གཏེར་སྟོན་བདེ་ཆེན་གླིང་པའི་བཀའ་འབུམ་འགྲེམ་སྤེལ་གསལ་བརྡ།

[ཟླ་ཚེས། 2023-01-29 17:12:58][རྩོམ་པ་པོ། བཀའ་འབུམ་ཞུ་སྒྲིགས་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཏེར་སྟོན་བདེ་ཆེན་གླིང་པའི་བཀའ་འབུམ་འགྲེམ་སྤེལ་གསལ་བརྡ།
   གཏེར་སྟོན་བདེ་ཆེན་གླིང་པའམ་བོན་གཏེར་ཚེ་དབང་གྲགས་པའི་བཀའ་འབུམ་འདི་ཉིད་ད་སྔོན་གདན་ས་ཞལ་བཞེས་དགོན་གྱིས་གཙོ་འགན་བཞེས་ཏེ་སྔ་ཕྱི་ཐེངས་གཉིས་ཙམ་པར་བསྐྲུན་འགྲེམ་སྤེལ་མཛད་ཟིན་ཀྱང་། ད་ལན་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཁམས་ཡན་ལག་ཚོགས་པའི་སྐབས་གཉིས་པའི་རྒྱུན་ལས་ཚོགས་གཙོ་ཆེན་མོ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ཀྱིས་གཙོ་འགན་བཞེས་ཏེ་འབྲི་རྒྱུད་བོན་དགོན་ཁག་ལྔས་མ་དཔེ་བསྡུ་རུབ་དང་ཕྱར་གྲུ་མཉམ་འདེགས་བྱས་ཏེ་སྔར་ལས་སྤུས་ཚད་བཟང་ཞིང་འཐུས་སྒོ་ཚང་བ་ཞིག་ཡོང་རེ་དང་བཅས་བཀའ་འབུམ་པོ་ཏི་ཉི་ཤུ་ལྷག་ཙམ་དེ་ཆ་ཚང་རྩིས་འཕྲུལ་ནང་དུ་བཅུག་ཏེ་ཁྱུང་པོའི་ཁྲ་བྲིས་ཀྱི་འབྲུ་གཟུགས་སུ་སྤར་དུ་བསྐྲུན་འཆར་ཡིན་པར་མ་ཟད་བཀའ་འབུམ་སྔོན་མའི་ནང་དུ་མ་འཁོད་པའི་གསེར་འོད་ནོར་བུ་མཆོག་རྒྱལ་གྱི་སྐོར་དང་།   སྤོམ་རའི་ཆ་ལག་སྐོར་སོགས་ལེའུ་ཕྲན་མང་པོ་ཞིག་ཁ་སྣོན་བྱས་ཡོད།    གདན་ས་ཞལ་བཞེས་དགོན་གྱིས་སྔོན་རྗེས་གཉིས་ལ་པར་བསྐྲུན་གནང་བའི་བཀའ་འབུམ་གཙོས་པའི་མ་དཔེ་ཉུང་མཐའ་ཡང་དཔེ་ཁུངས་མི་འདྲ་བ་གསུམ་བཞི་ཙམ་ལ་གོ་བསྡུར་བྱས་ཤིང་ཞུ་དག་ཐེངས་བཞི་ལྔ་ཙམ་དུ་བྱས་ཏེ་ད་སྐབས་དཔེ་གཟུགས་སྒྲིག་སྦྱོར་གྱི་ལས་ལ་འཇུག་ཅིང་པར་བསྐྲུན་དངོས་སུ་བྱ་ལ་ཉེ་ཡོད་པ་དང་།  རྩིས་འཕྲུལ་དུ་ཡི་གེ་བཅུག་གླ་དང་ཞུ་དག་བྱེད་སྐབས་ཀྱི་འགྲོ་གྲོན་སོགས་ཡི་གེའི་རིན་ཁོངས་སུ་བསྡུ་འཆར་མེད་ལ་བཟོ་གྲྭ་དངོས་ཀྱི་རིན་གོང་དང་རླངས་འཁོར་སྐྱེལ་འདྲེན་གླ་ཙམ་ལས་ཁེ་བསྐྱེད་ཁ་སྤུ་འདོགས་འཆར་མེད་པས།   འཕྲུལ་ངག་གཡུང་དྲུང་བོན་གྱི་གདུགས་འོག་ཏུ་ཚུད་པའི་སྐྱ་སེར་དད་ལྡན་སྤྱི་དང་བྱེ་བྲག་གཏེར་སྟོན་བདེ་ཆེན་གླིང་པ་ལ་དད་མོས་གུས་པ་ཅན་གྱི་མི་བུ་གང་ན་སུ་བཞུགས་ཀྱིས་བཀའ་འབུམ་འདི་ལ་ཐུགས་མོས་འདུན་པ་ཡོད་ན་གོ་སྐབས་དམ་འཛིན་གནང་སྟེ་གཤམ་གྱི་འབྲེལ་གནས་སུ་མཚན་ཐོ་བཀོད་རོགས་གནང་ཞེས་ཞུའོ།།
