ཞང་ཞུང་སྨར་ཆེན་ཡིག་གཟུགས་རིན་མེད་ཕབ་ལེན་བྱེད་ཐུབ་པའི་གནས་ཚུལ།

[ཟླ་ཚེས། 2020-09-22 14:53:33][རྩོམ་པ་པོ། ཞང་ཞུང་རིག་མཛོད་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཐ་ཚན་མུ་ཙུག་སྨར་རོ། དེ་ཡང་གནའ་བོའི་ཞང་ཞུང་ཡིག་གཟུགས་གྲས་ཀྱི་སྨར་ཆེན་ཡིག་གཟུགས་དེ་ངེད་ཞང་ཞུང་རིག་མཛོད་ཁང་གིས་དུས་རབས་དང་མཐུན་པའི་སྒོ་ནས་གློག་ཀླད་གཏག་ཆས་སུ་བཟོས་ཏེ་དུས་ཡུན་གང་འཚམ་ཞིག་སོང་ཡོད་ལ། དེའི་རིང་ལ་ཕྱོགས་སོ་སོར་བཞུགས་པའི་སྤྱིར་ཡིག་གཟུགས་ཆེད་མཁས་པ་དང་ཁྱད་པར་དུ་གནའ་བོའི་ཞང་ཞུང་ཡིག་གཟུགས་ལ་རྒྱུས་ངལ་དང་ཞིབ་འཇུག་ཆེད་སྦྱོང་སོགས་གནང་མཁན་དག་ལ་བཀའ་འདྲི་དང་སློབ་སྟོན་ཡང་ཡང་ཞུས་ཏེ་བཟོ་བཅོས་སོགས་གང་ལེགས་བྱས་ཏེ། སྤྱི་ལོ་༢༠༢༠ལོའི་ཟླ་བ་༩བའི་ཚེས་༨ཉིན་མཚོ་སྔོན་དུང་དཀར་དགོན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་འཚོགས་སྐབས་སུ་ཞང་ཞུང་རིག་མཛོད་ཁང་གི་ཡིག་སྣོད་དང་ཞང་ཞུང་སྨར་ཆེན་ཡིག་གཟུགས་གཉིས་རིན་མེད་ཕུལ་བའི་མཛད་སྒོ་སྤེལ་ལ།
   དེ་ནས་དེ་རིང་སླར་ཡང་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་གློག་ཀླད་གཏག་ཆས་ཅན་ཕྱོགས་སོ་སོའི་དྲ་ཚིགས་རྣམས་སུ་རིན་མེད་ཕབ་ལེན་བྱེད་ཐུབ་པར་ཞུས་ཡོད་ལ། གཞན་ངེད་ཞང་ཞུང་རིག་མཛོད་ཁང་གི་གཙོ་འགན་པ་ལུང་དཀར་གཡུང་དྲུང་བསྟན་འཛིན་ལགས་ནས་དམངས་སྒོར་འབུམ་ཕྲག་གཉིས་ལྷག་འགྲོ་སོང་གཏོང་སྟེ། གནའ་བོའི་ཞང་ཞུང་རིག་གཞུང་དར་སྤེལ་སོགས་ལ་དམིགས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཞང་ཞུང་སྨར་ཡིག་ཆེ་ཆུང་དབུ་ཆེན་བཅས་ཡིག་གཟུགས་གསུམ་ཕབ་ཅན་གྱི་༼ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་༽སྤུས་ལེགས་ཅན་ཚར་སུམ་སྟོང་དཔར་དུ་བསྐྲུན་ནས་རྒྱལ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་སྡེ་ཁག་དང་དགོན་སྡེ་ཁག དཔེ་མཛོད་ཁང་སོགས་ལ་ཕུལ་ཟིན་པ་ཡིན་ལ། དེ་ཕྱིར་ངེད་ཞང་ཞུང་རིག་མཛོད་ཁང་གིས་རྒྱ་ཆེ་བའི་འཛད་སྤྱོད་པ་ཡོངས་ལ་གནའ་བོའི་ཞང་ཞུང་ཤེས་རིག་དང་འབྲེལ་བའི་ལེགས་སྐྱེས་ཕྱོགས་ཙམ་ཕུལ་ཐུབ་པ་འདིའང་རང་མི་རིགས་ཀྱི་རིག་གཞུང་ཕྱོགས་ལ་སྨན་པའི་རྒྱུར་བསྔོའོ། །
ཞེས་ཞང་ཞུང་རིག་མཛོད་ཁང་ནས།
སྤྱི་ལོ་༢༠༢༠ལོའི་ཟླ་བ་༠༩བའི་ཚེས་༢༢ཉིན།
ཞང་ཞུང་སྨར་ཆེན་ཡིག་གཟུགས་རིན་མེད་ཕབ་ལེན།
634c25f33cdd3ea513770fc358111feb.zip (93.05 KB)
ཞང་ཞུང་སྨར་ཆུང་ཡིག་གཟུགས་རིན་མེད་ཕབ་ལེན།
The-script-of-Zhangzhung-Smar.zip
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།