གཡུང་དྲུང་བོན་མཆོད་རྫས་གླེང་རའི་ཐེངས་དང་པོའི་མཆོད་སྨན་ལེགས་འགྲུབ་ཀྱི་གནས་འཕྲིན།

[ཟླ་ཚེས། 2020-04-17 15:06:36][རྩོམ་པ་པོ། ཤོ་ས་ཁྲི་གཙུག་རྒྱལ་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  
   ༧ དམུ་སྲས་རྒྱལ་བའི་དབང་པོས་གདུལ་བྱའི་བློ་རིམ་དང་བསྟུན་ཏེ་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ་བསྟན་པ་ལས་། ནང་བསྒྱུར་ལམ་གསང་སྔགས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གང་ལ་གནད་དུ་ཆེ་བ་རྫས་སྔགས་ཕྱག་རྒྱ་འཕྲོ་འདུ་དག་ཡིན་ལ། ལྷག་པར་དུ། གསང་སྔགས་ཕྱི་ནང་རྫས་ཀྱི་ཁྱད། ཟེར་བ་ལྟར་རྫས་ཡོ་བྱད་དག་གལ་ཆེན་ཡིན་པ་ནི། སྔགས་རྒྱུད་ལས། གསང་སྔགས་གནད་ནི་རྫས་ཡིན་ཏེ།། མཐུན་རྐྱེན་རྫས་ལ་བརྩོན་པར་གཅེས།། སྨེ་མནོལ་དྲི་མས་མ་གོས་གཅེས།། མི་ལག་མི་འགྲིམ་སྦ་བར་གཅེས།། མཆོད་རྫས་མནོལ་བག་མ་སོང་གཅེས།།  རྟེན་རྫས་འགོམ་ཡུག་མ་སོང་གཅེས།། དགྲ་རྫས་དྲི་མ་ཁ་རླངས་འཛེམས་པར་གཅེས།། དམ་རྫས་ཚང་ཞིང་འཛོམས་པར་གཅེས།། ཞེས་གསུངས་པ་ལྟར་གསང་བ་སྔགས་ཀྱི་གཞུང་ལུགས་ཀུན་ནས། ཡོ་བྱད་རྫས་རྣམས་ཆ་ཚང་དང་གཙང་དག་ཁུངས་ལྡན་ཚད་མཐུན་དགོས་པར་ཡང་དུ་བསྟན་པ་ཡིན་ཕྱིར།  ན་ནིང་སྟེ་སྤྱི་ལོ་༢༠༡༩ལོར་ཚོགས་གཙོ་བོན་དབྱིངས་འགྱུར་མེད་ལགས་ཀྱིས་ཞྭ་དཀར་གཡུང་དྲུང་བོན་གྱི་༼མཆོད་རྫས་གླེང་ར་༽ཞེས་པའི་དྲྭ་ཚོམ་འདི་ཕྱེས་ཤིང་།
   ༧ སྐྱབས་མཆོག་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དང་རྫ་དབྲ་བ་སྤྲུལ་སྐུ་སོགས་བླ་སྤྲུལ་མཁས་དབང་འགའ་ཞིག་དབུ་བཞུགས་ཐོག མདོ་དབུས་སྟོད་སྨད་གང་ས་ནས་བོན་གཤེན་དབུ་མཛད་དང་འཚོ་བྱེད་སྨན་པ་སོགས་ཉམས་མྱོང་ཅན་དང་ལྷག་བསམ་ཅན་མི་ཉུང་བ་ཞིག་འཛོམས་ཏེ། ཀུན་མཁྱེན་ཉི་མའི་རྫས་བསགས་གཙོར་བཞག་ཐོག་མཆོད་སྨན་ངོས་འཛིན་ཐད་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་དབུ་འཛིན་གནང་སྟེ་ཁྱུང་པོ་སྟེང་ཆེན་དུ་སྨན་པ་དབུ་མཛད་མི་གྲངས་སུམ་ཅུའི་ལྷག་ལྷན་དུ་འཛོམས་ནས་ཕན་ཚུན་བགྲོ་གླེང་གནང་བ་དང་། དོགས་གནད་ཡོད་རིགས་ཟུར་ཐོ་བྲིས་ཏེ། ཡོངས་འཛིན་སྨྲ་དབང་ཆེན་མོ་དང་སྐྱང་སྤྲུལ་རྒྱལ་བའི་དབང་པོ་རྣམ་གཉིས་ལ་དྲྭ་བའི་བརྒྱུད་ནས་བཀའ་འདྲི་གོང་འབུལ་ཞུ་སའི་སྐལ་བ་རྙེད་བྱུང་། སྨན་རྫས་འཐུ་ཉོ་དང་སྐམ་བསལ་བསྡུས་བསགས་སོགས་གང་ཐད་ལ་༧གཡུང་དྲུང་གླིང་གི་མཁན་རིན་པོ་ཆེའི་བརྩེ་གཟིགས་འོག་ཚང་མས་དཀའ་ཚེགས་རྒྱུ་འབྱོར་ཕོན་ཆེན་སྒོས་གཙང་སྦྲ་དང་། དང་དོད་ཆེན་པོས་དུས་ཚོད་གང་འཚམས་བཏང་སྟེ་དཔེ་ཆ་གཞི་བཞག་སྟེང་འགྲོ་ཐུབ་རྒྱུར་འབད་བརྩོན་ནུས་པ་ཆེར་བསྐྱེད་ཞུས་པས།
