ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་དགོས་ན་ངེས་པར་དུ་ཆབ་སྲིད་ལ་དང་དོད་བྱེད་དགོས།
[ཟླ་ཚེས། 2022-10-03 16:23:36][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ཚོགས་འདུའི་སྟེང་། གནས་བབས་གསར་པའི་འོག་ཏུ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་གནས་བབས་ལ་དབྱེ་ཞིབ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་མདུན་དུ་ལྷགས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལ་ཞིབ་འཇུག་བྱེད་པ། སྒོ་ཀུན་ནས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་དེ་རྒྱལ་ཡོངས་མི་དམངས་དང་ཕྱོགས་གཅིག་ཏུ་རྩ་འཛུགས་དང་གོང་སྒྲིལ་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་དགོས་ཞེས་བསྟན། ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག ཆབ་སྲིད་ཀྱི་སྐྱེན་པའི་རང་བཞིན་དང་དབྱེ་འབྱེད་བྱེད་ནུས་མཐོར་འདེགས། ཆབ་སྲིད་ཐོག་ནས་ཆོས་ལུགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་བསམ་གཞིགས་བྱེད་མཁས་པ་བྱས་ཏེ་ཆོས་ལུགས་ལས་དོན་གྱི་སྔོན་དཔག་རང་བཞིན་དང་རང་འགུལ་རང་བཞིན་མུ་མཐུད་ནས་མཐོ་རུ་གཏོང་བ་བཅས་བྱས་ན། ང་ཚོས་མིག་སྔར་དང་དེང་ཕྱིན་གྱི་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར་གལ་ཆེ་ལ་གཏིང་ཟབ་པའི་མཛུབ་སྟོན་གྱི་དོན་སྙིང་ལྡན།
གཅིག ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པ་ལ་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།
ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པ་ལ་ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་ངོས་ཟིན་པ་དང་ཁོང་དུ་ཆུད་པ་དང་གནད་དོན་ཐག་གཅོད་བྱེད་མཁས་དགོས། ཆོས་ལུགས་ཀྱི་འབྱུང་རྩ་དེ་གནམ་ན་མེད་པར་མི་ཡུལ་ན་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་ཆོས་ལུགས་དང་ཆབ་སྲིད་བར་འབྲེལ་བ་དམ་ཟབ་ཡོད་པ་ར་སྤྲོད་བྱུང་ཡོད། མི་རྣམས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་མིན་དེ་རང་གིས་ཐག་གཅོད་ཆོག་ལ་དེ་ལ་བརྩི་འཇོག་བྱེད་དགོས། ཡིན་ན་ཡང་ཆོས་ལུགས་ལ་དད་པའི་མི་གྲངས་མང་བའི་རྐྱེན་གྱིས་ཆོས་ལུགས་ལ་ཚོགས་པའི་ཁྱད་ཆོས་ལྡན་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། རྒྱལ་ཁབ་དང་སྲིད་ཏང་གང་གིས་ཀྱང་འདི་ཉིད་སྣང་མེད་དུ་འཇོག་མི་རུང་། དཔེར་ན་ལེ་ཉིན་གྱིས་“སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་སྲིད་ཏང་ལ་མཚོན་ན་ཆོས་ལུགས་དེ་མི་སྒེར་གྱི་དོན་དག་མིན་”ཞེས་བསྟན་པ་ནང་བཞིན་གལ་ཏེ་བྱིས་བློ་ལྟར་ཆོས་ལུགས་མི་སྒེར་གྱི་དོན་དག་ཙམ་དུ་འདོད་ན་ཆབ་སྲིད་ཐོག་གནད་དོན་ཆེན་པོ་འབྱུང་བ་ཡིན།
སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཆ་རྐྱེན་འོག་རང་རྒྱལ་ཆོས་ལུགས་ཀྱིས་རང་ངོས་ལེགས་སྒྲིག་དང་སྤྱི་ཚོགས་བསྒྱུར་བཅོས་བརྒྱུད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་འགྲོ་ལམ་དུ་བསྐྱོད་ཡོད། ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱས་ནས་ཆབ་ སྲིད་ཀྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྟེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དེ་གཙོ་བོ་མི་དམངས་ནང་ཁུལ་གྱི་འགལ་བར་གྱུར་ཡོད། དུས་མཚུངས་སུ་ད་དུང་རྟོགས་དགོས་པ་ཞིག་ནི། རྒྱལ་སྤྱི་རྒྱལ་ནང་གི་རྙོག་འཛིང་ཆེ་བའི་གནས་བབས་ལས་རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་སུ་ད་དུང་འགལ་བ་འབུར་ཐོན་དང་གནད་དོན་འགའ་རེ་གནས་ཡོད། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ནི་མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་ནས་སིམ་འཛུལ་བྱེད་པའི་བྱ་འགུལ་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། ཆོས་ལུགས་མཐར་ལྷུང་རིང་ལུགས་ས་ཆ་འགའ་ཤས་སུ་ཁྱབ་ཡོད་པ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་འཇོག་མི་ཐུབ་པ། དྲ་བའི་ཐོག་གི་ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལ་འགྲན་སློང་གསར་པ་ཐོན་ཡོད་པ་བཅས་འདི་དག་ཚང་མ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ཆེན་པོར་གྱུར་ཡོད། ལོ་རྒྱུས་ཀྱི་གནད་དོན་དང་དངོས་ཡོད་གནད་དོན་ཕན་ཚུན་འདྲེས་པ་དང་། འགྲན་རྒོལ་རང་བཞིན་མ་ཡིན་པའི་འགལ་བ་དང་འགྲན་རྒོལ་རང་བཞིན་གྱི་འགལ་བ་ཕན་ཚུན་འདྲེས་པ། མཐུན་རྐྱེན་དང་དགེ་མཚན་མེད་པའི་རྒྱུ་རྐྱེན་ཕན་ཚུན་ནུས་པ་ཐོན་རེས་བྱེད་པ། རྒྱལ་ནང་གི་རྒྱུ་རྐྱེན་དང་རྒྱལ་སྤྱིའི་རྒྱུ་རྐྱེན་གཉིས་ཕན་ཚུན་ཤུགས་རྐྱེན་བཟོས་ཏེ། ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་གནས་པའི་འགལ་བར་དམིགས་བསལ་གྱི་རྙོག་འཛིང་རང་བཞིན་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་དུ་འཁེལ་བའི་སྒོ་ནས་བསྟན་དོན། “ལོ་རྒྱུས་དང་དོན་དངོས་ལ་བལྟས་ན། ཆོས་ལུགས་ཀྱི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་ལ་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཆོས་ལུགས་ལས་དོན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གོང་དུ་སྤེལ་བར་འབྲེལ་ཡོད་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་དང་འབྲེལ་ཡོད་པ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་འབྲེལ་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར་དང་འབྲེལ་ཡོད་”ཅེས་སོ།། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཀྱི་ཐོག་ནས་ཆོས་ལུགས་ལ་ངོས་འཛིན་དང་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཟིན་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་། ཆོས་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ། ཆོས་ལུགས་ཀྱི་རྒྱབ་ཏུ་ཡོད་པའི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་རྒྱུ་རྐྱེན་ལ་ངོས་འཛིན་གཏིང་ཟབ། ཆབ་སྲིད་ཀྱི་སྐྱེན་པའི་རང་བཞིན་ཇེ་ཆེ་རུ་བཏང་ནས་ཆབ་སྲིད་ལ་དང་དོད་བྱེད་རྒྱུ་དེ་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས།
གཉིས། ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པ་ལ་ངེས་པར་དུ་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་བྱེད་དགོས།
ཏང་གིས་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་གནས་བབས་གསར་པའི་འོག་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པའི་རྩ་བའི་ཐོག་གི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཁོག་གཉིས་ལ་གཅིག་གྱུར་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་དང་མངོན་གསལ་དོད་པའི་གནད་དོན་ལ་ཐད་ཀར་ཕྱོགས་ནས་ཆོས་ལུགས་ལས་དོན་སྐོར་ལ་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པས་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