ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་བསྡུ་ལེན་གྱི་བརྡ་ཐོ།
[ཟླ་ཚེས། 2021-09-19 10:09:26][རྩོམ་པ་པོ། ཚོགས་འདུའི་སྒྲིག་ཨུད་ལྷ་སའི་ལས་ཤག][རྩོམ་ཁུངས། ཞང་ཞུང་འཕྲིན་སྟེགས།][ཀློག་གྲངས། ]
སྐབས་གཉིས་པའི་བོད་ལྗོངས་ལྷ་ས་མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་བསྡུ་ལེན་གྱི་བརྡ་ཐོ།
ཀྲུང་གོའི་ནུབ་རྒྱུད་དུ་གནས་པའི་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གཉིས་ནས་དུས་སྐབས་ཀུན་ཏུ་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་འདུག ཀྲུང་གོའི་མངའ་ཁོངས་མདོ་དབུས་མཐོ་སྒང་ནས་བྱུང་བའི་ཞང་ཞུང་རིག་གནས་ནི་མདོ་དབུས་མཐོ་སྒང་གི་རིག་གནས་ཀྱི་མགོ་ཁུངས་ཡིན་པ་མ་ཟད། རིག་གནས་ཀྱི་རྩ་བ་དང་། གནའ་བོའི་ཀྲུང་གོའི་ཤེས་རིག་འབྱུང་སའི་ཡ་གྱལ་ཞིག་ཀྱང་ཡིན། ཞང་ཞུང་རིག་གནས་དང་ཀྲུང་ཧྭ་མི་རིགས་སོ་སོའི་ཤེས་རིག་དུས་ཡུན་རིང་པོའི་སྤེལ་རེས་དང་མཉམ་འདྲེས་ལས། ཀྲུང་ཧྭ་མི་རིགས་སྣ་མང་གཅིག་གྱུར་གྱི་རྣམ་པ་བྱུང་། གནའ་བོའི་ཞང་ཞུང་གི་དུས་སྐབས་སུ། བོད་ལྗོངས་ཀྱི་ནུབ་རྒྱུད་ས་ཁུལ་གྱིས་མདོ་དབུས་མཐོ་སྒང་གི་རིག་གནས་སྤེལ་རེས་བྱེད་པར་ནུས་པ་གལ་ཆེན་ཐོན་ལ། ལྷག་པར་དར་གོས་འགྲུལ་ལམ་གྱི་ལམ་བུ་ལྷོ་མ་མདོ་དབུས་མཐོ་སྒང་དུ་བསྲིངས་པའི་ཡན་ལག་གལ་ཆེན་ཞིག་ཡིན་པས། ཉེ་འཁོར་གྱི་རྒྱལ་ཁབ་དང་མི་རིགས་ཁག་གི་གནའ་བོའི་རིག་གནས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཨེ་ཤེ་ཡ་དབུས་མའི་མི་རིགས་ཁག་གི་ཤེས་རིག་འབྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཏུ་གྱུར། ལྷག་པར་དེང་དུས་ཀྱི་ཀྲུང་གོས་ལག་བསྟར་གནང་བཞིན་པའི་“རྒྱུད་གཅིག་ལམ་གཅིག་”གི་གལ་ཆེའི་འཕེལ་རྒྱས་ཀྱི་འཐབ་ཇུས་འོག མདོ་དབུས་མཐོ་སྒང་གི་ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་པར་གལ་ཆེའི་དོན་སྙིང་ལྡན། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་སྔོག་འདོན་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཤུགས་ཆེན་པོས་ཞང་ཞུང་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་ཞབས་འདེགས་ཞུ་དགོས། མིག་སྔར་ང་ཚོས་དེ་སྔོན་ཚོགས་ཟིན་པའི་“སྐབས་དང་པོ་དང་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རྒྱལ་ནང་གི་རིག་གཞུང་ཚོགས་འདུ་”དང་། “སྐབས་དང་པོའི་ཀྲུང་གོ་བོད་ལྗོངས་ལྷ་ས་·མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་”རྨང་གཞིའི་སྟེང་། སྐབས་གཉིས་པའི་བོད་ལྗོངས་ལྷ་ས་·མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུ་སྤྱི་ལོ་༢༠༢༡ལོའི་ཟླ་༡༢པའི་ཚེས་༢༤ནས་༢༦བར་ལྷ་སར་འཚོགས་འཆར་ལ། འདིར་སྤྱི་ཚོགས་ལས་རིགས་ཁག་གི་ཆེད་མཁས་པ་དང་། རིག་པ་སྨྲ་བ། ཐུགས་མཉེས་གནང་མཁན་ཡོངས་ལ་རྩོམ་བསྡུའི་བརྡ་ཐོ་ཕུལ་བ་ལགས། གཅིག །ཚོགས་འདུའི་མིང་།
སྐབས་གཉིས་པའི་བོད་ལྗོངས་ལྷ་ས་-མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ།