   ད་ལན་ཐེངས་དང་པོའི་མཆོད་རྫས་ལེགས་གྲུབ་ཟིན་པ་ནི། གསང་སྔགས་སྤྱི་ཡི་མཆོད་སྨན་འདོད་རྒུའི་ཕྱེ་མ་ཟེར་བའི་ཁུག་མ་གཉིས་ནང་། ཀུན་མཁྱེན་ཉི་མའི་རྫས་བསགས་གཞིར་བཟུང་སྟེང་གཞན་དགོས་མཁོ་འགའ་ཞིག་བརྒྱན་པའི། མཆོད་རྫས་སྣ་ཁ་ཉེར་གཉིས་ཏེ། ༡ དུག་སྣ་རིགས་དགུ། ༢ དམར་ཚན། ༣ དཀར་ཚན། ༤ ཚན་ཁྲུས། ༥ བསང་དཀར། ༦ ཆག་ཆག་གདབ་རྫས། ༧ ཕྱི་རྒྱུད་བུམ་རྫས། ༨ ནང་རྒྱུད་བུམ་རྫས། ༩ འབྲུ་ནག་ཕྱེ་མ། ༡༠ སྨན། ༡༡རག་ཏ། ༡༢ ཀླུ་སྨན། ༡༣ ཆུ་གཏོར་སྨན། ༡༤ ཕྱི་རྒྱུད་གཏོར་པོད། ༡༥ ནང་རྒྱུད་གཏོར་པོད། ༡༦ ཐུན་རྫས། ༡༧ གསང་མཆོད་རྫས་༡༨ ཚོགས་རྫས། ༡༩ འཕོ་རྫས། ༢༠ རྫས་བརྒྱད། ༢༡ ཆང་གླུམ། ༢༢བཟང་དྲུག་བཅས་དང་།  ཀུན་རིག་རྣམ་རྒྱལ་གཉིས་ཀྱི་མཆོད་ཁུག་ནང་ཀུན་མཁྱེན་ཉི་མའི་ཀུན་རིག་ལག་ལེན་དམིགས་བུ་དང་། རྣམ་རྒྱལ་ལག་ལེན་དྭངས་ཤེལ་མེ་ལོང་གཉིས་གཙོར་བཞག་གིས་གྲུབ་པའི་མཆོད་རྫས་སྣ་ཁ་བཅོ་བརྒྱད་དེ། ༡རྡུལ་ཕྱེ་སྨན་ལྔ། ༢མཆོད་གཞུང་སྨན། ༣རིན་ཆེན་ལྔ། ༤སྤོས་ལྔ། ༥སྨན་ལྔ། ༦སྙིང་པོ་ལྔ། ༧ཚན་ལྔ། ༨འབྲུ་ལྔ། ༩འབྲུ་ནག ༡༠རྡོ་འབྲུག་རུས། ༡༡རོ་བརྒྱ། ༡༢ཆང་གླུམ། ༡༣འབྲས་བུ་གསུམ། ༡༤རྣམ་རྒྱལ་ཡས་རྫས། ༡༥ རྣམ་རྒྱལ་བཀྲ་ཤིས་མཆོད་སྨན། ༡༦ རྣམ་རྒྱལ་སྦྱིན་རྫས། ༡༧རྣམ་རྒྱལ་གཡང་རྫས། ༡༨ དེ་བཞིན་གསང་སྔགས་སྤྱི་ཡི་མཆོད་སྨན་ རུ་རྟའི་སྐོར་ལ་རིག་འཛིན་གོང་མ་ནས་བཟུང་ད་བར་བརྒྱུད་པའི་སྔར་གྱི་སྨན་རྫས་རུ་རྟ་སྣ་ཁ་བཅུ་དྲུག་ལ་ཕོན་བསྐྱེད་པ་དང་།  སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་སྨན་སྒྲུབ། དཔྱད་བུའི་སྙིང་ཐིག་གི་སྨན་སྒྲུབ། གཡུང་དྲུང་བོན་གྱི་རྟེན་འདུས་ས་རིལ་ཆེན་མོ། གནས་རི་ཁག་གི་ས་སྣ་ཆུ་སྣ་ཀུན་འདུས་ཕྱེ་མ། གནས་བདུག་ཀུན་བསང་ཆེན་མོ་བཅས་ཁྱོན་སྨན་རྫས་བྱིན་རྟེན་ཚོ་བརྒྱད་ཙམ་གྲུབ་པ་འདི་དག་སོ་སོའི་གསལ་བཤད་ཉུང་ངུ་རེ་མཆོད་ཁུག་ནང་དང་དྲྭ་ལམ་ནས་ཕུལ་ཟིན་པ་ལྟར་ལ། དེ་དག་གཡུང་དྲུང་བོན་གྱི་བསྟན་པའི་ཐ་གྲུ་ཀུན་ཏུ་སྤེལ་བའི་དབུ་འཛུགས་ཀྱི་མཛད་སྒོ་དེ།
