སྐབས་གཉིས་པའི་ཀྲུང་གོའི་མངའ་རིས་•ལྷ་ས་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་མཇུག་བསྒྲིལ་བ།

[ཟླ་ཚེས། 2022-01-22 17:04:55][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཞང་ཞུང་།][ཀློག་གྲངས། ]

  
སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་མངའ་རིས་•ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

  ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ལྷན་ཚོགས་མི་རིགས་དུས་སྟོན་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་མངའ་རིས་·ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་འདི་ཉིད་ཚོགས་གཏན་འཁེལ་རྗེས། སྤྱི་ལོ་༢༠༢༡ལོའི་ཟླ་༩པའི་ཚེས་༡༨ཉིན་དྲ་ལམ་ཁག་ཏུ་རིག་གཞུང་དཔྱད་གླེང་ཚོགས་འདུའི་རྩོམ་བསྡུའི་བརྡ་ཐོ་བཏང་ཞིང་།དུས་ཡུན་ཟླ་བ་གཉིས་ལ་སྤྱི་ཚོགས་ལས་རིག་ཁག་གི་ཞིབ་འཇུག་མི་སྣས་སྐུར་ཡོང་བའི་དཔྱད་རྩོམ་བརྒྱ་དང་བཅུ་གྲངས་འབྱོར།

图片
དཔྱད་རྩོམ་དཔྱད་ཞིབ་ཆེད་མཁས་པ་རྣམ་པ།

  སྤྱི་ལོ་༢༠༢༡ལོའི་ཟླ་བ་༡༡པའི་ཚེས་༢༦ནས་༢༨བར་གྱི་ཉིན་གསུམ་རིང་ཞང་ཞུང་རིག་གནས་ཀྱི་ཆེད་མཁས་པ་བཅུ་གདན་དྲངས་ཏེ་དཔྱད་འདེམ་གྱི་ལས་ལ་ཞུགས། མཐར་དཔྱད་རྩོམ་བརྒྱ་དང་བཅུ་གྲངས་ཤིག་ལས་༦༦ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་གཏམ་བཤད་དཔྱད་རྩོམ་དུ་གཏན་འཁེལ།

图片

དུས་མཉམ་ལོ་ཙཱ་བ་བསྡུ་བའི་ཡིག་རྒྱུགས་དང་ངོ་རྒྱུགས་ལེན་བཞིན་པ།

  དེ་ནས་ཟླ་༡༢པའི་ཚེས་༡༠ཉིན་འཕྲིན་སྟེགས་བརྒྱུད་དེ་དུས་མཉམ་ལོ་ཙཱ་བ་བསྡུ་བའི་བརྡ་ཐོ་བཏང་ཞིང་། ཚེས་༡༨ཉིན་མིང་ཐོ་འགོད་མཁན་མི་བཅུ་གསུམ་ལ་ཡིག་རྒྱུགས་དང་ངོ་རྒྱུགས་བླངས་ཏེ། མཐར་མི་ལྔ་ཐེངས་འདིའི་དུས་མཉམ་ལོ་ཙཱ་བར་གཏན་འཁེལ།

图片

དུས་མཉམ་ལོ་ཙཱའི་སྦྱོང་བརྡར།

  དེ་ནས་རིམ་པ་བཞིན་དུ་དུས་མཉམ་ལོ་ཙཱ་བ་སྦྱོང་བརྡར་དང་། དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ཡིག་བསྒྱུར་ཐོག་ཕྱོགས་བསྒྲིགས་བཟོ་བ། ཚོགས་འདུའི་ལག་དེབ་བཟོ་བ། རྒྱལ་ནང་གི་སྐད་གྲགས་ཆེ་བའི་ཆེད་མཁས་པ་རེ་འགའ་ཆེད་དུ་གདན་ཞུ། ཚོགས་ཞུགས་ཆེད་མཁས་པ་ཡོངས་ལ་གདན་འདྲེན་ཞུ་ཡིག་འབྲི་བ་དང་སྐུར་བ་སོགས་ཚོགས་འདུའི་སྔོན་ཚུད་ཀྱི་ལས་རྣམས་ཚགས་སུ་ཚུད་དེ་སྤྱི་ལོ་༢༠༢༢ལོ་ཟླ་བ་༡ཚེས༡༧ཉིན་ནས་ཚེས་༡༩བར་ལྷ་སའི་ཤི་འར་ཏོན་ཧོན་ཕིན་གསོལ་མགྲོན་ཁང་ནས་གཟབ་རྒྱས་ངང་ཚོགས།

图片

  ཚེས་༡༧ཉིན་གྱི་དབུ་འཛུགས་མཛད་སྒོའི་སྟེང་ལྗོངས་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་བཅུ་གཅིག་ཕེབས་ཤིང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་གཅིག་ལྕོགས་དགྲ་འདུལ་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱམས་པ་ཚེ་རིང་ལགས་གཉིས་ཀྱིས་དབུ་འཛུགས་མཛད་སྒོའི་གསུང་བཤད་གལ་ཆེན་གནང་།

