ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུའི་༼རྒྱལ་སྤྱིའི༽གདན་ཡིག་ཐེངས་དང་པོ།

[ཟླ་ཚེས། 2023-04-19 09:44:02][རྩོམ་པ་པོ། ཚོགས་འདུའི་གོ་སྒྲིག་ཚོ་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


  
སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ལྷ་ས་-མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུའི་༼རྒྱལ་སྤྱིའི༽གདན་ཡིག་ཐེངས་དང་པོ།

 

གུས་པར་འོས་པའི་རྒན་ལགས་རྣམ་པ་སྐུ་ཁམས་བཟང་།

འདིར་སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུའི་གོ་སྒྲིག་ཚོ་ཆུང་གིས་སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ལྷ་ས་·མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་༼རྒྱལ་སྤྱིའི༽གྲ་སྒྲིག་བྱེད་བཞིན་ཡོད།  ཚོགས་འདུ་ནི་༢༠༢༣ལོའི་ཟླ་བ་༨པའི་ནང་ལྷ་སར་བསྐོང་འཚོགས་བྱ་རྒྱུ་ཡིན་པས་ད་ལྟ་གདན་འདྲེན་ཞུ་ཡིག་ཐེངས་དང་པོ་འདི་ཕུལ་བ་ལགས་ན།  འདིར་ཞུགས་འདོད་པ་དག་གིས་གཤམ་གྱི་ཚོགས་འདུའི་གཙོ་དོན་ཁག་དང་འབྲེལ་ཡོད་ཀྱི་ལྗགས་རྩོམ་གྲ་སྒྲིག་གནང་རོགས།

གཅིག ཞང་ཞུང་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་གཏོང་ཁྲོད་ཀྱི་བྱེད་ནུས།
གཉིས། ཞང་ཞུང་རིག་གནས་དང་ཀྲུང་ཧྭ་མི་རིགས་གཞན་པའི་དབར་གྱི་རིག་གནས་བརྗེ་རེས་དང་མཉམ་འདྲེས།
གསུམ། ཞང་ཞུང་དང་ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ། དར་གོས་ཚོང་ལམ་དབར་གྱི་འབྲེལ་བ།
བཞི། མདོ་དབུས་མཐོ་སྒང་ནས་གསར་རྙེད་ཀྱི་གནའ་དཔྱད་འབྲས་བུ།
ལྔ། མདོ་དབུས་མཐོ་སྒང་གི་གནའ་བོའི་ཤེས་རིག་དང་དེ་བཞིན་དཔེ་རྙིང་ཐད་ཀྱི་ཞིབ་འཇུག
དྲུག ཞང་ཞུང་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་གི་འབྲས་བུ་གཞན།

དཔྱད་རྩོམ་གྱི་ནང་དོན་ལ་ངེས་པར་དུ་གསར་གཏོད་རང་བཞིན་དང་། དམིགས་བསལ་གྱི་ལྟ་བ། རིག་གཞུང་གི་རིན་ཐང་ལྡན་དགོས་ལ། དུས་དེབ་སོགས་ཀྱི་སྟེང་དུ་འགྲེམས་སྤེལ་བྱེད་མྱོང་མེད་པ་ཞིག་ཡིན་དགོས། སྐུ་ཉིད་ནས་རྒྱ་ཡིག་གམ་བོད་ཡིག་གང་རུང་ལམ་ནས་བྲིས་པའི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་བོད་ཡིག་ཡིན་ན་ཚེག་ཁྱིམ་༡༢༠༠དང་། རྒྱ་ཡིག་ཡིག་འབྲུ་༡༠༠༠ལས་མི་ཉུང་བ་ཞིག་༢༠༢༣ལོའི་ཟླ་བ་༦ཚེས་༦ཉིན་གྱི་གོང་དུ་ཡིག་སྒམ་shangshung1@qq.comཡི་ཐོག་ཏུ་བསྐུར་གནང་རོགས། ད་དུང་དེར་ཉིད་ཀྱི་མཚན་དང་། ལས་ཁུངས། ཐོབ་ཐང་། བཞུགས་གནས། ཞལ་པར་ཨང་གྲངས་བཅས་ཆ་འཕྲིན་ཆ་ཚང་བ་དགོས། དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ལ་ཚོགས་འདུའི་ཆེད་མཁས་དཔྱད་ཞིབ་ཚོ་ཆུང་གིས་གྲོས་ཞིབ་བྱས་པ་བརྒྱུད། གལ་ཏེ་བདམས་ཐོན་བྱུང་ན་༢༠༢༣ལོའི་ཟླ་བ་༦ཚེས་༡༥གོང་སྐུ་ཉིད་ལ་ཐེངས་གཉིས་པའི་གདན་ཡིག་༼གདན་ཞུའི་ཡི་གེ་དངོས༽གཏོང་རྒྱུ་ཡིན།

སྐུ་ཉིད་ནས་ཚོགས་འདུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

འབྲེལ་ཡུལ།   ཞུང་ཀརྨ་རྒྱལ་མཚན།    

ཁ་པར་ཨང་།  ༡༣༩༠༨༩༨༩༧༠༠

སྐབས་ལྔ་པའི་ཀྲུང་གོའི་བོད་ལྗོངས་ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུའི་གོ་སྒྲིག་ཚོ་ཆུང་གིས།       

༢༠༢༣ལོའི་ཟླ་བ་༣པའི་ཚེས་༢༦ཉིན་ལྷ་སར།

第五届中国西藏拉萨·阿里象雄文化学术

研讨会(国际)第一轮邀请函

尊敬的:   您好。

由第五届中国西藏象雄文化学术会组委会筹备的第五届中国西藏拉萨·阿里象雄文化学术研讨会(国际)将于2023年8月在拉萨召开,现发出第一轮邀请函。有意参会者围绕以下主题准备参会论文提要:

一 象雄文化在铸牢中华民族共同体意识中的作用;

二 象雄文化在中华多民族之间的交往、交流、交融;

 象雄与南亚大通道和丝绸之路关系;

四 青藏高原新近考古发现;

五 青藏高原史前文明与古籍研究;

六 其它有关象雄的研究成果。

所提交的论文提要必须具有原创性,具有独到的见解和学术价值,尚未在任何刊物上公开发表过。请于2023年6月6日前将论文提要汉文版或藏文版发往邮箱:shangshung1@qq.com,字数汉文1000字以上,藏文1200字以上,以Word字数计算结果为准。论文提要需要注明一下信息:您的姓名、单位、身份、通讯地址、邮箱和电话号码。您提交的论文提要将由本研讨会专家评审组审议,若通过审议,我们将于2023年6月15日前向您发送第二轮邀请函(正式邀请函)。

感谢您的支持!
    人:雄·嘎玛坚参
联系电话:13908989700
第五届中国西藏象雄文化学术会组委会    
                       2023年3月26日 拉萨   
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།