བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་ལུགས་ཀྱི་ལྡེབས་རིས་བྲིས་པ།
[ཟླ་ཚེས། 2021-01-07 21:47:00][རྩོམ་པ་པོ། ཞང་ཞུང་ལྡོང་ལུགས་ཀྱི་དགེ་སློབ་ཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ལྡོང་མདོ་རྣམ་ཚང་གི་དགེ་སློབ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་ལུགས་ཀྱི་ལྡེབས་རིས་བྲིས་པ།

བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཀྱིས་སྐྱ་རིས་འབྲི་བཞིན་པ།




བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྟོན་པ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་དང་འབྲེལ་བའི་སྐྱ་རིས་ཁག་གཅིག

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་འདུལ་བའི་ཆས་ལུགས།


བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་མི་བོ་རྒྱལ་པོའི་ཆས་ལུགས།




བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་ཀྱི་མཛད་ཐང་སོགས།



བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དགེ་སློབ་ཚོས་ལྡེབས་རིས་འབྲི་བཞིན་པ།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་ཞང་ཞུང་ཕུགས་པ་ཁྱུང་ལུང་དངུལ་མཁར་མདོ་སྔགས་གྲགས་རྒྱས་གླིང་།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རིའི་གླིང་སོགས་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་ཞང་ཞུང་སྒོ་པ་ཁྱུང་པོ་རི་བོ་རྩེ་དྲུག་དགོན།

ལྡོང་མདོ་ཚང་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་གཉེར་པ་ཕུན་ཚོགས་ཡོན་ཀྲང་།

བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དགེ་སློབ་ཚོ་དང་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ།

སྤྱི་སྤུངས་དབལ་གསས་ཀྱི་དཀྱིལ་འཁོར།
བོད་ལྕགས་བྱི་ལོ༼༢༠༢༠༽རྫོགས་གྲབས་ཡོད་པའི་མཚམས་འདིར་ང་ཚོ་ཕྱི་མིག་ཅིག་ཕོངས་ན་ལོར་འདིར། ལྡོང་མདོ་ཚང་གི་དགེ་སློབ་ཚོས་དམིགས་གསལ་གྱིས་བྱ་བ་གཅིག་གྲུབ་པ་ནི། བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཆོས་ལུགས་གྲུབ་མཐའ་ཆེན་པོ་ལྔ་ཡི་སོ་སོའི་ལུགས་ཀྱི་རྟེན་མཛོད་དང་འབྲེལ་བའི་འགྲེམ་སྟོན་་ཁང་རེ་ཡོད་པའི་ནང་ནས་བོན་གྱི་རྟེན་མཛོད་ཁང་དུ། གཡུང་དྲུང་བོན་ལུགས་ཀྱི་ལྡེབས་རིས་ནི་དབྲ་ཁྱུང་སྐལ་བཟང་ནོར་བུ་སོགས་ནང་བསྟན་སློབ་གླིང་དུ་བོན་གྱི་དགེ་རྒན་ཚོས་ང་ཚོ་ལ་བཀའ་མངགས་གནང་བ་ལྟར་བྲིས་པ་ཞིག་ཡིན། དེའང་ལྡེབས་རིས་ནི་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོའི་མཛད་ཆེན་བཅུ་གཉིས་དང་། འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་གཡུང་དྲུང་བོན་གྱི་སྐྱེས་ཆེན་མཁས་གྲུབ་དམ་པ་འགའ་ཤས། དེ་བཞིན་ཞང་ཞུང་སྒོ་ཕུག་བར་གསུམ་དང་། བོན་གྱི་གྲྭ་ས་རྩ་ཆེན་ཁག་གི་དགོན་པའི་འདྲ་རིས་སོགས་དགེ་རྒན་ལྡོང་མདོ་ཚང་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་གཙོས་པའི་དགེ་སློབ་ཚོས་ཟླ་བ་གསུམ་ཙམ་གྱི་རིང་དུ་འབད་འབུང་བྱས་ནས་གྲུབ་པའི་པར་རིས་ཁག་གཅིག་གཤམ་དུ་སྤྱན་ལམ་དུ་འབུལ་བ་ཡིན།།

བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཀྱིས་སྐྱ་རིས་འབྲི་བཞིན་པ།




བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྟོན་པ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་དང་འབྲེལ་བའི་སྐྱ་རིས་ཁག་གཅིག

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་འདུལ་བའི་ཆས་ལུགས།


བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་མི་བོ་རྒྱལ་པོའི་ཆས་ལུགས།




བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་སྟོན་པ་གཤེན་རབ་ཀྱི་མཛད་ཐང་སོགས།



བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དགེ་སློབ་ཚོས་ལྡེབས་རིས་འབྲི་བཞིན་པ།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་ཞང་ཞུང་ཕུགས་པ་ཁྱུང་ལུང་དངུལ་མཁར་མདོ་སྔགས་གྲགས་རྒྱས་གླིང་།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རིའི་གླིང་སོགས་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ལྡེབས་རིས་ཞང་ཞུང་སྒོ་པ་ཁྱུང་པོ་རི་བོ་རྩེ་དྲུག་དགོན།

ལྡོང་མདོ་ཚང་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་གཉེར་པ་ཕུན་ཚོགས་ཡོན་ཀྲང་།

བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྡོང་མདོ་དགེ་སློབ་ཚོ་དང་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ།

སྤྱི་སྤུངས་དབལ་གསས་ཀྱི་དཀྱིལ་འཁོར།
ཞང་ཞུང་ལྡོང་ལུགས་ཀྱི་དགེ་སློབ་ཚོ་ནས་སྤེེལ་བའོ།།
༢༠༢༡-༡-༧ཉིན།