་གསལ་བཤད་བྱས་ཤིང་། ཆོས་ལུགས་ལས་དོན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་གྲུབ་པས་གནས་བབས་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཆོས་ལུགས་ལས་དོན་སྡེ་ཁག་གི་རྒྱ་ཆེའི་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་། རང་འགུལ་གྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། རང་འགུལ་གྱིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་པ། བསམ་བློ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་དགོས། ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་མཐོ་བཤད་དམའ་བཤད་དང་གང་འདོད་གྱིས་གདེང་འཇོག་གཏན་ནས་བྱས་མི་རུང་བ་དང་། འདོད་བློ་དང་མཐུན་ན་སྒྲུབ་པ་དང་མི་མཐུན་ན་མི་སྒྲུབ་པ་གཏན་ནས་བྱས་མི་རུང་བ། བཀའ་བསྒོས་ཀྱང་མི་སྒྲུབ་པ་དང་བཀག་འགོག་ཐེངས་མང་བྱས་ཀྱང་མཚམས་མི་འཇོག་པ་གཏན་ནས་བྱས་མི་རུང་བ། གོང་གི་སྲིད་ཇུས་ལ་འོག་གིས་ཁ་གཏད་འཇལ་ཐབས་གཏན་ནས་བྱས་མི་རུང་བ། ཀྲུང་དབྱང་གི་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ལ་ནོར་འཁྲུལ་གྱི་གཏམ་བརྗོད་ན“ཆུར་འཛུལ་མཁན་”ལྟ་བུ་བྱས་ནས་ཁ་རོག་གེར་མི་བསྡད་པར་བཟང་སྐྱོར་ངན་འཇོམས་ཀྱི་འཐབ་འཛིང་པ་བྱས་ཏེ་རལ་གྲི་བཏོན་ནས་ཨ་ལན་སྤྲོད་དགོས།
ཆོས་ལུགས་ཀྱི་གནད་དོན་ལ་དམིགས་བསལ་ཆེ་བ་དང་རྙོག་འཛིང་ཆེ་བའི་རང་བཞིན་ལྡན། ཐག་གཅོད་འོས་འཚམས་མ་ཡིན་ན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་གནོད་སྐྱོན་བཟོས་ཏེ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ངན་པ་བཟོ་ངེས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《གནས་བབས་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལས“ཏང་ཡོངས་ཀྱི་ངེས་པར་དུ་གནད་དོན་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ”ནན་བཤད་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་གནད་དོན་གལ་ཆེན་དེ་ཏང་ཀྲུང་དབྱང་ཁོ་ནར་མ་གཏོགས་ཐག་གཅོད་དང་འགྲེལ་བཤད་བྱེད་དབང་མེད། སྡེ་ཁག་ཁག་དང་ས་གནས་ཁག་གི་ཏང་གི་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་ལ་གྲོས་གཞི་འདོན་ཆོག ཡིན་ན་ཡང་གང་བྱུང་གིས་ཐག་གཅོད་པ་དང་ཕྱི་ཕྱོགས་སུ་འདོད་ཚུལ་འདོན་པའི་རིགས་བྱས་མི་ཆོག སྤྱི་ཡོངས་དང་འབྲེལ་བའི་ཆོས་ལུགས་ལས་དོན་གྱི་བྱ་བ་དང་ཆོད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་སྐབས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས། ས་ཁུལ་སོ་སོའི་ཆོས་ལུགས་ཀྱི་གནད་དོན་ལ་ཁྱད་པར་ཆེན་པོ་ལྡན་པས་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ས་གནས་དེ་གའི་དོན་དངོས་གནས་ཚུལ་ཟུང་སྦྲེལ་བྱེད་མཁས་པ་བྱས་ནས་གསར་གཏོད་རང་བཞིན་གྱིས་ལས་ཀ་སྤེལ་དགོས། ཡིན་ན་ཡང་ས་གནས་དེ་གའི་གནས་ཚུལ་དམིགས་བསལ་ཅན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་ལག་བསྟར་མི་བྱེད་པ་མི་ཆོག །