    སྤྱི་ལོ། ༢༠༢༠ ༣ ༣༠ ཉིན་སྤེལ་ཞིང་། དེ་ཉིན་སྐུ་ཆེད་དུ་ཕེབས་བསྒྱུར་གནང་བའི་གཤེན་བསྟན་དོན་གྱི་བདག་པོ། གྲྭ་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དང་། ཁྱུང་ཡུལ་རྩ་བའི་བླ་མ་མེ་སྟོན་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་རྣམ་གཉིས་དབུས་པའི་ཁྱུང་དབུས་ཀྱི་དགོན་ཁག་དྲུག་བདུན་ཞིག་གི་བླ་སྤྲུལ་མཁན་པོ་དགེ་བཤེས་དུ་མ་ཆེད་ཕེབས་ཀྱིས་བཀའ་དྲིན་སྐྱོང་ཏེ། མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་ཆོ་གའི་སྒོ་ནས་མཆོད་སྨན་རྣམས་དུས་ཇི་སྲིད་བར་དུ་རུ་རྟ་མི་ཉམས་པར་བཞུགས་པའི་ཐུགས་སྨོན་དང་རབ་གནས་རྒྱ་ཆེར་གནང་། དེ་ནས་ཕྲན་གྱིས་མཛད་སྒོའི་རིམ་པ་མདོར་བསྡུས་ཤིག་སྙན་འབུལ་ཞུས་ཏེ། རིམ་པ་བཞིན་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་མཆོད་རྫས་གླེང་རའི་འགན་འཛིན་རྣམ་པར་ཐུགས་རྗེ་ཆེ་གསུངས་པ་དང་འབྲེལ་བསྟན་བའི་བྱ་བར་སྒོ་ཀུན་ནས་ཚང་མས་ནུས་པ་འདོན་དགོས་ཚུལ་ཀྱི་བཀའ་སློབ་ཟབ་རྒྱས་གནང་། དེ་མཚམས་ཚོགས་གཙོ་བོན་དབྱིངས་འགྱུར་མེད་ཀྱིས་མཆོད་རྫས་གླེང་ར་འདི་ཐོག་མར་འཛུགས་པའི་དགོས་དམིགས་དང་ལས་རིམ་མདོར་བསྡུས་ཤིག་སྙན་སྒྲོན་ཕུལ།
   དེ་མཚམས་འཚོགས་གཞོན་གངས་རིའི་དར་ཕྲུག་ལགས་ཀྱིས་མཚན་ཐོ་ཁྱབ་བསྒྲགས་གནང་བ་དང་འབྲེལ། མཆོད་རྫས་ཀྱི་ཕུད་འབུལ་ཡུལ། ༧ མཁན་སློབ་གཤེན་གསུམ་ནས་བཟུང་སྐྱབས་རྗེ་བླ་མ་རྣམ་པ་དང་འཚོ་བྱེད་དབུ་འཛིན་ཆེད་ཕེབས་བཅས་ལ། འཚོགས་གཙོ་མཆོག་དང་འགན་འཛིན་རྔུལ་རྫའི་དར་རྩེ་གཉིས་ཀྱིས་དར་མཚོན་གྱིས་དྲངས་ཏེ་རིམ་པར་ཕུལ། དེ་ནས་མཆོད་རྫས་གླེང་རའི་མ་ཐོ་ལྟར་མཆོད་སྨན་བྱིན་རྟེན་རྣམས་རེ་རེ་བཞིན་འབུལ་རྒྱུའི་དབུ་བཟུང་། སྔ་དྲོའི་དུས་མཚམས་སུ་བླ་སློབ་ལྷན་རྒྱས་ནས་བསྟན་འབར་སྨོན་ལམ་གསུངས་ཤིང་མཉམ་པར་སྐྱོན་དེ་མཛད་སྒོ་འཇུག་བསྡུས། དེའི་ཕྱི་དྲོ་ནས་བཟུང་ཉིན་གསུམ་བཞི་ལ་མཆོད་སྨན་སོ་སོར་བཀྲམ་ཞིང་། བཞི་པའི་ཚེས་གཅིག་ཉིན་ཕྱོགས་མཐའི་དགོན་སྡེ་རི་ཁྲོད་དག་ལ་ཡིག་ཟམ་བརྒྱུད་ནས་དོ་པོ་ལྔ་བཅུ་ལྷག་ལྷན་དུ་ཕུལ། ད་ཐེངས་ཀྱི་མཆོད་སྨན་འདི་འཚོགས་ཞུགས་མི་སྣ་བཞི་བརྒྱ་མ་ཟིན་ཙམ་དང་། ཞང་བོད་གདན་རབས་ནང་གསལ་བའི་དགོན་སྡེ་རི་ཁྲོད་བཞི་བརྒྱ་སོ་དྲུག་སྟེ། གཤམ་དུ་མཚན་ཐོ་རེ་རེར་བཞིན་འགོད་ན། ༼སྟོད་མངའ་རིས་ས་ཁུལ།༽༡གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག ༢ གུར་གྱམ་དགོན།  ༣ནོར་བུ་མཐོང་གྲོལ་གླིང།༼རྩ་མདའ་རྫོང་།༽༤མངའ་རིས་སྨན་རྩིས་ཁང་། ༥གངས་རིའི་དར་ཆེན་སྨན་སྨིས་ཁང་། གཞིས་ཀ་རྩེའི་གྲོང་ཁྱེར། ༼ རྣམ་གླིང་རྫོང་།༽༦བཀྲ་ཤིས་སྨན་རི་དགོན་། ༧མཁར་སྣ་དགོན། ༨རབ་ལེགས་གཡུང་དྲུང་གླིང་། ༼བཞད་མཐོང་སྨོན་རྫོང་།༽ ༩གཤེན་ཚང་གསེར་སྒོ་ཁྲ་མོ། ༡༠རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ། ༼རྒྱལ་རྩེ་རྫོང་།༽ ༡༡ཞུ་རི་ཞིང་དགོན། ༼གྲོ་མོ་རྫོང་། ༽ ༡༢པད་མ་སྒང་གཡུང་དྲུང་ཐེག་ཆེན་གླིང་། ༼  གཉའ་ནང་རྫོང༽༡༣སྤ་ལ་ཕུག་བདེ་ཆེན་དགོན།  [སྙེ་མོ་རྫོང།]༡༤གདན་ས་ཆེན་མོ་དཔལ་ལྡན་ཟང་རི།༼ ལྷ་ས་སྟོད་ལུང་རྫོང་།༽༡༥ཏིས་རེས་བོན་དགོན།  ༡༦བྲག་དཀར་རྩེ་རྫོང་ལྷ་ཁང་། ༡༧སྟོད་ལུང་འབྲི་ལུང་དགོན། ནག་ཆུ་ས་ཁུལ། ༼ནག་ཆུ་རྫོང་།༽༡༨གྱེར་བསྟན་གླིང་། ༡༩ གཡུང་དྲུང་རྟག་བརྟན་གླིང་། ༼འབྲི་རུ་རྫོང་།༽ ༢༠ ཀླུ་མཁར་དགོན་། ༢༡དངུལ་ཁོ་དགོན་གཡུང་དྲུང་དར་རྒྱས་གླིང་། ༢༢གྱང་ར་གཡུང་དྲུང་བཀྲིས་རི་ཁྲོད་། ༢༣རྡོ་རྟིང་དགོན་ངོ་མཚར་ཕུན་ཚོགས་གླིང་། ༢༤སེན་ཚ་དགོན་རྣམ་རྒྱལ་ཀུན་གྲགས་གླིང་། ༢༥སེན་ཚ་དགའ་རི་དགོན་། ༢༦གསས་མདའ་བོན་དགོན་མི་གཡོ་བསམ་གཏན་། ༢༧གསས་མདའ་རི་ཁྲོད་། ༼གཉནརོང་རྫོང་།༽ ༢༨ཆབ་མདོ་དགོན་རྣམ་རྒྱལ་བདེ་ཆེན་གླིང་། ༢༩ཨ་གྲགས་སྣང་གསལ་དགོན་གཡུང་དྲུང་གསལ་བའི་གླིང་། ༣༠གསང་མཆོག་བདེ་ཆེན་གླིང་། ༣༡ཁྲོ་བོ་བྲག་དཀར་ལྷ་ལུང་རི་ཁྲོད་། ༣༢རྫ་དམར་ཤ་རི་དགོན་དར་རྒྱས་གླིང་། ༣༣སོག་སྡེ་རྟིང་ངུ་བོན་དགོན་ནོར་བུ་གླིང་། ༣༤སྨན་རག་གཡུ་མཚོ་། ༣༥ཤེལ་བྲག་དར་རྒྱས་གླིང་།༼དཔལ་མགོན་རྫོང་།༽༣༦དཔལ་གཤེན་བསྟན་ཤེལ་བྲག་ཕུག་པ་དགོན། ༣༧ཤེལ་གྱི་བྲག་དཀར་རྩེ་རྫོང་།༼ སྦྲ་ཆེན་རྫོང་།༽ ༣༨རྒོད་ལུང་རི་ཁྲོད་། ༣༩དཔལ་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་། ༤༠རྨ་རོང་གཡུང་དྲུང་ལྷ་བྲག་དགོན་། ༤༡སྒང་རི་སྒྲ་རྒྱལ་དགོན་། ༤༢ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་། ༤༣གནས་མཆོག་བྲག་དཀར་ལྷ་ལུང་། ༤༤ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་། ༤༥འབྲོང་ངུར་རི་ཁྲོད་། ༤༦སྤ་ཚང་དགོན་གཡུང་དྲུང་རབ་བརྟན་གླིང་། ༤༧ཨ་ཀྲོང་རི་ཁྲོད། ༤༨མདའ་རྒྱང་རྩེ་རྫོང་རི་ཁྲོད་བཤད་སྒྲུབ་སྨིན་གྲོལ་གླིང་། ༤༩སྤུ་ལ་ཁྱུང་ནག་དགོན་། ༥༠མེ་མོ་རི་ཁྲོད། ༥༡རྫོང་དཀར་རི་ཁྲོད། ༥༢བྲག་ལུང་རི་ཁྲོད། ༥༣ཡེ་ཐ་ལུང་དཀར་དགོན། ༥༤དགེ་ཆེན་རི་ཁྲོད། ༥༥མཐོང་གྲོལ་རི་ཁྲོད་། ༼  