ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དཔྱད་གླེང་ཚོགས་འདུའི་བརྡ་སྦྱོར།
[ཟླ་ཚེས། 2020-07-11 19:16:58][རྩོམ་པ་པོ། དྲུང་ཡིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པ་ཁྲི་འདུ་ཞིང་ཆེན་དུ་འཚོག་རྒྱུ་ཡིན།


འཕྲོས་བཤད་དུ་གསུང་བཤད་སློབ་དཔོན་རྣམས་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གང་དུ་བཞུགས་ཀྱང་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དཔྱད་གླེང་ཚོགས་འདུ་རུ་ཆེད་ཕེབས་གནང་ཚེ་ཕེབས་ལམ་གྱི་གསོལ་ཟས་དང་མགྲོན་ཁང་། གནམ་གྲུ་དང་མེ་འཁོར། གཞུང་འཁོར་དང་སྒེར་འཁོར་སོགས་ལམ་སྐབས་ཀྱི་འགྲོ་གྲོན་ཆ་ཚང་ཚོགས་པ་གཞུང་ནས་དང་ལེན་བྱ་རྩི་ཡིན་པས། འགྲོ་གྲོན་གྱི་འཛིན་ཡིག་རྣམས་གཅིག་ཀྱང་མ་ཆད་པར་ཚོགས་པའི་སྤྱི་གཉེར་བའི་ཕྱག་ཏུ་འཕྲོད་ཐབས་བྱེད་དགོས། དེ་ལྟར་འཛིན་ཡིག་རྣམས་སྤྱི་གཉེར་བའི་ཕྱག་ཏུ་འཕྲོད་རྗེས་ཕེབས་ལམ་གྱི་འགྲོ་གྲོན་ཆ་ཚང་ཚོགས་པ་གཞུང་ནས་གཏོང་རྒྱུ་ཡིན།
སྤྱིར་ངེད་དྲུང་ཡིག་ཚན་ཆུང་གིས་ཟླ་བ་སྔོན་མའི་སྔོན་མ་རུ་བརྡ་སྦྱོར་ཐེངས་གཅིག་དྲྭ་ལམ་བརྒྱུད་ནས་བཏང་ཟིན་པ་ཡིན་མོད། གལ་བོ་ཆེ་ལ་ནན་ཏན་ཟེར་བ་བཞིན་དགེ་བའི་བཤེས་གཉེན་རྣམ་པའི་དཔྱད་རྩོམ་རྣམས་མི་འགྱང་བར་ངེད་དྲུང་ཡིག་པའི་ལག་ཏུ་འབྱོར་ཐུབ་པའི་རེ་ཞུ་དང་རྩོམ་བསྡུའི་དུས་ཚོད་ཀྱང་མཇུག་རྫོགས་ལ་ཉེ་བའི་སྔོན་བརྡ་ཞིག་ཀྱང་སྤེལ་བ་ཡིན།
འབྲེལ་གཏུག་བྱ་ཡུལ།
182 83744456 134 0837 8655