ཉེ་བའི་ལོ་ཤས་རིང་། ཏང་སྒྲིག་རྒྱལ་ཁྲིམས་ཀྱིས་ཐག་གཅོད་བྱས་པའི་ཏང་གི་མཐོ་རིམ་ལས་བྱེད་པའི་ཁྲོད་འགའ་ཞིག་གིས་མར་ལེ་རིང་ལུགས་ལ་མི་དད་པར་ཆོས་ལུགས་ལ་དད། ང་ཚོས་ངེས་པར་དུ་དོགས་ཟོན་ཚད་མཐོ་བྱེད་དགོས། 《གནས་བབས་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལས་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་ལ། འདི་ནི་ཏང་ཡོན་རྣམས་ཀྱིས་ཐུག་མི་ཆོག་པའི་རྩ་ཐིག་ཡིན་པ་གསལ་པོར་ཐག་བཅད་ཡོད། གུང་ཁྲན་ཏང་ཡོན་ཡིན་ན་འགྱུར་མེད་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་མཁན་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་གི་གཏན་འབེབས་ནན་སྲུང་དང་། ཡིད་ཆེས་དང་ཕུགས་བསམ་བརྟན་པོ། ཏང་གི་དགོངས་དོན་བརྟན་པོར་ངེས་དགོས་པ་བཅས་ལས་ཆོས་ལུགས་ཁྲོད་དུ་རང་ཉིད་ཀྱི་རིན་ཐང་དང་དད་སེམས་གཏན་ནས་འཚོལ་མི་རུང་། ཆོས་ལུགས་ལ་དད་པ་བྱས་ཟིན་པའི་ཏང་ཡོན་ལས་བྱེད་པར་བསམ་བློ་སློབ་གསོའི་ཐོག་ནས་དེ་ཉིད་ལ་ཆོས་དད་འདོར་དུ་འཇུག་དགོས་ཤིང་། སློབ་གསོའི་རྗེས་ནས་ད་དུང་དད་པ་རྒྱུན་འཁྱོངས་བྱེད་པ་ལ་ངེས་པར་དུ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས། ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་རྒྱུན་འཁྱོངས་དགོས་པ་མ་ཟད། ད་དུང་ཧུར་ཐག་གིས་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་དྲིལ་བསྒྲགས་བྱས་ནས་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ན་ཆུང་ཚོར་རང་བྱུང་གི་སྣང་ཚུལ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། སྐྱེ་རྒ་ན་འཆི་དང་བདེ་སྡུག་བཟང་ངན་སོགས་མི་ཚེའི་དར་རྒུད་ལ་ལྟ་སྟངས་ཡག་དག་འཛིན་པ། ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་པར་རོགས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་དྲིལ་བསྒྲགས་བྱེད་སྐབས་སྲིད་ཇུས་ལ་རྒྱུས་ལོན་དང་བྱེད་ཐབས་ལ་དང་དོད་བྱེད་དགོས་པ་ལས་ཨུ་ཚུགས་དང་སྲིད་འཛིན། བཙན་ཐབས་བཅས་ལ་བརྟེན་ནས་ལྷ་ཡོད་སྨྲ་བ་མེད་པར་བཟོ་མི་རུང་། ཆོས་ལུགས་ལས་དོན་སྒྲུབ་པའི་ཏང་ཡོན་ལས་བྱེད་པས་རྒྱུན་པར་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་དང་འབྲེལ་བ་བྱེད་དགོས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་གཏོང་རྒྱུ་དེ་ཏང་ནང་གི་ཆབ་སྲིད་འཚོ་བ་སྤེལ་བའི་ལས་འགན་ཨང་དང་པོར་བཞག་སྟེ། ཆོས་ལུགས་ལས་དོན་གྱི་ལག་ལེན་ཁྲོད་རང་སྣང་གི་འཇིག་རྟེན་ཟམ་མི་ཆད་པར་བསྒྱུར་བཀོད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ལ་དད་མོས་དང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་ཆེ་རུ་བཏང་ནས་མར་ཁེ་སི་རིང་ལུགས་པ་རྣལ་མ་ཞིག་བྱེད་དགོས། ཏང་ཡོན་ལས་བྱེད་པ་ཆོས་ལུགས་ལ་དད་མི་ཆོག་པ་མ་ཟད་ད་དུང་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་དཔེ་སྟོན་བྱས་ཏེ་ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་གྱི་རྩ་ཐིག་ནན་སྲུང་བྱེད་དགོས། “ཆོས་ལུགས་ཀྱི་གར་སྟེགས་བསྐྲུན་ནས་དཔལ་འབྱོར་གྱི་ཟློས་གར་འཁྲབ་པར་”ཞུགས་མི་ཆོག་པ་དང་རྒྱབ་སྐྱོར་བྱེད་མི་ཆོག དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རིག་གནས་གྲ་རྒྱས་སུ་གཏོང་བའི་མིང་ཐོག་ནས་ཆོས་ལུགས་ཀྱི་གོང་འཕེལ་ལ་རོགས་སྐྱོར་བྱེད་མི་ཆོག ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་གྱི་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་དང་གཉེར་སྐྱོང་གི་བྱེད་སྒོའི་ནང་ཞུགས་པར་བཀག་སྡོམ་བྱས་ནས། ཏང་སྲིད་ལས་ཁུངས་དང་ལས་བྱེད་མི་སྣས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲོད་ཁེ་ཕན་གཉེར་པར་བཀག་སྡོམ་བྱེད་དགོས།
གསུམ། ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པ་ལ་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་གཏོང་དགོས།
ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་ཡག་པོ་བྱེད་ཐུབ་པའི་གནད་འགག་ནི་“ཁྲིད་སྟོན་”གྱི་ཐོག་བསམ་བློ་གཏིང་ཟབ་པ་དང་མཐིལ་ཕྱིན་པ། གནད་ལ་འཁེལ་བ་བཅས་ལ་ཐུག་ཡོད། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་ནི་ཆོས་ལུགས་ལས་དོན་གྱི་རྩ་བའི་ཁ་ཕྱོགས་ཡིན། དུས་མཚུངས་སུ་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས། འདི་ནི་ཆོས་ལུགས་ལས་དོན་གྱི་ཕན་འབྲས་ལ་གདེང་འཇོག་བྱེད་པའི་རྩ་བའི་ཚད་གཞི་ཡིན། གནས་བབས་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་ན་དུས་ནམ་ཡང་“རྩ་བ་འདི་གཉིས”བརྗེད་མི་རུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་ཞེས་པ་ནི། ཆོས་དད་མང་ཚོགས་མེས་རྒྱལ་ལ་དགའ་ཞིང་གཅེས་པ་དང་མི་དམངས་ལ་དགའ་ཞིང་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་བརྩི་སྲུང་དང་ཞབས་ཞུ་སྒྲུབ་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བཟང་པོ་བསྟར་བ་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ། ཧུར་བརྩོན་ཆེན་པོས་ཆོས་ལུགས་ཀྱི་སྙིང་པོ་དང་ཀྲུང་ཧྭའི་རིག་གནས་ཕན་ཚུན་མཉམ་འདྲེས་བྱེད་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲུང་བ། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁྲིམས་ལྟར་དོ་དམ་དང་ལེན་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཞུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས”ཞེས་སོ། །ཆབ་སྲིད་ཀྱི་ཁ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་པའི་ལས་འགན་གཙོ་བོ་ཞིག་ནི་རང་རྒྱལ་དུ་ཡོད་པའི་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ཆོས་ལུགས་དེ་ངེས་པར་དུ་གནས་ཡུལ་གྱི་སྤྱི་ཚོགས་དང་མཐུན་དགོས། འདི་ནི་ཆོས་ལུགས་གནས་པ་དང་འཕེལ་རྒྱས་སུ་འགྲོ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཡིན། དེང་གི་ཀྲུང་གོ་རུ་ཆོས་ལུགས་སོ་སོས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ན་ད་གཟོད་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཕྲོད་ལ། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཐོག་ནས་སྣེ་ཁྲིད་བྱེད་དགོས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བེད་སྤྱད་དེ་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་སློབ་གསོ་གཏོང་དགོས། ཆོས་ལུགས་ཁག་གིས་འདུལ་ཁྲིམས་ནང་གི་སྤྱི་ཚོགས་ཞི་མཐུན་དང་དུས་རབས་ཡར་ཐོན། སྐྱོན་བྲལ་དཔལ་ཡོན་བཅས་ཀྱི་ནང་དོན་དང་། དེང་གི་ཀྲུང་གོའི་ཡར་རྒྱས་གོང་འཕེལ་གྱི་བླང་བྱ་དང་མཐུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་དགོངས་འགྲེལ་དང་མཐུན་པ་སྔོག་འདོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་དགོས་པ་ནན་བཤད་བྱས། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བའི་ཁོངས་སུ་ཏང་སྲིད་དང་ཆོས་ལུགས། སྤྱི་ཚོགས་དང་ཆོས་ལུགས། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བ། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་བར་གྱི་འབྲེལ་བ་བཅས་འདུས་ཡོད། ཆོས་ལུགས་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་ན་འབྲེལ་བ་འདི་ཚང་མ་ཐག་གཅོད་ཡག་པོ་བྱེད་དགོས། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་ཀྱི་ཐོག་