ད་སྔོན་བཀའ་འབུམ་འདི་ཉིད་མཇལ་བའི་གོ་སྐབས་དབེན་ཞིང་ཆ་རྒྱུས་མེད་པ་དག་ལ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ནང་དོན་དང་དཀར་ཆག་རགས་བསྡུས་ཙམ་གཤམ་ལ་བཀོད་ཡོད་པས་གཟིགས་པར་འཚལ།
   ༡༽ ཐུན་མོང་ཕྱི་ཡི་རྣམ་ཐར། ༢༽  གསང་བའི་རྣམ་ཐར་གྱི་སྐོར།  ༣༽  ནམ་མཁའི་རྒྱལ་པོའི་རྒྱུད།  ༤༽ ནམ་མཁའི་རྒྱལ་པོའི་སྒྲུབ་སྐོར།  ༥༽ ལྟུང་བཤགས།  སྐྱེ་སྒོ།  སྒྲིབ་སྦྱོང་།  སྨན་ལྷ།  མ་ཏྲི་ནམ་མཁའི་རྒྱལ་པོ་བཅས་ཀྱི་ཆོ་གའི་སྐོར།  ༦༽ བྱམས་མའི་ཆོ་ག། བྱམས་མ་སེང་གེ་སྒྲ།  ས་བདག་དབང་ཆེན་བཅས་ཀྱི་སྐོར། ༧༽  ས་སྙིང་འཁྲུགས་བཅོས།  རིག་འཛིན་ཀླུ་ཡི་དབང་པོའི་ཆོ་ག།   སྤར་བརྒྱད་གཏོ་བཅས་ཀྱི་སྐོར།   ༨༽  དབང་དྲག་རྟ་མཆོག་རོལ་པའི་སྒྲུབ་སྐོར།  ༩༽  བཀའ་བརྒྱད་རྒྱུད་དང་སྟོང་ཐུན་གྱི་སྐོར།  ༡༠༽  བཀའ་བརྒྱད་སྒྲུབ་སྐོར།  ༡༡༽ དབལ་ཕུར་འབར་ནག་གི་སྒྲུབ་སྐོར།   ༡༢༽ ཕུར་པ་ཡང་ཕྱུང་གི་སྒྲུབ་སྐོར།  ༡༣༽ དགོང་འདུས་རྩ་གསུམ།  ༡༤༽  རོལ་པ་ཟང་ཐལ།  མཁའ་འགྲོ་དྲེགས་པ་ཟིལ་གནོན།  མཁའ་འགྲོ་དགོངས་པ་ཀུན་འདུས་བཅས་ཀྱི་སྐོར།  ༡༥༽  རིག་འཛིན་གསང་སྒྲུབ།  ༡༦༽  མ་མོ་ཡོངས་སྙིང་འདུས་པ།  གཟེར་དྲེལ།  དྲེལ་ནག།  འདོད་ཁམས་ལྷ་མོ་སོགས་ཀྱི་སྐོར།  ༡༧༽  འཇིགས་བྱེད་གཤིན་རྗེའི་སྒྲུབ་སྐོར།  ༡༨༽གསེར་འོད་ནོར་བུ་མཆོག་རྒྱལ།  རྣམ་སྲས་གཡང་སྐྱབས།  འཛམ་སྔོན་གཡང་སྐྱབས།  སྤོམ་རའི་གཡང་སྐྱབས་བཅས་ཀྱི་སྐོར།  ༡༩༽ བསང་དང་གསོལ་ཀའི་སྐོར།  ༢༠༽གཤེན་རབ་བཀའ་འབུམ་དཀར་ཆག།  བདུད་རྩི་གསོ་དཔྱད་རྣམ་རྒྱལ་བུམ་བཟང་།  གསང་སྔགས་རྫས་ཀྱི་གལ་མདོ་བཅས་པོད་ཉི་ཤུ་བཅས་ཡོད་པ་ལགས་སོ།།
བཀའ་འབུམ་ཞུ་སྒྲིགས་ཚོགས་པ་ནས།
བླུ་ཡོན་ཚར་རེ་ལ་སྒོར། ༡༣༠༠
འབྲེལ་གནས་ཨང་གྲངས།  
སྤྲུལ་སྐུ་ཡེ་ཤེས་ཉི་མ།   13568672887
མཁན་རྨེའུ་ཚ་རྣམ་སྲས།  13684499888
གཡུང་དྲུང་ཚེ་རྒྱལ།  15208388823
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།