་བསྒྲགས་གནང་སྟེ། ཚོགས་ཞུགས་པ་ཡོངས་ཀྱིས་དགའ་བསུ་དང་རྟེན་འབྲེལ་ཞུས།









དེ་ནས་སྤྱི་ཚེས་༩པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩པའི་སྟེང་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ་འཚོགས་ཏེ། བླ་སྤྲུལ་མཁན་དགེ་གྲྭ་བཙུན་སྔགས་འཆང་སོགས་ཚོགས་ཞུགས་པ་ཡོངས་དང་དེ་བཞིན་རོང་བྲག་རྫོང་ཁོངས་ཀྱི་བླ་གྲྭ་རྣམས་དང་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མ་ལྷན་དུ་འཚོགས་ཏེ། སྤྱིར་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བ་དང་ཁྱད་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པ་དང་། ཡང་ཁྱད་དུ་གཡུང་དྲུང་གི་བོན་རིན་པོ་ཆེ་དར་ཞིང་རྒྱས་ཏེ་འགྲོ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་འཐོབ་པ་དང་ཚེ་བསོད་དཔལ་གྲགས་རྒྱས་པ་སོགས་ཀྱི་དོན་དུ་དམིགས་ཏེ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་སོགས་གསུངས་ནས་དད་ལྡན་དམངས་ཚོགས་ཡོངས་ཀྱིས་དད་པའི་རྟེན་དང་ཡིད་ཀྱི་གསོས་སུ་གྱུར།


དེ་ནས་ཆུ་ཚོད་༡༡པའི་སྟེང་ཚོགས་ཞུགས་པའི་བླ་སྤྲུལ་མཁན་དགེ་རྣམས་ཀྱིས་ཕྱོགས་ཁག་ནས་ཕེབས་པའི་དད་ལྡན་དམངས་ཚོགས་རྣམས་ལ་མཇལ་ཁའི་བཀའ་དབང་གནང་སྟེ་བསྟན་དང་འགྲོ་བ་རྣམས་ཀྱི་འདོད་བློ་ཚིམས་པར་མཛད།




དེ་ནས་ཉིན་གུང་ཆུ་ཚོད་༢པའི་སྟེང་ཚོགས་ཆེན་གྱི་མཇུག་བསྡོམས་གྲོས་ཆོད་ཀྱི་ཚོགས་ཆེན་འཚོགས་ཏེ། སྐབས་གཉིས་པའི་ཚོགས་གཙོ་ཆེན་མོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་མདོ་འཛིན་གནང་སྟེ། སྐབས་གསུམ་པའི་རྒྱུན་གཙོ་རྣམ་བཞི་གཙོས་པའི་མཚན་འཛིན་ཚོགས་གཙོ་རྣམ་པ། བློ་འདྲི་རྣམ་པ། ཚོགས་གཙོ་རྒན་གཞོན་རྣམ་པ། དྲུང་ཡིག་རྒན་གཞོན་དང་དྲུང་ཡིག་པ་རྣམ་པ། རྒྱུན་ལས་རྣམ་པ་བཅས་ཀྱི་འདེམས་ཐོན་བྱུང་བའི་མཚན་ཐོ་ཁྱབ་བསྒྲགས་གནང་སྟེ་ཁོང་རྣམ་པ་ཁྲི་བཞེངས་ཀྱི་རྟེན་འབྲེལ་ཞུས་པ་དང་། དེ་ནས་སྐབས་གཉིས་པའི་ཚོགས་གཙོ་དང་རྒྱུན་ལས་ཚོགས་གཞོན། དྲུང་ཡིག་ཆེན་མོ། དྲུང་ཡིག་གཞོན་པ་བཅས་ཀྱིས་ལས་དོན་ཡོངས་སུ་འགྲུབ་པའི་གསུང་བཤད་གནད་ཆེན་གནང་།










དེ་ནས་སྐབས་གསུམ་པའི་དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་གནང་སྟེ། ཚོགས་གཙོ་ཆེན་མོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། རྒྱུན་ལས་ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རྣམ་པ་བཞི་ཡིས་གསུང་བཤད་གནང་།. དེ་ནས་དྲུང་ཡིག་ཆེན་མོས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དོན་ཚན་དགུ་སྟེ་ཁྱབ་བསྒྲགས་གནང་།



དེའི་རྗེས་ཐེངས་འདིའི་ཚོགས་ཆེན་གྱི་བཀོད་སྒྲིག་འགན་འཛིན་པ་རོང་བྲག་རྫོང་དཔག་བསམ་ལྗོན་པའི་གླིང་གི་འགན་འཛིན་རྣམ་པས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་༧ཚོགས་གཙོ་རྒན་གཞོན་ལ་བརྒྱུད་སྤེལ་སོགས་ཞུས་པ་དང་། དེ་ནས་སྐབས་དང་པོའི་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་པ་སྤྲུལ་པད་མ་རིན་ཆེན་མཆོག་དང་དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱིས་ཞི་བདེ་སྨོན་ལམ་ཆེན་མོའི་ཐང་ག་སོགས་ཚོགས་གཙོ་རྒན་གཞོན་ལ་བརྒྱུད་སྤེལ་ཞུས་ཤིང་། ཚོགས་གཙོ་རྒན་གཞོན་གཉིས་ཀྱིས་སྐབས་གཉིས་པའི་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་གྱི་འགན་འཛིན་པ་པཎ་ཙ་བསྟན་འཛིན་དར་རྒྱས་མཆོག་དང་དྲུང་ཡིག་པ་སྤྲུལ་རིག་སྔགས་རྒྱ་མཚོ་གཉིས་ལ་བརྒྱུད་སྤྲོད་གནང་། དེ་ནས་ཚོགས་གཙོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་ཚོགས་ཆེན་གྱི་མཇུག་བསྡོམས་བསྟན་དོན་སྤྱི་ལ་སྨན་པའི་གསུང་བཤད་གལ་ཆེན་གནང་།


མཐར་ཚོགས་ཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་དེ་འགོ་བཀྲ་ཤིས་ཤིང་མཇུག་ཕུནུ་སུམ་ཚོགས་པའི་ངང་ནས་མཇུག་བསྡུས་པའོ། །
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་ནས།
སྤྱི་ལོ་༢༠༢༣/༠༩/༡༠/ཉིན།