གཉིས། གཙོ་གཉེར་ལས་ཁུངས།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་།
མངའ་རིས་ས་གནས་སྲིད་འཛིན་ཀུང་ཧྲུའུ།
གསུམ། རོགས་གཉེར་ཚན་པ།
ཀྲུང་དབྱང་མི་རིགས་སློབ་ཆེན།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།
བོད་ལྗོངས་སློབ་ཆེན།
བཞི། ལས་སྒྲུབ་ཚན་པ།
ལྷ་ས་གྲོང་ཁྱེར་རིག་གནས་ཅུས།
མངའ་རིས་ས་ཁུལ་རིག་གནས་ཅུས།
ལྔ། དཔྱད་རྩོམ་གྱི་གཙོ་དོན།
༡ ཞང་ཞུང་རིག་གནས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་གཏོང་ཁྲོད་ཀྱི་བྱེད་ནུས།
༢ ཞང་ཞུང་རིག་གནས་དང་ཀྲུང་ཧྭ་མི་རིགས་གཞན་པའི་དབར་གྱི་སྤེལ་རེས་དང་མཉམ་འདྲེས།
༣ ཞང་ཞུང་རིག་གནས་དང་ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ།
༤ ཞང་ཞུང་རིག་གནས་སྐོར་གྱི་ཞིབ་འཇུག་གི་འབྲས་བུ་གསར་པ།
དྲུག །དཔྱད་རྩོམ་གྱི་བླང་བྱ།
༡ དཔྱད་རྩོམ་ནང་དོན་ངེས་པར་དུ་གསར་གཏོད་རང་བཞིན་དང་། དམིགས་བསལ་གྱི་ལྟ་བ། རིག་གཞུང་གི་རིན་ཐང་ལྡན་པ། དུས་དེབ་དང་དྲྭ་བ་སོགས་ཅི་འདྲ་ཞིག་གི་སྟེང་དུའང་འགྲེམས་སྤེལ་བྱས་མེད་པ་ཞིག་ཡིན་དགོས།
༢ དཔྱད་རྩོམ་རེར་ཡིག་འབྲུ་༥༠༠༠ནས་༡༥༠༠༠དབར་དང་། ནང་དོན་གནད་བསྡུས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྒོ་ནས་འབྲི་དགོས་ལ། རྒྱ་ཡིག་འབྲུ་༥༠༠དང་། བོད་ཡིག་ཚེམ་ཁྱིམ་༨༠༠ལས་མ་ཉུང་བ་ཞིག་ཡིན་དགོས།
༣ དཔྱད་རྩོམ་མམ་ནང་དོན་གནད་བསྡུས་གྱི་ཟུར་དུ་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ཤིག་འགོད་དགོས་ཏེ། རྩོམ་པ་པོའི་མཚན་དང་། རྟེན། འཁྲུངས་ལོ། ལས་ཁུངས་དང་སློབ་གྲྭ༼སློབ་རིམ། ཆེད་ལས༽ འབྲེལ་གཏུགས་བྱེད་ཡུལ་ས་གནས་དང་། ཁ་པར་ཨང་གྲངས། སྦྲག་ཨང་སོགས་་་་་ཚང་མ་འགོད་དགོས།
༤ བོད་ཡིག་ཧི་གཟུགས་དང་རྒྱ་ཡིག་仿宋_GB2312ཡིན་དགོས།
རྩོམ་བསྡུའི་དུས་མཚམས་དང་བྱ་ཐབས།
༡ དཔྱད་རྩོམ་དང་ནང་དོན་གནད་བསྡུས་གློག་རྡུལ་སྦྲག་བསྐུར་གྱི་རྣམ་པར་བརྟེན་ནས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༠གོང་དུ་བསྐུར་དགོས། སྐུར་ཡུལ། shangshung1@qq.comཡིན། དེའི་གཙོ་དོན་དུ་【སྐབས་གཉིས་པའི་ཞང་ཞུང་རིག་གནས་ཚོགས་འདུ་+རྩོམ་པ་པོ་+དཔྱད་རྩོམ་གྱི་ཁ་བྱང】ཞེས་འགོད་དགོས།
༢ དུས་བཀག་ཐོག་དཔྱད་རྩོམ་མམ་ནང་དོན་གནད་བསྡུས་བསྐུར་མེད་པ་སོགས་ཡིན་ཕྱིན། ད་ཐེངས་ཀྱི་རིག་གཞུང་ཚོགས་འདུར་མི་ཞུགས་པར་བརྩི་རྒྱུ་ཡིན། དུས་བཀག་ནང་འབྱོར་བའི་དཔྱད་རྩོམ་མམ་ནང་དོན་གནད་བསྡུས་རྣམས་སྤྱི་ལོ་༢༠༢༡ལོའི་ཟླ་བ་༡༡ཚེས་༢༩གོང་དུ་འདི་ག་ཆེད་མཁས་ཚོ་ཆུང་གིས་ལེགས་འདེམས་བྱས་ནས་ཐེངས་འདིའི་ཚོགས་འདུའི་ནང་ཞུགས་ཐུབ་པའི་རྩོམ་པ་པོ་རྣམས་ལ་གདན་ཡིག་དངོས་སུ་གཏོང་གི་ཡིན།
༣ གཙོ་གཉེར་བའི་འབྲེལ་གཏུགས་ཁ་པར།
༠༨༩༡-༦༩༥༨༩༨༨
༡༣༩༠༨༩༨༩༧༠༠(ཞུང་ཀརྨ་རྒྱལ་མཚན)
སྐབས་གཉིས་པའི་བོད་ལྗོངས་ལྷ་ས་˙མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྒྲིག་ཨུད་ལྷ་སའི་ལས་ཤག་ནས།
༢༠༢༡ལོའི་ཟླ་བ་༩ཚེས་༡༨ཉིན།
༢༠༢༡ལོའི་ཟླ་བ་༩ཚེས་༡༨ཉིན།