དགའ་མལ་དགོན་ཆེན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་སྤེལ་བ།
[ཟླ་ཚེས། 2021-06-29 21:02:38][རྩོམ་པ་པོ། དགའ་མལ་དགོན་ཆེན་གྱི་དགེ་བཤེས་བཀོད་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་སྤེལ་བ།
དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ།

དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་དཔོན་སློབ་སྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེ།

༧ དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེ།



༧དཔོན་སློབ་རིན་པོ་ཆེ་སྐལ་བཟང་ཤེས་རབ་མཐར་ཕྱིན་མཆོག་ནས་སྔོན་འགྲོ་བཤད་པའི་གཞུང་བསྒྱུར་གསུང་བཞིན་པ།


བཀའ་རམས་པ་རྣམ་གཉིས་ནས་སྔོན་འགྲོའི་བཤད་པ་དབྱངས་སུ་གྱེར་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།


བཀའ་རམས་པ་རྣམ་གཉིས་ནས་སྔོན་འགྲོའི་བཤད་པ་དབྱངས་སུ་གྱེར་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།










བཀའ་རམས་པ་རྣམ་གཉིས་ནས་སྔོན་འགྲོའི་བཤད་པ་དབྱངས་སུ་གྱེར་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།


དགེ་བཤེས་མཛད་སྒོའི་ཉིན་གསུམ་པ་༢༠༢༡་༦་༢༠ཉིན། སྔ་དྲོ་ཕྱག་ཚོད་༡༠་པའི་ཐོག སེར་མང་འདུས་པ་རྒྱ་མཚོ་ཡོངས་ནས་སྤོས་གླིང་གི་བསུ་མས་སྣ་དྲངས་ཏེ་དགའ་མལ་དགོན་ཆེན་གྱི་༧མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་༧དཔོན་སློབ་སྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་དང་། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་གཙོས་གདན་ཞུས་དགེ་བཤེས་རྣམས་ཚོགས་ཆེན་གསས་ཁང་ཆེན་མོར་གདན་འདྲེན་ཞུས།




བཀའ་རམས་པ་རྣམ་གཉིས་ནས་སྔོན་འགྲོའི་བཤད་པ་དབྱངས་སུ་གྱེར་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།



དགེ་བཤེས་མཛད་སྒོའི་ཉིན་བཞི་པ་༢༠༢༡་༦་༢༡ཉིན། སྔ་དྲོ་ཕྱག་ཚོད་༡༠་པའི་ཐོག སེར་མང་འདུས་པ་རྒྱ་མཚོ་ཡོངས་ནས་སྤོས་གླིང་གི་བསུ་མས་སྣ་དྲངས་ཏེ་དགའ་མལ་དགོན་ཆེན་གྱི་༧མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་༧དཔོན་སློབ་སྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་དང་། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་གཙོས་གདན་ཞུས་དགེ་བཤེས་རྣམས་ཚོགས་ཆེན་གསས་ཁང་ཆེན་མོར་གདན་འདྲེན་ཞུས།



བཀའ་རམས་པ་ཆུ་འབྲུག་དྲང་སྲོང་ཤེས་རབ་བསྟན་པའི་ཉི་མ་ནས་སྔོན་འགྲོའི་བཤད་པ་དབྱངས་སུ་གྱེར་བ།

ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།



ཉིན་གུང་ཕྱག་ཚོད་༡༢་ཐོག་གཏོང་སྒོ་ཆེན་མོ་བཀའ་རམས་པ་གཉིས་ཀྱི་ནང་མི་ནས་བཏང་བ།


ཕྱི་དྲོ་ཕྱག་ཚོད་༣་པའི་ཐོག་སླར་མཁན་དཔོན་སློབ་དང་། གདན་ཞུས་དགེ་བཤེས། བཀའ་རམས་པ་རྣམ་གཉིས་བཅས་གདན་འདྲེན་ཞུས་ཏེ་བསླབ་གསུམ་འདུས་པ་རྒྱ་མཚོར་བཀྲ་ཇ་ཕུལ་བ་དང་། བཀའ་རམས་པ་རྣམ་གཉིས་ཡར་བཞེངས་ཏེ་བཀྲ་ཤིས་གསོལ་བ་སྨོན་ལམ་གྱེར་འདོན་གནང་ནས་ཉིན་གསུམ་པའི་སྔོན་འགྲོ་བཤད་པའི་སྐོར་མཇུག་ལེགས་པར་གྲུབ།
དགའ་མལ་དགོན་ཆེན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་ཉིན་ལྔ་པ་༢༠༢༡་ལོའི་ཟླ་༦་ཚེས་༢༢ཉིན་དངོས་གཞིའི་དམ་བཅའ་ཆེན་མོ།



