གལ་ཆེ་བའི་གསལ་བརྡ།

[ཟླ་ཚེས། 2020-12-05 09:34:39][རྩོམ་པ་པོ། འགན་འཁུར་པ་རྣམ་གཉིས་ནས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ ཀྱི་ཐེངས་བཅུ་གཅིག་པའི་གལ་ཆེའི་གསལ་བརྡ།
གཡུང་དྲུང་བོན་གྱི་རྒྱལ་བསྟན་རིན་པོ་ཆེ་ལ་ལྷག་བསམ་ཟོལ་མེད་ཀྱི་བླ་སྤྲུལ་མཁན་གསུམ་དང་དགེ་བའི་བཤེས་གཉེན། སྐད་གཉིས་སྨྲ་བའི་དགེ་རྒན་ཆེན་མོ་བ་རྣམས་ལ་སྙན་ཞུ་འབུལ་རྒྱུ།
   ཀུན་གྱིས་མཁྱེན་གསལ་ལྟར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་འོག ལོ་རེ་བཞིན་སི་ཁྲོན་ཁྲིན་ཏུའི་གྲོང་ཁྱེར་དུ་༼བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས།༽འཚོགས་ཀིན་ཡོད་པ་དང་། ད་ལོའི་བར་དུ་ཐེངས་བཅུ་ཙམ་འཚོགས་ཟིན་ལ།
 ཐེངས་འདིའི་ཚོགས་འདུའི་འགན་ཁུར་པ་ཐེ་བོ་་གཙོ་ཚང་དགོན་གྱི་མཁན་པོ་ཚེ་དབང་རིག་འཛིན་དང་རྔ་བ་སྣང་ཞིག་དགོན་གྱེ་དགེ་བཤེས་གཡུང་དྲུང་བསམ་གཏན་ཁོང་རྣམ་གཉིས་ཀྱིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་དགེ་རྒན་ཆེན་མོ་སོགས་ལ་བཀའ་འདྲི་བྱས་མཐར།  ཐེངས་བཅུ་གཅིག་པའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས། སྤྱི་ལོ་༢༠༢༡ལོའི་ཟླ་༡ པོའི་ཚེས་༦ ནས་༡༠ བར་ཉིན་ལྔའི་རིང་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད།
སྔར་གྲོས་ཚོགས་སུ་བཞུགས་པའི་རྣམ་པ་ལྷན་རྒྱས་དུས་ལྟར་ཕེབས་རོགས་གནང་།
ཐེངས་འདིའི་གྲོས་ཚོགས་འགན་འཁུར་པ་རྣམ་གཉིས་ནས།
དྲུང་ཡིག་པ། ཚེ་དབང་རིག་འཛིན།  13893969644
དགེ་བཤེས་གཡུང་དྲུང་བསམ་གཏན། 13568782778
                སྤྱི་ལོ་༢༠༢༠ལོའི་ཟླ་༡༢པའི་ ཚེས་༥ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།