༢༠༢༣ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ།

[ཟླ་ཚེས། 2023-06-19 22:36:01][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ བོན་གྱི་འདུ་གནས་ཆེན་པོ་མདོ་སྨད་སྣང་ཞིག་དགོན་དུ་གནས་གཞིར་བྱས་པའི༼ གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང ༽ནི་རིག་གནས་ཆེ་ཆུང་གི་མ་ལག་ཆ་ཚང་བའི་སློབ་གླིང་ངམ་ཁྱད་པར་ཏུ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་འཐུས་སྒོ་ཚང་བའི་སློབ་སྦྱོང་བྱེད་གནས་ཀྱི་ཁོར་ཡུག་གྱ་ནོམ་པ་ཅན་ཞིག་ཡིན་པ་སྨོས་མེད་ལགས་ན།   ད་ལན་ཡང་སྔར་སྲོལ་བཞིན་ཕྱི་ལོ ༢༠༢༣ ལོའི་ཟླ ༦ ཚེས ༡༨ ཉིན་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་སྟ་གོན་དང་ཚེས ༡༩ ཉིན་དངོས་གཞིའི་རྒྱུགས་སྤྲོད་གནང་།  སྐབས་འདིའི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་ལ ༧ མདོ་སྨད་སྣང་ཞིག་ཆེན་པོའི་གདན་ས་སྐྱོང་བའི་ཁྲི་འཛིན་པ ༧ རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་རིན་པོ་ཆེ་མཆོག་དབུ་བཞུགས་འོག་དགོན་འདིའི་ནང་ཆེན་ཁག་དང་། ཚོགས་ཆེན་མཁན་པོ། ཚོགས་ཆེན་དགེ་སྐོས། ཚོགས་ཆེན་དབུ་མཛད། དོ་དམ་ཨུ་ཡོན་ལྷན་ཁང་སོགས་ལས་ཀྱི་སྣེ་མོ་བ་ཡོངས་དང་། སངས་རྒྱས་བསྟན་པའི་དོན་རླབས་པོ་ཆེ་ཕྲག་ཏུ་བཞེས་ནས་སློབ་ཚོགས་བརྒྱ་ཕྲག་དུ་མ་བསྐྱངས་དང་སྐྱོང་བཞིན་པའི་བསྟན་འཛིན་གྱི་དཔུང་གཉེན་ཆེན་པོ་དཔོན་གསས་དགེ་རྒན་ལྷན་རྒྱས་དང་། མི་ཚེ་ཐོས་བསམ་ལ་ཐིམ་ཞིང་ཤེས་རབ་རལ་གྲིའི་དབལ་སོ་བརྡར་དང་བརྡར་བཞིན་པའི་བསྟན་འཛིན་སློབ་བུའི་ཚོགས་རྣམས་སྔ་དྲོ་ཆུ་ཚོད་དགུ་བའི་ཐོག་རྒྱུགས་རར་འཁོད།

སྣང་ཞིག་ཁྲི་འཛིན་རིན་པོ་ཆེ་མཆོག །

གྲྭ་ཚང་གི་ལས་སྣེ་རྣམས།

སློབ་གླིང་གི་དགེ་རྒན་ལྷན་རྒྱས།
  རྒྱུགས་སྤྲོད་ལའང་རྩ་རྒྱུགས་དང་འགྲེལ་རྒྱུགས་གཉིས་སུ་ཕྱེས་པའི་རྩ་རྒྱུགས་ལ༼ རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་རྩ་བ།  གསང་དོན་རྣམ་འབྱེད།  དབུ་མ་བདེན་གཉིས། འདུལ་བ་མདོར་བསྡུས། སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན། ས་ལམ་འཕྲུལ་གྱི་སྒྲོན་མེ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད། ཚད་མའི་རྩ་བ༽སོགས་དང་འགྲེལ་རྒྱུགས་ལའང་༼ རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་འགྲེལ་བ། རྗེ་སྨན་རི་བ་ཆེན་པོའི་འཕྲུལ་སྒྲོན་རྣམས་ལྔ། མ་རྒྱུད་སངས་རྒྱས་རྒྱུད་གསུམ། སྟོན་པའི་ཐེག་འགྲེལ། གསང་སྔགས་བཀའ་འགྲེལ། ཕར་ཕྱིན་སྐབས་བརྒྱད། མཚོན་བྱེད་ཞེ་ལྔ། རྟགས་རིགས། སྡུད་གྲྭ ༽སོགས་རྒྱལ་བ་སྨན་རི་བའི་ཡིག་ཆ་གཞིར་བྱས་པའི་རྒྱུགས་སྤྲོད་ཀྱི་རྣམ་པ་ཅན་ཞིག་གོ།

ཡིག་ཆའི་རྒྱུགས་སྤྲོད་ཀྱི་འགན་འཛིན་རྣམ་གཉིས་ཀྱིས་རྒྱུགས་ཤོག་གསང་སྒམ་གྱི་སྒོ་འབྱེད་པ།

སློབ་གཙོ་རྒྱ་ཤོད་དགེ་བཤེས་མཆོག་ནས་ཐེངས་འདིའི་རྒྱུགས་གཞིའི་སྐོར་ནས་གསུང་བཤད་གནང་པ།

ཐེངས་འདིའི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་འགན་འཛིན་ལྷན་རྒྱས་རྣམ་པ།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།