སྔ་དྲོ་ཕྱག་ཚོད་བཅུ་པའི་སྟེང་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་མཁན་དཔོན་སློབ་དང་། གདན་ཞུས་དགེ་བཤེས། བཀའ་རམས་པ་མཁའ་ཡགས་དྲང་སྲོང་ཤེས་རབ་གཡུང་དྲུང་ཀུན་ཁྱབ་དང་། སེར་ཚ་དྲང་སྲོང་སྐལ་བཟང་བསྟན་པ་ཚུལ་ཁྲིམས། དོལ་པོ་དྲང་སྲོང་ཚུལ་ཁྲིམས་སྟག་ལྷ་རྒྱལ་མཚན། ཆུ་འབྲུག་དྲང་སྲོང་ཤེས་རབ་བསྟན་པའི་ཉི་མ་སོགས་བཀའ་ཆེན་བ་རྣམས་དང་། བཀའ་རམས་པ་ཆུ་མཆིག་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་དང་། ན་རོ་དྲང་སྲོང་ཚེ་བརྟན་དབང་ཕྱུག་རྒྱལ་མཚན། ཆུ་ནག་དྲང་སྲོང་སྐལ་བཟང་སངས་རྒྱས་རྒྱ་མཚོ། རིག་གནས་རབ་འབྱམས་པ་འབྲས་སྡེ་དྲང་སྲོང་སྐལ་བཟང་དབང་འདུས་རྒྱ་མཚོ་བཅས་བཀའ་ཆུང་བ་རྣམས་གསས་ཁང་ཆེན་མོའི་གཡས་གཡོན་ནས་སྤོས་གླིང་གིས་བསུས། གྲྭ་མང་འདུས་པ་རྒྱ་མཚོ་འཚོགས་གྲལ་བཞུགས་ཐོག་འབྲས་སིལ་གསོལ་ཇའི་མཆོད་པ་དང་འབྲེལ་བཀའ་རམས་པ་མཁའ་ཡགས་དྲང་སྲོང་ཤེས་རབ་གཡུང་དྲུང་ཀུན་ཁྱབ་དང་། ཆུ་མཆིག་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་དང་། སེར་ཚ་དྲང་སྲོང་སྐལ་བཟང་བསྟན་པ་ཚུལ་ཁྲིམས་དང་། ན་རོ་དྲང་སྲོང་ཚེ་བརྟན་དབང་ཕྱུག་རྒྱལ་མཚན་བཅས་བཀའ་རམས་པ་རྣམས་ནས་དམ་བཅའ་པད་དཀར་ཆུན་པོ་དང་། དམ་བཅའ་མན་དྷ་ར་བའི་ཕྲེང་བ་རིམ་པར་བཞིན་ངག་རྒྱུགས་ཕུལ། ཉིན་གུང་གཏོང་སྒོ་ཆེན་མོ་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་བཏང་བ།



ཕྱི་དྲོ་ཕྱག་ཚོད་༢་པའི་ཐོག་མཁན་དཔོན་སློབ་དབུ་བཞུགས་ཐོག བསླབ་གསུམ་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་དངོས་གཞི་དམ་བཅའ་ཆེན་མོར་བཞུགས་ཏེ་གདན་ཞུས་དགེ་བཤེས་རྣམས་དང་། འདི་གའི་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གཉེར་བ་འགའ་ཤས་ནས་གསང་བ་བླ་མེད་རྫོགས་ཆེན་གཞུང་བཞི་དང་། ནང་གསང་སྔགས་རྒྱུད་སྡེ་བཞི་དང་། ཕྱི་འདུལ་མཛོད་དབུ་ཕར་བཞིའི་སྐོར་ནས་དགག་སྒྲུབ་ཀྱི་རྩོད་གླེང་གནང་སྟེ་དངོས་གཞིའི་དམ་བཅའ་ཆེན་མོའི་མཇུག་བདེ་ལེགས་ཕུན་སུམ་ཚོགས་པར་བྱས།




ཉིན་དྲུག་པ་༢༠༢༡་༦་༢༣ཉིན་དངོས་གཞི་དམ་བཅའ་ཆེན་མོའི་རིམ་པ་གཉིས་པ། སྔ་དྲོ་ཕྱག་ཚོད་བཅུ་པའི་སྟེང་སྔར་བཞིན་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་མཁན་དཔོན་སློབ་དང་། གདན་ཞུས་དགེ་བཤེས། བཀའ་རམས་པ་རྣམས་གསས་ཁང་ཆེན་མོའི་གཡས་གཡོན་ནས་བསུས་ཏེ་གྲྭ་མང་འདུས་པ་རྒྱ་མཚོ་འཚོགས་གྲལ་བཞུགས་ཐོག་འབྲས་སིལ་དང་གསོལ་ཇའི་མཆོད་པ་ཕུལ་བ་དང་འབྲེལ་བཀའ་རམས་པ་དོལ་པོ་དྲང་སྲོང་ཚུལ་ཁྲིམས་སྟག་ལྷ་རྒྱལ་མཚན་དང་། ཆུ་འབྲུག་དྲང་སྲོང་ཤེས་རབ་བསྟན་པའི་ཉི་མ་དང་། ཆུ་ནག་དྲང་སྲོང་སྐལ་བཟང་སངས་རྒྱས་རྒྱ་མཚོ་རྣམས་ནས་དམ་བཅའ་པད་དཀར་ཆུན་པོ་དང་། དམ་བཅའ་མན་དྷ་ར་བའི་ཕྲེང་བ་རིམ་པར་བཞིན་ངག་རྒྱུགས་ཕུལ།