图片

  ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདིར་པེ་ཅིང་དང་། ཧྲང་ཧེ། ཐེན་ཅིང་། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན། བོད་ལྗོངས་བཅས་རྒྱལ་ནང་གི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཕེབས་པའི་ཆེད་མཁས་པ་༦༠ལྷག་གིས་ཚོགས་འདུའི་བརྗོད་དོན་གཙོ་བོ་ཁག་དང་འབྲེལ་ནས་དཔྱད་གླེང་ལྷུག་པོར་གནང་། དེ་ཡང་ཉིན་གསུམ་གྱི་རིང་རྒྱུད་གཅིག་ལམ་གཅིག་དང་རིག་གནས་བརྗེ་རེས། ལོ་རྒྱུས་དང་གནའ་དཔྱད། དཔེ་རྙིང་ཡིག་ཚང་། སྐད་བརྡ་དང་སྒྱུ་རྩལ། སྨན་རྩིས། དམངས་སྲོལ་རིག་གནས་བཅས་ཚོགས་ཆུང་དྲུག་ལ་དབྱེ་ཞིང་། ཚོགས་ཁང་ཀ་ཁ་གཉིས་ནས་གོ་རིམ་ལྡན་པའི་ངང་དྲ་ལམ་དང་ཡུལ་དངོས་གཉིས་ཐད་ནས་རིག་གཞུང་དཔྱད་གླེང་ལ་ཞུགས།

图片

  རིག་གཞུང་བགྲོ་གླེང་གི་ཞོར་དུ་སྐུ་ཤུག་དགོན་པའི་བླ་མ་ཨ་གྲགས་རིན་པོ་ཆེ་སོགས་ཀྱིས་ཉར་ཚགས་གནང་བའི་བོད་ཀྱི་དཔེ་རྙིང་སྣ་ཚོགས་དང་། འཇང་རིགས་ཀྱི་དཔེ་རྙིང་མང་པོ་འགྲེམས་སྟོན་བྱས།

图片

ཚེས་༡༩ཉིན་གྱི་ཕྱི་དྲོ་རིག་གཞུང་བགྲོ་གླེང་གི་གོ་རིམ་ཡོངས་སུ་རྫོགས་ཏེ་མཇུག་སྒྲིལ་མཛད་སྒོར་ཞུགས།

图片

  ལས་སྒྲུབ་པའི་སྐུ་ཚབ་ཞུང་ཀརྨ་རྒྱལ་མཚན་གྱིས་ཀྲུང་གོའི་བོད་ལྗོངས་མངའ་རིས་·ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་ཚོགས་མིའི་སྒྲིག་ཡིག་སྒྲོག་འདོན་གནང་།

图片

  མངའ་རིས་རིག་གནས་ཅུད་ཀྱི་ཧྲུའུ་ཅི་ཚེ་རིང་རྒྱལ་ལགས་ཀྱིས་ཚོགས་མིའི་མཚན་ཐོ་སྒྲོག་བྱང་གནང་།

图片

  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་ཆེད་མཁས་པ་བཅུ་བཞི་ལ་ཞང་ཞུང་རིག་གནས་ཚོགས་འདུའི་ཚོགས་མིའི་ལག་ཁྱེར་སྤྲད།

图片

  དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་ཁག་གི་བརྗོད་དོན་ལྟར་ཚོགས་ཆུང་དྲུག་ཏུ་དབྱེ་བའི་ཚོགས་ཆུང་རེ་རེའི་ཚོགས་སྡུད་པ་རྣམ་པས་ཕྱོགས་སྡོམ་གྱི་གསུང་བཤད་གནང་།

图片

  ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་འཆི་མེད་ཚེ་རིང་དང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱམས་པ་ཚེ་རིང་གཉིས་ཀྱི་མཇུག་བསྒྲིལ་གསུང་བཤད་གནང་།

图片

  མཐར་ལྷ་ས་གྲོང་ཁྱེར་རིག་གནས་ཅུད་ཀྱི་ཅུད་ཀྲང་ལྷག་པ་དབང་འདུས་ལགས་ཀྱིས་རིག་གཞུང་དཔྱད་གླེང་ཚོགས་འདུ་རྒྱལ་མཁའི་ངང་མཇུག་བསྒྲིལ་བ་ཁྱབ་བསྒྲགས་གནང་།

图片

ཚོགས་འདུའི་ལས་དོན་ཚོགས་ཆུང་གི་མི་སྣ་རྣམས།

  ༢༠༢༢ལོའི་ཟླ་༡ཚེས་༢༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།