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་གཏོང་བ། བཅའ་ཁྲིམས་ཀྱི་ཐོག་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱེད་པ་བཅས་དགོས། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་སྐྱོང་བྱས་པའི་ཐོག་སྔར་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རྩ་འཛུགས་དང་གཅིག་འགྲིལ་བྱས་ནས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས། ཆོས་དད་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ལ་དད་པའི་ཐོག་ནས་ཁྱད་པར་ཡོད། ཡིན་ན་ཡང་མིའི་ཡུལ་གྱི་བདེ་སྐྱིད་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ཐད་ནས་རྦད་དེ་གཅིག་མཐུན་ཡིན། རང་རྒྱལ་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཡང་དུས་མཚུངས་སུ་ང་ཚོའི་ཏང་གིས་སྲིད་འཛིན་པའི་རྨང་གཞི་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ཆོས་ལུགས་ལས་དོན་གཉེར་མཁན་གྱིས་ངེས་པར་དུ་“རྩ་བ་གཉིས་པོ་”སེམས་ལ་དམ་འཛིན་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་བྱས་ཏེ་ཏང་གི་སྲིད་འཛིན་པའི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
བཞི། ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པ་ལ་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབས་གསར་པའི་འོག་ཆོས་ལུགས་ལས་དོན་གྱི་ཁྱབ་ཁོངས་ཆེ་ལ་ལས་འགན་ལྕི་བས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་འགག་སྒྲོལ་ཡང་བྱེད་དགོས་ཞེས་བསྟན། ཆོས་ལུགས་ཁག་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འགལ་བ་གཙོ་བོ་འཛིན་པ་དང་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ་གཙོ་གནད་ལས་དོན་གྱིས་སྤྱི་ཡོངས་ལས་ཀར་སྐུལ་འདེད་ལེགས་པོ་གཏོང་དགོས། ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་འཁྲི་འཁུར་སེམས་དང་། རང་འགན་གང་ལྕོགས། ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བཅས་ལ་ཤུགས་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས།
ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་ཀྲུང་དབྱང་གིས་གཏན་འབེབས་གསལ་པོ་བྱས་ཟིན། གནད་འགག་ནི་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བཟང་པོ་དང་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་དགོས། དོན་འཁྱོལ་དམ་འཛིན་དེ་ཚོགས་འདུ་འཚོགས་ཡོད་མེད་དང་ལག་བསྟར་གྱི་གྲོས་གཞི་བཟོས་ཡོད་མེད་ལ་ལྟ་དགོས་པ་མ་ཡིན་ལ་ངེས་པར་དོན་གྱི་བྱེད་ཐབས་སྤྱད་ཡོད་མེད་དང་ཕན་འབྲས་དངོས་ཐོན་ཡོད་མེད་ལ་ལྟ་དགོས་པ་ཡིན། དོན་འཁྱོལ་དམ་འཛིན་ལ་ཁེ་སྤོགས་འདོད་གདུང་བྱེད་མི་རུང་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་སྐུལ་འདེད་ནན་མོ་བཏང་ནས་ཕན་འབྲས་དངོས་བརྩོན་ལེན་བྱེད་རྒྱུ་དེ་དམིགས་འབེན་ཉག་གཅིག་ཏུ་འཛིན་དགོས། མཛུབ་སྟོན་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་མཁས་པོ་དང་། དུས་ཐོག་ཏུ་གནད་དོན་ཞིབ་འཇུག་དང་ཐག་གཅོད་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་དགོས།