ཉིན་གུང་གཏོང་སྒོ་ཆེན་མོ་མཐའ་བ་སྒ་རིགས་ཉི་མ་བྱམས་ནས་བཏང་བ། ཕྱི་དྲོ་ཕྱག་ཚོད་༢་པའི་ཐོག་མཁན་དཔོན་སློབ་དབུ་བཞུགས་ཐོག བསླབ་གསུམ་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་དངོས་གཞི་དམ་བཅའ་ཆེན་མོར་བཞུགས་ཏེ་གདན་ཞུས་དགེ་བཤེས་རྣམས་དང་། འདི་གའི་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གཉེར་བ་འགའ་ཤས་ནས་གསང་བ་བླ་མེད་རྫོགས་ཆེན་གཞུངེ་བཞི་དང་། ནང་གསང་སྔགས་རྒྱུད་སྡེ་བཞི་དང་། ཕྱི་འདུལ་མཛོད་དབུ་ཕར་བཞིའི་སྐོར་ནས་དགག་སྒྲུབ་ཀྱི་རྩོད་གླེང་གནང་སྟེ་དངོས་གཞིའི་དམ་བཅའ་ཆེན་མོའི་མཇུག་བདེ་ལེགས་ཕུན་སུམ་ཚོགས་པར་བྱས།



བསྟན་སྦྱིན་ཆེན་མོ་ཧོས་སྐོར་བསྟན་འཛིན་བཀྲ་ཤིས་ལགས་དང་སྒ་རིགས་ཚང་ཉི་མ་བྱམས་གཉིས་ནས་གཏོང་སྒོ་ཆེན་མོའི་སྦྱིན་བདག་གནང་།





ཉིན་ཐ་མ་མཐར་ཕྱིན་མཛད་སྒོ་སྟེ། ༢༠༢༡་ལོའི་ཟླ་༦་ཚེས་༢༤་ཉིན་སྔ་དྲོ་ཕྱག་ཚོད་༡༠་པའི་ཐོག་བླ་གྲྭ་འདུས་པ་རྒྱ་མཚོ་ལྷན་འཛོམས་ཀྱི་དབུས་ན་བཀྲ་ཤིས་དམ་བཅའ་དང་། ཉིན་གུང་གཏོང་སྒོ་ཆེན་མོར་ཀིས་རྩའི་ཤུག་སྡོང་ཚང་ནས་བཏང་བ། ཕྱི་དྲོ་ཕྱག་ཚོད་༢་པའི་ཐོག་དཔོན་སློབ་རིན་པོ་ཆེ་སྐལ་བཟང་ཤེས་རབ་མཐར་ཕྱིན་མཆོག་གིས་མཚན་བཏགས་ཚིག་བཤད་པད་དཀར་རབ་མཛེས་གསུང་གྱེར་གནང་བའི་མཇུག་ཏུ། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ནས་རྒྱལ་བ་མཉམ་མེད་བླ་མའི་བསྔོ་བ་གསུང་།





བཀའ་རམས་པ་རྣམས་ནས་མཆོད་ཚིག་སྨོན་པ་ཡོངས་འགྲུབ་ཀྱི་མཆོད་པ་ཕུལ་རྗེས་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་དགེ་བཤེས་ཕྱག་ཁྱེར་དང་། དཔོན་སློབ་རིན་པོ་ཆེ་ནས་མགུལ་དར་བཅས་བསྩལ་གནང་བྱུང་བ་དང་།

བཀའ་རམས་པ་རྣམས་ནས་མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་ཕྲེང་བ་བཅས་མཐར་ཕྱུང་བྱས།
ཚན་པ་སྒྲིག་བཞིན་པ།


བཀྲ་ཤིས་དམ་བཅའ་བཞུགས་བཞིན་པ།


དེའི་རྗེས་འདུས་སྡེ་རྒྱ་མཚོ་ནས་དུ་ཏྲི་སུའི་བསྙེན་པ་དབྱངས་སུ་གྱེར་ཏེ་གསས་ཁང་ཆེན་མོར་སེར་ཕྲེང་ཕེབས།



དཔོན་སློབ་རིན་པོ་ཆེ་ནས་དམངས་ཚོགས་ལ་དག་ཁྲུས་བྱེད་བཞིན་པ།



དཔོན་སློབ་རིན་པོ་ཆེ་ནས་དམངས་ཚོགས་ལ་དག་ཁྲུས་བྱེད་བཞིན་པ།









དེ་ནས་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་ཁྲི་བཞེངས་མཛད་དེ་ཐེངས་འདིའི་སྔོན་འགྲོ་དངོས་གཞི་མཐར་ཕྱུང་གི་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་ཡོངས་སུ་རྫོགས་པར་བྱས་སོ།།སརྦ་མངྒལམ། ། ། །
དགའ་མལ་དགོན་ཆེན་གྱི་དགེ་བཤེས་བཀོད་སྒྲིག་ཚོགས་ཆུང་ནས་སྤེལ།