ཞི་ཅིན་ཕིང་སོཊ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་།
[ཟླ་ཚེས། 2022-10-25 21:24:11][རྩོམ་པ་པོ། རྩོམ་སྒྲིག་པ།འཇིགས་མེད།][རྩོམ་ཁུངས། ཉིན་རེའི་གངས་ལྗོངས།][ཀློག་གྲངས། ]
ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ10པའི་ཚེས23ཉིན་པེ་ཅིང་ནས་སྤེལ་བའི་གསར་འགྱུར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་བརྩེའི་ངང་མཇལ་འཕྲད་གནང་།
མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་དཔའ་སྤྲོའི་དཔལ་གྱིས་ཁེངས་ལ་རྔམ་བརྗིད་ལྡན། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དྲུག་བརྒྱ་ལྷག་གནས་དེར་ཡོང་ནས་འཛམ་གླིང་ཡོངས་ལ་ཐོག་དང་པོར་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམ་པ་ཁྱབ་སྒྲོག་བྱས།
ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔའི་སྟེང་། ཞི་ཅིན་ཕིང་སོགས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཚོམས་ཆེན་དུ་ཕེབས་ཏེ། གནས་དེའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས།
ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་བརྩེའི་ངང་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པ་སུན་ཡེ་ལིས་ཀྱིས་མཚམས་སྦྱོར་མདོར་བསྡུས་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན། གནས་འདི་ནས་གསར་འགོད་པ་རྣམ་པར་ཐུག་པར་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ཁ་སང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གཅིག་སྡུད་བྱས་པ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་དོ་སྣང་ཆེན་པོ་བྱས་པ་དང་། རྒྱལ་ཁབ་མང་པོའི་སྲིད་ཏང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ཡོང་ལ། དེའི་ནང་གི་མང་ཤོས་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། སྲིད་ཏང་དང་རྩ་འཛུགས་ལས་ཁུངས་གཙོ་བོའི་མགོ་ཁྲིད་པས་བསྐུར་ཡོང་བ་རེད། འདི་ནས་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་ངོ་སྤྲོད་མཛད་རྗེས། སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་ཁོངས་མིའི་ཚབ་མཛད་དེ། ཏང་ཡོངས་ཀྱི་བློ་མཐུན་རྣམ་པའི་ཡིད་ཆེས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པ་དང་། ཏང་གི་ངོ་བོ་དང་དམིགས་གཞི་ཡིད་ལ་དམ་པོར་བཅངས་པ་དང་། རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་ཡིད་ལ་དམ་པོར་བཅངས་ནས། ལས་གནས་བརྟན་སྲུང་དང་བྱ་བར་ཧུར་བརྩོན་བྱས་ཏེ། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད་པ་ཤ་སྟག་ཡིན་ཞེས་བསྟན།
ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་བརྩེའི་ངང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་བ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས། ད་ལྟ་ང་ཚོ་བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་བཞིན་ཡོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས་ནམ་ཡང་དཔའ་སྐྱེད་མདུན་སྐྱོད་ཀྱི་བསམ་པའི་རྣམ་པ་སྲུང་འཛིན་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དང་རེ་སྒུག་བཅོལ་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱི་འབད་བརྩོན་དང་རྔུལ་ཆུ་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་བོར་ལག་ལེན་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། དེ་ནི་རླབས་ཆེ་ཞིང་དཀའ་སྡུག་ཆེ་བའི་ལས་དོན་ཞིག་ཡིན། དཀའ་སྡུག་ཆེ་བའི་དབང་གིས་རླབས་ཆེ་བ་དང་། དཀའ་སྡུག་ཆེ་བའི་དབང་གིས་སྔར་ལས་གཟི་བརྗིད་ལྡན། ལས་དོན་དེའི་ཆེད་དུ། སྔོན་རབས་པ་མང་པོས་དཀའ་སྤྱད་ལས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱས་པ་དང་། ང་ཚོས་ནམ་ཡང་ཁོ་ཚོའི་བྱས་རྗེས་དང་བློས་གཏོང་ཡིད་ལ་དམ་པོར་འཛིན་ངེས། ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དྲག་པོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བྲིས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འཐད་འཐབ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ནམ་ཡང་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་དགོས། འདས་པའི་ལོ་ཟླའི་ནང་། ང་ཚོས་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཆོག་པའི་རྒྱུགས་ལན་བཟང་བོ་སྤྲད་མྱོང་། མ་འོངས་པར་ང་ཚོས་ད་དུང་མུ་མཐུད་དུ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་གཏོད་བྱེད་དགོས། བགྲོད་ལམ་རིང་ཞིང་བཀག་རྒྱ་ཆེ་ན་ཡང་། མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན་དམིགས་ཡུལ་དུ་སླེབས་ཐུབ། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