འགག་སྒྲོལ་དཀའ་སེལ་བྱེད་ཕོད་དགོས། རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་རྙིང་པ་ཡོད་ལ་གནད་དོན་གསར་པའང་ཡོད། ཐུན་མོང་རང་བཞིན་གྱི་གནད་དོན་ལྡན་ལ་བྱེ་བྲག་རང་བཞིན་གྱི་གནད་དོན་ཡང་ལྡན། ཕན་ཚུན་བསྣོལ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འབྱུང་རྩ་ཡོད་སྟབས། ཐག་གཅོད་བྱེད་རྒྱུ་ལས་སླ་མོ་ཞིག་མིན། ཡིན་ན་ཡང་ཐག་གཅོད་ཅི་འདྲ་བྱེད་དཀའ་ནའང་ཚང་མར་གདོང་གཏོད་ཕོད་པ་དང་འགན་འཁུར་ཕོད་པ། དཀའ་ངལ་སེལ་ཕོད་པ་ལས་དཀའ་ངལ་མང་བས་མི་སྒྲུབ་པ་དང་ཉེན་ཁ་ཡོད་པས་བྱོལ་ཐབས་བྱེད་མི་རུང་། ཆོས་ལུགས་ཁྱབ་ཁོངས་སུ་ཡོད་པའི་གནད་དོན་གསོག་འཇོག་བྱས་ནས་ངན་རུལ་དུ་གྱུར་ན། ཐག་གཅོད་བྱས་ཚེ་དཀའ་ངལ་ཆེ་བ་མ་ཟད་སྔར་ལས་ཆེ་བའི་གནོད་རྐྱེན་བཟོ་སྲིད་པས་དཀའ་ལས་མང་པོ་རྒྱག་དགོས། མིག་སྔར་གནས་པའི་གནད་དོན་འབུར་ཐོན་ལ་ཁ་གཏད་ན་ང་ཚོས་ངེས་པར་དུ་འགན་འཁྲི་ཁུར་ཕོད་པ་དང་ཐག་གཅོད་བཟང་པོ་བྱེད་དགོས་ཤིང་། འགལ་བ་གཙོ་བོ་དང་གནད་དོན་འབུར་ཐོན་ཐག་གཅོད་བྱེད་རྒྱུ་དེ་འགག་སྒྲོལ་བྱེད་སར་བརྩིས་ནས་གནད་འགག་གིས་སྤྱི་ཡོངས་འཁྲིད་པ་དང་ཆུ་རྐ་མཐུད་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།
མུ་མཐུད་ནས་གསར་གཏོད་གསར་སྤེལ་བྱེད་དགོས། ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་སྤྱད་ཆོག་པའི་ཉམས་མྱོང་དཔྱད་གཞིར་འཛིན་ས་ཞིག་མེད་པར་ལག་ལེན་ཁྲོད་མུ་མཐུད་ནས་འཚོལ་ཞིབ་བྱེད་དགོས། གནད་དོན་ཁ་ཤས་ཏེ། དཔེར་ན་ཆོས་ལུགས་མཐར་ལྷུང་རིང་ལུགས་གང་སར་མཆེད་པ་དེ་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན། ཆོས་ལུགས་ཁྱབ་ཁོངས་སུ་གནས་པའི་རྩ་བའི་གནད་དོན་སྐོར་ཞིག་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་རྩ་གཏིང་ཟབ་ལྡན་ལ་རྒྱལ་སྤྱིའི་ཆོས་ལུགས་འཕེལ་ཕྱོགས་ཀྱི་རྒྱབ་ལྗོངས་ཀྱང་ཡོད། ཆོས་ལུགས་ཀྱི་ངོས་ནས་ཆོས་ལུགས་བཤད་ན་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐུལ་འདེད་བྱེད་པའི་ཁྲོད་གཅིག་གྱུར་གྱིས་བསམ་གཞིགས་དང་ཕྱོགས་བསྡུས་ཐབས་ཇུས་འདོན་དགོས། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་ལ་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལའང་དཔེ་ལྟ་བྱེད་དགོས། རྩེ་རིམ་ཇུས་འགོད་ཀྱི་སྣ་འདྲེན་ལ་བརྟེན་དགོས་ལ་གཞི་རིམ་གྱི་གསར་གཏོད་འཚོལ་ཞིབ་ལའང་བརྟེན་དགོས། ལས་བྱེད་པར་ཉམས་མྱོང་རྙིང་པའི་འཆིང་ཐག་དང་བསམ་བློ་རྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ་དཀའ་གནད་སེལ་བའི་བསམ་བློ་གསར་པ་དང་སྒྲིག་སྲོལ་གསར་པ། ཐབས་ཤེས་གསར་པ་བཅས་འཚོལ་བར་སྐུལ་མ་གཏོང་བ་དང་། བསྒྱུར་བཅོས་ཀྱི་ཐབས་བཀོད་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ་དཀའ་ཁག་སེལ་མཁས་པར་བྱས་ནས་ཆོས་ལུགས་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་ཐུབ་ལ་ཆོས་ལུགས་ལས་དོན་གྱི་དུས་རབས་རང་བཞིན་དང་གསར་གཏོད་རང་བཞིན་ཡང་མངོན་ཐུབ་པར་བྱས་ཏེ་ཧུར་ཐག་གིས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་དུ་གཏོད་དགོས།
ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་ཀྲུང་དབྱང་གིས་གཏན་འབེབས་གསལ་པོ་བྱས་ཟིན། གནད་འགག་ནི་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བཟང་པོ་དང་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་དགོས། དོན་འཁྱོལ་དམ་འཛིན་དེ་ཚོགས་འདུ་འཚོགས་ཡོད་མེད་དང་ལག་བསྟར་གྱི་གྲོས་གཞི་བཟོས་ཡོད་མེད་ལ་ལྟ་དགོས་པ་མ་ཡིན་ལ་ངེས་པར་དོན་གྱི་བྱེད་ཐབས་སྤྱད་ཡོད་མེད་དང་ཕན་འབྲས་དངོས་ཐོན་ཡོད་མེད་ལ་ལྟ་དགོས་པ་ཡིན། དོན་འཁྱོལ་དམ་འཛིན་ལ་ཁེ་སྤོགས་འདོད་གདུང་བྱེད་མི་རུང་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་སྐུལ་འདེད་ནན་མོ་བཏང་ནས་ཕན་འབྲས་དངོས་བརྩོན་ལེན་བྱེད་རྒྱུ་དེ་དམིགས་འབེན་ཉག་གཅིག་ཏུ་འཛིན་དགོས། མཛུབ་སྟོན་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་མཁས་པོ་དང་། དུས་ཐོག་ཏུ་གནད་དོན་ཞིབ་འཇུག་དང་ཐག་གཅོད་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་དགོས།
