ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།
[ཟླ་ཚེས། 2023-08-24 09:43:15][རྩོམ་པ་པོ། གསར་འགོད་པ། བྱམས་པ་ཚེ་རིང་།][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།][ཀློག་གྲངས། ]
སྤྱི་ཟླ་8ཚེས་21ཉིན་གྱི་དགོང་མོ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་སེང་གེ་ཁ་འབབ་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་ཡོད།

སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ལྗོངས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་། ཉམས་དགའི་ཞང་ཞུང་གནའ་ཉམས། མཛེས་པའི་མཁའ་དབྱིངས་མངའ་རིས་ཞེས་བརྗོད་དོན་གཙོ་བོར་བྱས་ནས་ཕྱི་ཕྱོགས་སུ་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མངའ་རིས་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་གཏོད་པ། མངའ་རིས་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཀྱི་རིན་ཐང་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ། ནང་ཁུལ་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚོང་འགུག་མ་འདྲེན་ལ་འགག་གཏོར་གསར་པ་ཡོང་བ་བྱེད་པ། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་འཕར་སྣོན་གསར་པ་ཡོང་བ་བྱེད་པ། མངའ་རིས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་མཐོའི་གོང་འཕེལ་ཡོང་བ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པ་རེད།

སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤྱི་ཁྱབ་འགན་འཁུར་བས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཞང་ཞུང་རིག་གནས་ཀྱི་འགོ་ཁུངས་ཡིན་པའི་ཆ་ནས། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་། སྲོལ་རྒྱུན་རིག་གནས། རང་བྱུང་ཁམས་ཀྱི་མཛེས་པ་བཅས་ཕྱི་ཕྱོགས་སུ་ངོ་སྤྲོད་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་སྒོ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོ་ནི་མཚན་མོར་གཉེར་བའི་འགོ་ཚུགས་མཛད་སྒོ་ཐོག་མ་དེ་རེད། ཉམས་དགའ་ཞིང་རྔམ་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་ཚོན་མདོག་སྣ་བརྒྱའི་ཤོག་སྦག་གི་སྟོན་མོ་ལས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ལ་མིག་ཡིད་གཉིས་ཀྱི་གསོས་སུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་དེ་དུས་ཡུན་ཉིན་བདུན་གཉེར་རྒྱུ་དང་། དེའི་རིང་ཞང་ཞུང་རིག་གནས་ཞིབ་བསྡུར་ཚོགས་འདུ་དང་། སྒར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན། དམངས་ཁྲོད་ལུས་རྩལ་བྱེད་སྒོ། ཆེད་དོན་རོལ་དབྱངས་མཚན་ཚོགས། ཚོང་འགུག་མ་འདྲེན་གྱི་གན་འཇོག་མཛད་སྒོ། བརྗོད་དོན་གཙོ་བོའི་འགྲེམས་སྟོན། ཚོང་འདུས། དངོས་མང་རྟེན་རྫས་ཁང་སྒོ་ཕྱེ་བའི་མཛད་སྒོ། རྫོང་བདུན་གྱི་རྫོང་དཔོན་གྱི་ཐད་གཏོང་ཁང་། མཚན་དགུང་སྤྱི་གླིང་གི་གནམ་རིག་བརྗོད་དོན་གཙོ་བོའི་བྱེད་སྒོ། ཞང་ཞུང་རིག་གནས་ཐང་ཆེན་གྱི་མཚན་ཁྲོམ་སོགས་ཁྱད་ཆོས་མངོན་པར་ཆེ་བའི་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་བཅུ་དགུ་སྤེལ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐྱིད་པོ། ལྷག་པ། མིག་དམར་རྒྱ་མཚོ།
གསར་འགོད་པ། བྱམས་པ་ཚེ་རིང་།
ཞུ་དག སྐྱིད་པོ། ལྷག་པ། མིག་དམར་རྒྱ་མཚོ།
གསར་འགོད་པ། བྱམས་པ་ཚེ་རིང་།