བློ་འབྱེད་དྲ་བ་ཤར་གཏོང་གནང་བ།

[ཟླ་ཚེས། 2020-06-02 08:57:30][རྩོམ་པ་པོ། བློ་འབྱེད་དྲ་བའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མིའི་རིགས་ཀྱི་སྤྱི་ཚོགས་ལ་ཚན་རྩལ་རིག་གནས་ཀྱི་རླབས་རྒྱུན་དྲག་ཏུ་ལྡང་ཞིང་ཤེད་ཀྱིས་འཕྱོ་བའི་དུས་རབས་ཉེར་གཅིག་པའི་དཀྱོག་མཚམས་འདིར། ས་སྒང་གོ་ལ་ཧྲིལ་བོ་དྲྭ་བའི་ཁེབས་མ་གཅིག་གིས་ཡོངས་སུ་བཀླུབས་ཟིན་པས་ཆབ་དཔལ་རིག་གསུམ་གྱི་མ་ལག་ཡོད་ཚད་འཛམ་གླིང་རང་བཞིན་ཅན་གྱི་འཁོར་ཕྱོགས་ལ་བསྐྱོད་དང་སྐྱོད་བཞིན་ཡོད་པས་ན།
 ངེད་གནའ་བོའི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་བྱས་པའི་བློ་འབྱེད་དྲ་བས་ངོས་དང་ཟུར་གཉིས་ནས་བརྡ་འཕྲིན་རིག་གནས་ཀྱི་སྟོང་ཆ་ཞིག་གི་ཁ་བསྐང་ཕྱིར་དྲ་ལམ་སློབ་གསོའི་ལས་རིགས་ལ་འབད་པ་བརྒྱ་བྱས་ཤིང་།  དྲ་བའི་སྤྱོད་སྒོ་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་འཐུས་ཚང་གི་ཕྱོགས་སུ་བསྐྱོད་དེ། སྤྱིར་འཆད་ཁྲིད་བྱེད་སྟངས་དེ་ཡང་རྣམ་པ་མི་འདྲ་བའི་སྒོ་ནས་གསར་བསྒྱུར་བྱས་ཤིང་། བོད་ཀྱི་རིག་གནས་འདྲ་མིན་སྣ་ཚོགས་སྒྲ་དང་བརྙན་གཟུགས་ཀྱི་ལམ་ནས་འཆད་ཁྲིད་གནང་བར་མ་ཟད། འཆད་ཁྲིད་པའང་། དགེ་རྒན་གྱི་གོ་གནས་ཡོད་པ་ཙམ་མ་ཡིན་པར།  རིག་གཞུང་ཆེད་མཁས་པ་དང་།  ལོ་རྒྱུས་ཉམས་ཞིབ་པ་།  རིགས་གཅིག་རྐང་འཛིན་པ་སོགས་དམིགས་བསལ་གྱིས་གདན་འདྲེན་ཞུས་ནས།  དྲ་ལམ་ཐད་གཏོང་དང་བཅར་འདྲིའི་ལམ་ནས་འཛམ་གླིང་རིག་གནས་ཀྱི་མ་ལག་ཡོངས་རྫོགས་ཁྱེད་ཅག་ལྟ་མཁན་རྣམ་པ་དང་།   གསན་མཁན་ཡོངས་ལ་ཞབས་ཕྱིའི་རྣམ་པ་ཅི་ནུས་ཀྱི་ཐད་ལ་ཤ་ཟད་རུས་ཐུག་གིས་འབད་ངེས་ཡིན་པས་མ་ཚད།  གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་དགོན་སྡེའི་མཁས་པ་ཚོར་ཞལ་ཁྲིད་ཀྱི་ལེ་ཚན་རེ་ཆེད་བསྒྲིགས་བྱས་ཏེ།  རང་རང་གི་གྲུབ་མཐའ་སོ་སོའི་བྱུང་རིམ་དང་།  སྒོས་སུ་གྲུབ་མཐའ་རང་གི་ཐུན་མོང་མ་ཡིན་པའི་ལྟ་བ་དང་གྲུབ་མཐའི་ཡིག་ཆའི་སྐོར་ནས་འཆད་ཁྲིད་བྱ་རྒྱུ་ཡིན། 
   དེ་ཡང་ངེད་བློ་འབྱེད་དྲ་ལམ་སློབ་གསོའི་རིགས་ཚན་གྱི་ཕྱོགས་ནས་ཀྱང་།  མང་པོ་ཡོད་ལ།  དཔེར་ན།  ཚད་མ་རིག་པ་དང་།  སྒྲ་རིག་པ།  གསོ་བ་རིག་པ།  བཟོ་རིག་པ།  དཔལ་འབྱོར་རིག་པ།  ཡིག་གཟུགས་འབྲི་ཐབས་སོགས་མདོར་ན།  བོད་ཀྱི་རིག་གནས་གཙོས་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་སོགས་ནང་འདྲེན་དང་དེང་རབས་གཙོ་རྒྱུགས་རིག་གནས་དག་དངོས་ཤུགས་གཉིས་ཀ་ནས་ཁྱབ་སྤེལ་བྱས་ཏེ།  འཛམ་གླིང་རང་བཞིན་ཅན་དུ་བསྐྱོད་ཅི་ཐུབ་བྱ་ངེས་ཀྱི་ལས་བྱ་འདི་ལ།  རྣམ་པ་ལྷན་རྒྱས་ཀྱིས་དགེ་འདོན་སྐྱོན་སེལ་གྱི་འབོད་བསྐུལ་དང་མི་འབྲལ་བའི་འོག   ཕྱོགས་སོ་སོ་ནས་དུས་དང་དུས་སུ་སྨན་ངེས་པའི་རྒྱབ་སྐྱོར་མཛུབ་སྟོན་མི་ཆུང་བའི་རེ་འབོད་ཡང་ཡང་ཞུ་བཞིན་ཡོད་པ་ཡིན་ནོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།