། དཀའ་ཁག་ཅི་འདྲ་ཡོད་ན་ཡང་། མི་དམངས་ནི་ནམ་ཡང་ང་ཚོའི་རྒྱབ་རི་བརྟན་པོ་དང་ཆེས་ཆེ་བའི་བློ་སྤོབས་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དཀའ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་བརྟེན་བྱེད་པ་དང་། མི་དམངས་ཀྱི་རེ་འདོད་བསམ་པ་དང་མི་དམངས་ཀྱི་མངགས་བཅོལ་ལག་བསྟར་བྱས་ཏེ། མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་ཐད་ཀྱི་རེ་སྨོན་མངོན་འགྱུར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་ནས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། དཀའ་སྡུག་མང་པོ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་མི་འགྱུར་བའི་ཏང་ཞིག་ཡིན་ན། བྱ་གཞག་གི་རྨང་གཞི་བརྟན་པོ་ད་གཟོད་ཡོང་ངེས་ལ། འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཀྱང་ད་དུང་རང་ངོས་ནས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ན། ད་གཟོད་འགྲན་ཟླ་མེད་པའི་སྟོབས་ཤུགས་ལྡན། ལོ་བརྒྱའི་དཀའ་སྡུག་དང་སྦྱོང་བརྡར། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་གསར་བརྗེ་རང་བཞིན་གྱི་ཞུན་བརྡར་བརྒྱུད་དེ། ཀྲུང་གོ་གུང་ཁྲན་ཏང་སྔར་ལས་སྟོབས་ལྡན་ཤུགས་ཡོད་དུ་གྱུར་པ་དང་། སྔར་ལས་གསོན་ཤུགས་ལྡན་པར་གྱུར། སྐྱོད་ལམ་གསར་པའི་སྟེང་གི་འགྲན་རྩོད་གསར་པ་དང་ཉམས་སད་གསར་པར་དམིགས་ནས། ང་ཚོས་ངེས་པར་དུ་དོགས་ཟོན་འདུ་ཤེས་ཇེ་མཐོར་གཏོང་བ་དང་། ནམ་ཡང་རྒྱུགས་སྤྲོད་པའི་རྣམ་རིག་གསལ་བོ་དང་གཟབ་ནན་སྲུང་འཛིན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ཏེ། ལོ་བརྒྱའི་ཏང་ཆེན་པོ་འདི་ལ་རང་ངོས་ནས་གསར་བརྗེ་བྱེད་པའི་ཁྲོད་གསོན་ཤུགས་རྒྱས་པར་བྱེད་པ་དང་། ཀྲུང་གོ་མི་དམངས་ཀྱི་སེམས་རྟེན་ཆེས་བརྟན་པོ་རུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཡོངས་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས། དེང་སྐབས་འཛམ་གླིང་སྔར་མེད་ཀྱི་འགྲན་རྩོད་མང་པོར་འཕྲད་ཡོད། ང་ཚོས་སྔར་ནས་བཟུང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་འོས་པའི་འདོད་བློ་བཅངས་ཡོད། གནམ་འོག་གི་འོད་སྟོང་འབར་བའི་བགྲོད་ལམ་སྟེང་མཉམ་དུ་བསྐྱོད་ན། རྒྱལ་ཁབ་སོ་སོ་ད་གཟོད་མཛའ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱེད་ཐུབ་པ་དང་། འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་ཐུབ། ང་ཚོས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བྱས་ཤིང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་། འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ཡོངས་དང་འབྲལ་ཐབས་མེད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལའང་ཀྲུང་གོ་མཁོ་བ་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་དུས་ཡུན་རིང་བོར་བརྟན་འཇགས་ཡོང་བར་བྱེད་པའི་ངོ་མཚར་གྱི་བྱས་རྗེས་ཆེན་པོ་གཉིས་གསར་སྐྲུན་བྱས་ཡོད། ད་ལྟ་ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཤུགས་ཆེ་བ་དང་སྦས་ཤུགས་ཆེ་ལ། སླར་འཕར་གྱི་བར་སྟོང་རྒྱ་ཆེ་བ་དང་། དུས་ཡུན་རིང་བོར་ཇེ་བཟང་དུ་འགྲོ་བའི་གཞི་རྩའི་རྣམ་པ་འགྱུར་མི་སྲིད་ལ། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་སྔར་ལས་ཇེ་ཆེ་ནས་ཇེ་ཆེ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་གོ་སྐབས་སྔར་ལས་མང་བོ་བསྐྲུན་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཀྱི་ལམ་ཞིག་ཡིན་ཞིང་། འཆར་འགོད་བཟོས་ཟིན་པ་དང་དུང་བརྡ་བསྒྲགས་ཡོད། ང་ཚོས་ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ་སྔར་ལས་འོད་སྟོང་འབར་བའི་སང་ཉིན་ཧུར་ཐག་གིས་བསྐྲུན་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་གསུངས་རྒྱུར། ཉིན་འགའི་རིང་ལ། གསར་འགོད་པ་རྣམས་ཀྱིས་ཚོགས་ཆེན་དྲིལ་སྒྲོག་གང་ལེགས་བྱས་ཏེ། འཛམ་གླིང་ཡོངས་ལ་ཀྲུང་གོའི་སྐད་སྒྲ་དྲིལ་སྒྲོག་དང་ཀྲུང་གོ་གུང་ཁྲན་ཏང་གི་འདོད་བློ་བརྒྱུད་སྒྲོག་བྱས་པས་འཛམ་གླིང་ཡོངས་ཀྱི་མིག་ཟུང་ཀྲུང་གོར་ཕྱོགས་ཡོད། ཚང་མས་དཀའ་ལས་མྱངས་སོང་། ཁྱེད་ཚོས་དཀའ་སྤྱད་ཀྱིས་བྱ་བ་བསྒྲུབས་པར་བཀའ་དྲིན་ཆེ། ཁྱེད་ཚོ་ཀྲུང་གོའི་ས་ཁུལ་སོ་སོར་སོང་སྟེ་དངོས་ཡོད་དང་མཐུན་པའི་སྒོ་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ང་ཚོ་བརྒྱུད་བཞིན་པའི་དུས་རབས་གསར་པའི་གཏམ་རྒྱུད་བཅས་དྲིལ་སྒྲོག་བྱེད་པར་དགའ་བསུ་ཞུ།
ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་། ཐུག་འཕྲད་མཇུག་རྫོགས། ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཕྱག་གཡུག་གནང་ནས་གྱེས་མཇལ་ཞུས་པ་ན། ཚོགས་ར་ཡོངས་སུ་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།