འགག་སྒྲོལ་དཀའ་སེལ་བྱེད་ཕོད་དགོས། རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་རྙིང་པ་ཡོད་ལ་གནད་དོན་གསར་པའང་ཡོད། ཐུན་མོང་རང་བཞིན་གྱི་གནད་དོན་ལྡན་ལ་བྱེ་བྲག་རང་བཞིན་གྱི་གནད་དོན་ཡང་ལྡན། ཕན་ཚུན་བསྣོལ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འབྱུང་རྩ་ཡོད་སྟབས། ཐག་གཅོད་བྱེད་རྒྱུ་ལས་སླ་མོ་ཞིག་མིན། ཡིན་ན་ཡང་ཐག་གཅོད་ཅི་འདྲ་བྱེད་དཀའ་ནའང་ཚང་མར་གདོང་གཏོད་ཕོད་པ་དང་འགན་འཁུར་ཕོད་པ། དཀའ་ངལ་སེལ་ཕོད་པ་ལས་དཀའ་ངལ་མང་བས་མི་སྒྲུབ་པ་དང་ཉེན་ཁ་ཡོད་པས་བྱོལ་ཐབས་བྱེད་མི་རུང་། ཆོས་ལུགས་ཁྱབ་ཁོངས་སུ་ཡོད་པའི་གནད་དོན་གསོག་འཇོག་བྱས་ནས་ངན་རུལ་དུ་གྱུར་ན། ཐག་གཅོད་བྱས་ཚེ་དཀའ་ངལ་ཆེ་བ་མ་ཟད་སྔར་ལས་ཆེ་བའི་གནོད་རྐྱེན་བཟོ་སྲིད་པས་དཀའ་ལས་མང་པོ་རྒྱག་དགོས། མིག་སྔར་གནས་པའི་གནད་དོན་འབུར་ཐོན་ལ་ཁ་གཏད་ན་ང་ཚོས་ངེས་པར་དུ་འགན་འཁྲི་ཁུར་ཕོད་པ་དང་ཐག་གཅོད་བཟང་པོ་བྱེད་དགོས་ཤིང་། འགལ་བ་གཙོ་བོ་དང་གནད་དོན་འབུར་ཐོན་ཐག་གཅོད་བྱེད་རྒྱུ་དེ་འགག་སྒྲོལ་བྱེད་སར་བརྩིས་ནས་གནད་འགག་གིས་སྤྱི་ཡོངས་འཁྲིད་པ་དང་ཆུ་རྐ་མཐུད་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།
མུ་མཐུད་ནས་གསར་གཏོད་གསར་སྤེལ་བྱེད་དགོས། ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་སྤྱད་ཆོག་པའི་ཉམས་མྱོང་དཔྱད་གཞིར་འཛིན་ས་ཞིག་མེད་པར་ལག་ལེན་ཁྲོད་མུ་མཐུད་ནས་འཚོལ་ཞིབ་བྱེད་དགོས། གནད་དོན་ཁ་ཤས་ཏེ། དཔེར་ན་ཆོས་ལུགས་མཐར་ལྷུང་རིང་ལུགས་གང་སར་མཆེད་པ་དེ་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན། ཆོས་ལུགས་ཁྱབ་ཁོངས་སུ་གནས་པའི་རྩ་བའི་གནད་དོན་སྐོར་ཞིག་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་རྩ་གཏིང་ཟབ་ལྡན་ལ་རྒྱལ་སྤྱིའི་ཆོས་ལུགས་འཕེལ་ཕྱོགས་ཀྱི་རྒྱབ་ལྗོངས་ཀྱང་ཡོད། ཆོས་ལུགས་ཀྱི་ངོས་ནས་ཆོས་ལུགས་བཤད་ན་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐུལ་འདེད་བྱེད་པའི་ཁྲོད་གཅིག་གྱུར་གྱིས་བསམ་གཞིགས་དང་ཕྱོགས་བསྡུས་ཐབས་ཇུས་འདོན་དགོས། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་ལ་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལའང་དཔེ་ལྟ་བྱེད་དགོས། རྩེ་རིམ་ཇུས་འགོད་ཀྱི་སྣ་འདྲེན་ལ་བརྟེན་དགོས་ལ་གཞི་རིམ་གྱི་གསར་གཏོད་འཚོལ་ཞིབ་ལའང་བརྟེན་དགོས། ལས་བྱེད་པར་ཉམས་མྱོང་རྙིང་པའི་འཆིང་ཐག་དང་བསམ་བློ་རྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ་དཀའ་གནད་སེལ་བའི་བསམ་བློ་གསར་པ་དང་སྒྲིག་སྲོལ་གསར་པ། ཐབས་ཤེས་གསར་པ་བཅས་འཚོལ་བར་སྐུལ་མ་གཏོང་བ་དང་། བསྒྱུར་བཅོས་ཀྱི་ཐབས་བཀོད་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ་དཀའ་ཁག་སེལ་མཁས་པར་བྱས་ནས་ཆོས་ལུགས་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་ཐུབ་ལ་ཆོས་ལུགས་ལས་དོན་གྱི་དུས་རབས་རང་བཞིན་དང་གསར་གཏོད་རང་བཞིན་ཡང་མངོན་ཐུབ་པར་བྱས་ཏེ་ཧུར་ཐག་གིས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་དུ་གཏོད་དགོས།