མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་གནས་བསྡུས།

[ཟླ་ཚེས། 2020-04-21 22:16:21][རྩོམ་པ་པོ། ལམ་འགྲོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ད་ལན་ཞང་ཞུང་སྒོ་པའི་ཆར་གཏོགས།  ཧོར་ཡུལ་གནས་ཆེན་མེ་མོ་བྲག་དཀར་གྱི་སྐུ་མདུན་དུ་ཆགས་པའི་༧ མེ་མོ་ཡང་དབེན་སྨིན་གྲོལ་གླིང་འདིར། བཤད་སྒྲུབ་བསྟན་པའི་མེ་ཁ་གསོས་ཏེ་མི་ལོ་བཅུ་ཕྲག་ཕྱེད་གཉིས་ཡར་ལྷག་ཟིན་པའི་ཁོངས་ནས། སྐབས་དང་པོའི་སྒྲུབ་ཐོན་རྣལ་འབྱོར་པ་དྲང་སྲོང་ཚུལ་ཁྲིམས་བྱམས་མ་དང་།  ཀུན་དགའ་སྒྲོན་མ་གཉིས་ཡིན་ཚུལ་ཤང་ཞབས་འགོ་དམངས་ཚང་མས་མཁྱེན་གསལ་ལ།
   ད་ལན་སྐབས་གཉིས་པར་ཁོང་རྣམ་གཉིས་དང་འཛིན་གྲྭ་གཅིག་ཅིང་། དབང་ལུང་ཁྲིད་གསུམ་ཐོས་བསམ་སྒོམ་པ་སྦྱངས་ཡུན་རིང་བའི་བཙུན་མ་སྨོན་ལམ་སྒྲོན་མ་དང་།  བསམ་གཏན་སྒྲོན་མ། བསྟན་འཛིན་བཟང་མོ། སྨོན་ལམ་བྱམས་མ།   ཚུལ་ཁྲིམས་བྱམས་མ་ལྔ་རྟེན་འབྲེལ་གྱི་འབྲས་རྟགས་ཕྱག་འཁྱེར་བཞེས་ཤིང་།  བསོད་ནམས་ཚོགས་ཀྱི་ཞིང་ས་འདུས་མང་ཡོངས་ལ་མང་ཇ་དང་སྐུ་འགྱེད། གཞན་ཡང་བདའ་རྒུའི་ཞལ་ཟས་ཕུན་སུམ་ཚོགས་པ་དང་། ཞིམ་རྒུ་མངར་ཆུ་བཅས་ལྷག་བསམ་རྣམ་དག་གིས་ཕུལ་ཞིང་།   རང་རེའི་བླ་གྲྭ་བཙུན་མ་ལྷན་རྒྱས་ནས།  ཁོང་རྣམ་པའི་བཞེད་དོན་གེགས་མེད་འགྲུབ་པའི་ཐུགས་སྨོན་ཟབ་རྒྱས་གནང་བ་ལགས་སོ།།     
   
  སྤྱི་ལོ་༢༠༢༠ལོའི་ཟླ་༤ཚེས་༡༩ཉིན་མེ་མོ་རི་ཁྲོད་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།