ལྷ་རི་རྫོང་།༽ ༥༦བོན་ཉིད་འོད་གསལ་རི་ཁྲོད།༼ཉི་མ་རྫོང་།༽༥༧འོམ་བུ་དགོན་། ༥༨ཕྱུག་སྟོད་བཀྲ་ཤིས་སྨན་རྒྱལ་གླིང་། ༥༩ཕྱུག་དགོན་མཐའ་བརྟན་སྨིན་གྲོལ་གླིང་། ༦༠དྭང་ར་གཡུ་བུན་དགོན། ༦༡དྭང་ར་སེ་ཞིག་དགོན་། ༦༢སྐྱིད་གསུམ་བླ་བྲང་། ༦༣དྭང་ར་གཡུང་དྲུང་ལྷ་རྩེ། ༦༤དྭང་ར་ཁྱུང་རྫོང་།༼ ངམ་རིང་རྫོང་།༽ ༦༥སྨིན་གྲོལ་དར་རྒྱས་གླིང་། ཆབ་མདོ་གྲོང་ཁྱེར།༼  སྟེང་ཆེན་རྫོང་།༽༦༦འབོ་ཐ་དར་སྡེབ་དགོན། ༦༧རི་དམར་སྐལ་བཟང་གླིང་། ༦༨རི་སྔོན་གཡུང་དྲུང་གླིང་། ༦༩ཀ་ལེགས་གཡུང་དྲུང་གླིང་། ༧༠བེ་སྒོ་དགོན།  ༧༡རང་ཁྱིམ་ཕུག་མོ་ཆེ། ༧༢ཤ་འདྲ་རི་ཁྲོད། ༧༣རྒྱ་སྒོ་དགོན། ༧༤འབྲི་གནམ་སྟེང་དགོན། ༧༥ཝ་དགེ་དགོན་གཡུང་དྲུང་ཕུན་ཚོགས་གླིང་། ༧༦ཟླ་ཤེལ་བོན་དགོན་རྣམ་རྒྱལ་གླིང་། ༧༧ སྦ་ཧོ་དགོན། ༧༨གཡུ་ཁྲ་ལྷ་སྟེང་དགོན།  ༧༩གསེར་མདོའི་སྔོ་ཕུག་རི་ཁྲོད། ༨༠གཡུང་དྲུང་ཀུན་འདུས་གླིང།  ༨༡ ཁྲི་རྡོ་གསེར་གཡུ་ཕུག་དམར་དགོན། ༨༢གཡམ་བྱ་ཆེན་དགོན། ༨༣མར་གདན་རི་ཁྲོད། ༨༤བྷོ་ཇོ་བདེ་ཆེན་དབེན་ཁྲོད། ༨༥ཞུ་ཚང་དགོན་སྨིན་གྲོལ་གླིང་། ༨༦མར་རྫོང་དགོན། ༨༧ཚ་ནེ་རི་ཁྲོད། ༨༨གངས་རྒྱལ་རྟ་མགྲིན་བྲག་རྩ། ༨༩གཡུང་དྲུང་དཔལ་རི་དགོན།  ༩༠སྒང་རི་དར་རྒྱས་གཡུང་དྲུང་གླིང་།  ༩༡སྒར་ཁང་དགོན། ༩༢ཕུག་ལེབ་རི་ཁྲོད། ༩༣ཀུན་གྲགས་མཐོང་གྲོལ་རི་ཁྲོད། ༩༤ལྡོང་རྫོང་རི་ཁྲོད། ༩༥ངས་པ་མར་ཁུ་དགོན། ༩༦མཁར་སྤུངས་དགོན། ༩༧ཅོང་རི་དགོན། ༩༨ཁྱུང་པོ་རི་བོ་རྩེ་དྲུག་ཤེལ་བྲག་གླིང་། ༩༩རི་ཐ་ངང་རྫོང་དགོན། ༡༠༠སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་། ༡༠༡ལྗང་ཤོད་བོན་དགོན། ༡༠༢ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་། ༡༠༣སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་།  ༡༠༤ལྷོ་དམུ་ཡད་དགོན། ༡༠༥ནག་རུ་ཚེ་བུམ་རི་ཁྲོད། ༡༠༦ནག་རུ་མཎྡལ་རི་ཁྲོད། ༡༠༧ཟམ་ཞིག་རེ་ནེ་དགོན། ༡༠༨གཡུ་ཕུག་རི་ཁྲོད།  ༡༠༩ཁྱུང་སེར་གདན་ས་བྱ་ཟེ་ཡང་རྫོང་དགོན། ༡༡༠སྒ་རི་རི་ཁྲོད། ༡༡༡རི་སྔོན་རི་ཁྲོད། ༡༡༢བརྡ་ཕུའི་རི་ཁྲོད་འོག་མ། ༡༡༣ཕུན་ཚོགས་དར་རྒྱས། ༡༡༤དམུ་ལྷ་ལུང་དགོན།  ༡༡༥དཔལ་ལྡན་ག་ཤེལ་ཤ་འདྲ་དགོན།  ༡༡༦ཁྱུང་ནག་བསམ་གཏན་གླིང་།  ༡༡༧བདེ་ལྡན་སྒྱེའུ་ལུང་རི་ཁྲོད། ༡༡༨སྤུ་ཡི་ཆུ་མགོ་ཁྲ་མོ་རི་ཁྲོད།  ༡༡༩སྔོ་ཡུ་རི་ཁྲོད།  ༡༢༠ལྷ་སྐུ་འགྲིག་རི་ཁྲོད། ༡༢༡གཡུ་ལུང་མཐོང་གྲོལ་བདེ་ཆེན་རི་ཁྲོད།  ༡༢༢དཀྱིལ་དཀྲུང་རི་ཁྲོད། ༡༢༣བྲག་རྩ་རི་ཁྲོད། ༡༢༤ བྲག་དཀར་རི་ཁྲོད།  ༡༢༥གསའ་ཡི་བྲག་ར་རི་ཁྲོད།  ༡༢༦གཟི་ཀིས་རི་ཁྲོད། ༡༢༧སྐུ་འབུམ་ཉི་ཤར་དགོན་། ༡༢༨གཡུ་མཚོ་དགོན་གཤེན་བསྟན་མཐའ་རྒྱས་གླིང་། ༼ལྷོ་རོང་རྫོང་།༽༡༢༩ནར་དགོན་གཡུང་དྲུང་བསྟན་རྒྱས་གླིང་།  ༡༣༠དཔལ་གཤེན་བསྟན་ཁྲ་དགོན་ཀུན་གྲགས་གླིང་། ༡༣༡ཤོག་ལྔ་ལམ་ལྷ་དགོན། ༡༣༢ཤིང་རོང་སྦས་ཐོ་དགོན། ༼དཔའ་ཤོད་རྫོང་།༽ ༡༣༣བཀྲཤིས་སྟག་རྫོང་རི་ཁྲོད། ༡༣༤ཝ་སྟོད་སེང་གེ་གཡུ་རྫོང་། ༡༣༥དབེན་རྩེ་དགོན།  ༡༣༦ཝ་དག་བཀྲིས་རྩེ་དགོན།  ༡༣༧འབུམ་ལུང་དགོན།  ༡༣༨གཤེན་བསྟན་མི་འགྱུར་གླིང་ཅན།༼མཛོ་སྒང་རྫོང་།༽༡༣༩མདངས་ཆར་དགོན། ༡༤༠གདུག་དཀར་དགོན། ༡༤༡དབྱིབས་པ་དགོན། ༡༤༢ས་བླ་དགོན་། ༡༤༣གཤེན་ལྷ་དགོན། ༡༤༤རབ་པ་བསམ་འགྲུབ། ༡༤༥ཤུག་རྫོངདགོན། ༡༤༦རྟ་འཚེར་དགོན་གཤེན་བསྟན་མི་འགྱུར་གླིང་། ༡༤༧མ་ཐུམ་དགོན་། ༡༤༨མདངས་དར་ཉི་གླིང་དགོན། ༡༤༩ཚ་རོང་བདེ་ལྡན་བསམ་གཏན་གླིང་གུར་མདུན་དགོན། ༡༥༠དཔལ་གཤེན་བསྟན་རི་སྣ་གཡུང་དྲུང་གླིང་། ༡༥༡ དཔལ་ལྡན་ལ་དངུལ་དགོན། ༼ཆབ་མདོ་རྫོང་།༽ ༡༥༢མང་རི་བཀྲ་ཤིས་ཁྱབ་བདལ་མཐོང་གྲོལ་གླིང་། ༡༥༣མང་རི་བཀྲ་ཤིས་མཐོང་གྲོལ་རི་ཁྲོད་། ༡༥༤རྐེ་རང་ན་ཐང་ཁང་ཅན། སྐྱེ་རྒུའི་བོན་ཚོགས་ལ་གནང་རྒྱུ་བྱས། ༼འཇོ་མདའ་རྫོང་།༽༡༥༥དབྲ་དཀར་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་། ༡༥༦ཡི་འདའི་སྟག་མོ་དགོན་ཅན། སྨོན་ལམ་འཚོགས་སར་གནང་རྒྱུ་གསུངས། ༡༥༧གཡུ་རི་གཡུང་དྲུང་བོན་དགོན་། ༡༥༨སྐམ་ཞིག་བསམ་འགྲུབ་སྨིན་གྲོལ་གྱེར་བསྟན་དར་རྒྱས་གླིང་། ༡༥༩བླ་ཁྲི་དགོན་དཔལ་ཕུན་ཚོགས་རྣམ་རྒྱལ་ཀུན་གྲགས་གླིང་། ༡༦༠སེ་ཞིག་དགོན་གཡུང་དྲུང་རབ་བརྟན་གླིང་། ༡༦༡ཞལ་བཞེས་དགོན་བདེ་ཆེན་གསང་སྔགས་གླིང་། ༡༦༢སྟག་ཞིག་དགོན་མཁས་སྲིད་དར་རྒྱས་གཡུང་དྲུང་གླིང་།༼དཔལ་འབར་རྫོང་།༽༡༦༣བསྟན་རྒྱས་ལྷ་འགུལ་རི་ཁྲོད། ༼རྫ་ཡུལ་རྫོང་།༽༡༦༤སྟག་ལྷ་དགོན། ༡༦༥བཀྲ་ཡུལ་དགོན། བརྒྱད་གཅིག་གྲོང་ཁྱེར། ༼ ཉི་ཁྲི་རྫོང་།༽༡༦༦སྟག་རྩེ་དགོན། ༡༦༧བྱ་ཁྱུང་གདོང་རི་ཁྲོད། ༡༦༨སྲིན་མོ་མཐའ་རྩའི་དགོན། ༡༦༩ཀོང་ཡུལ་ཀླུ་ནང་། ༡༧༠ལྷ་རི་གྱང་ཐོ་དགོན། ༡༧༡སྟག་བྲོ་ས་། ༡༧༢རྫོང་ཁྱུང་སྟེང་དགོན། ༡༧༣རྒྱལ་རི་དགོན་སྨིན་གྲོལ་གླིང་། ༡༧༤བོན་རི་སྐུ་ཤུག་དགོན། ༡༧༥སྤུངས་རི་དགོན། ༡༧༦བོན་རི་སྲིད་རྒྱལ་དགོན། ༡༧༧བོན་རི་ཡོངས་དགོན་སྨིན་གྲོལ་གླིང་། ༡༧༨དབུས་ཕུག་གསང་བ་ཡང་རྫོང་། ༡༧༩ གཏེར་ལུང་རི་ཁྲོད། ༡༨༠བྱ་ཏི་སྒྲུབ་ཕུག ༡༨༡ ཉི་མ་སྒྲུབ་ཕུག མཚོ་སྔོན་ཞིང་ཆེན།  ༼ རྩེ་ཁོག་རྫོང་། ༽༡༨༢སོ་ནག་དགོན། ༡༨༣བོན་རྒྱ་ཆོས་ལུང་དགོན། ༼ རེབ་གོང་ཐུན་རིན་རྫོང་། ༽༡༨༤བོན་རྒྱ་དགོན། ༡༨༥རེབ་གོང་བོན་དགོན། ༡༨༦ཨ་རྒ་རྟིང་ཐེག་ཆེན་བོན་དགོན། ༡༨༧རྒྱལ་བསྟན་ཡེ་ཤེས་རྒྱལ་མཚོའི་གླིང་། ༡༨༨གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་། ༡༨༩ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་། ༡༩༠རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་། ༡༩༡ཐེག་ཆེན་སྨིན་གྲོལ་གླིང་།  ༡༩༢གསང་སྔགས་རིག་འཛིན་དར་རྒྱས་གླིང་། ༡༩༣རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་། ༡༩༤གཡུང་དྲུང་དར་རྒྱས་གླིང་། ༡༩༥བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་། ༡༩༦མཁར་གོང་རབ་བསྟན་གླིང་། ༡༩༧ནེའུ་རོང་གཡུང་དྲུང་གསང་སྔགས་གླིང་། ༡༩༨ཚོར་འདུ་དཔག་བསམ་བཀྲ་ཤིས་གླིང་། ༡༩༩དར་དྲུང་རྒྱལ་མཚན་མི་འགྱུར་གླིང་། ༢༠༠གླིང་རྒྱ་མདོ་སྔགས་གླིང་། ༢༠༡ཞོ་འོང་ཉིན་ཐ་ཀུན་འདུས་གླིང་། ༢༠༢སྡོང་སྐམ་གསང་སྔགས་བདུད་འདུལ་གླིང་། ༢༠༣ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་། ༢༠༤བྱང་གི་གོང་མོ་གུར་ཁང་། ༢༠༥གསང་སྔགས་རིག་འཛིན་དར་རྒྱས་གླིང་།༼གཅན་ཚ་རྫོང་།༽༢༠༦མི་འགྱུར་དབལ་མོ་གསང་ཆེན་གླིང་།༼འབའ་རྫོང༽༢༠༧མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་གླིང་།༼ ཁྲི་ལྷོ་རྫོང་། ༽༢༠༨བོན་རྒྱ་ཁྱུང་སྨན་དགོན། ༢༠༩བོན་རྒྱའི་བོན་པོ་སྤྱི་བ།༼བ་ཡན་རྫོང་།༽ ༢༡༠ཨ་དཀར་མཚམས་ཁང་། ༢༡༡སྟོང་ཁྱུང་དགོན། ༢༡༢དོ་ཤར་ཤར་སྟེང་གི་སྔགས་དགོན། ༢༡༣སྟོང་ཁྱུང་གསང་སྔགས་བདུད་འདུལ་གླིང་། ༢༡༤གཟུངས་སྤྱོད་རྒྱན་སྔགས་པ། ༼ཡ་རྫི་རྫོང་།༽༡༡༥མར་ནང་དབལ་ལུང་གསས་ཁང་། ༼ཆབ་ཆ་རྫོང་།༽ ༢༡༦དུང་དཀར་གཤེན་བསྟན་གླིང་། ༢༡༧རྐ་གསར་གསང་སྔགས་ཨ་དཀར་གླིང་། ༢༡༨གསང་སྔགས་གཡུང་དྲུང་དར་རྒྱས་གླིང་། ༼ཁྲི་ཀ་རྫོང་།༽༢༡༩ཁྱུང་མོ་དགོན། ༢༢༠སྟོང་ཆེ་གཡུང་དྲུང་གསང་སྔགས་དར་རྒྱས་གླིང་། ༢༢༡སེར་བརྒྱའི་བོན་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་། ༢༢༢རྨེའུ་ཚང་གོང་མ་རིག་འཛིན་འགྲོ་འདུལ་གླིང་། ༢༢༣རྨ་རི་དེའུ་གསུམ།  ༢༢༤བོན་པོ་གདོང་།༼ཁྲི་ལྷོ་རྫོང༽ ༢༢༥སྟོང་སྐོར་བདེ་བའི་གཡུང་དྲུང་གླིང་། ༢༢༦བོན་སྐོར་མི་འགྱུར་གསེར་འོད་གླིང་།༼ཐེ་བོ་རྫོང་།༽༢༢༧རྩ་རིང་དགོན་གཡུང་དྲུང་དར་རྒྱས་གླིང་། ༢༢༨བསམ་འགྲུབ་མི་འགྱུར་དགེ་ཕན་གླིང་། ༢༢༩གཙོ་ཚང་གསང་སྔགས་སྨིན་གྲོལདར་རྒྱས་གླིང་།  ༢༣༠སྒམ་པོ་དགོན། ༢༣༡ན་ཀོའི་གཡུང་དྲུང་བསམ་འགྲུབ་དགོན།  ༢༣༢ཆགས་རི་དགོན་དཔལ་ལྡན་གཡུང་དྲུང་གླིང་། ༼བསང་ཆུ་རྫོང་།༽༢༣༣རྩེ་ཞིག་དགོན།༼ཅོ་ནེ་རྫོང་།༽ ༢༣༤རྟོགས་ལྡན་གཡུང་དྲུང་དར་རྒྱས་གླིང་།༼འབྲུག་ཆུ་རྫོང་།༽ ༢༣༥ སྐྱང་འཕགས་ལྷ་ཁང་། ༼  རྔ་བ་རྫོང་།༽༢༣༦ཅོག་ལོ་རྣམ་རྒྱལ་བསམ་གཏན་གླིང་། ༢༣༧ ནེའུ་ཆུང་བསམ་ཏན་གླིང་། ༢༣༨སྣང་ཞིག་དགོན་ཆེན། ༢༣༩གདོང་ལི་དགོན། ༣༤༠རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་ཁྱིལ་གླིང་། ༢༤༡ཞང་ཞུང་རྫོགས་ཆེན་སློབ་གླིང་།༼འབར་ཁམས་རྫོང་།༽༢༤༢རྒྱལ་རོང་གཤེན་བསྟན་ངོ་མཚར་གླིང་། ༢༤༣གདོང་བརྒྱད་ཚ་པ་དགོན། ༢༤༤གདོང་བརྒྱད་དར བབ་དགོན། ༢༤༥གདོང་བརྒྱད་མིང་ངེས་དགོན། ༢༤༦གདོང་བརྒྱད་རྒྱུང་དགོན། ༢༤༧ཀུབ་རོ་གཡུང་དྲུང་དགོན། ༢༤༨གདོང་རྒྱད་བཀའ་ཁྱབ་དགོན། ༢༤༩མིར་ཞ་གཡུང་དྲུང་བསམ་གཏན་དགོན། ༢༥༠ཚེ་དཔལ་དྲེའུ་དམར་དགོན། ༢༥༡གདོང་བརྒྱད་འཇབ་དགོན་ཤུལ། ༢༥༢འབོ་ལ་སྟོབས་ལྡན་གླང་ཆེན་དགོན། ཁྲིན་འདུ་ཞིང་ཆེན། ༢༥༣གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས། ༼ ཆུ་ཆེན་རྫོང་། ༽ ༢༥༤ལི་ཤུ་དུང་ཤུབ་རི་ཁྲོད། ༢༥༥འབྲུག་བཀྲིས་ཁྱུང་དགོན། ༢༥༦ནོར་བུ་ཁྱུང་རྩེ་དགོན། ༢༥༧བླ་མེད་ཡིད་བཞིན་ནོར་བུ་གླིང་། ༢༥༨པ་ལེ་བྲག་དབེན་རི་ཁྲོད། ༢༥༩དགྲ་བླ་ཁྱུང་དགོན། ༢༦༠མཚོ་སྟེང་ངོ་མཚར་ནོར་བུའི་གླིང་། ༢༦༡གཡུང་དྲུང་ལྷ་སྟེང་དགོན། ༢༦༢འཁྲུངས་གཞིས་གཡུང་དྲུང་ལྷ་རྩེ། ༢༦༣བྲག་དབེན་སེང་གེ་རྫོང་དགོན། ༢༦༤དྲུང་མུ་ཧ་རའི་སྒྲུབ་ཕུག ༢༦༥དམུ་ཁྲི་བདེ་གསལ་རི་ཁྲོད། ༢བབས་༦༦གཟིགས་གཡུང་དྲུང་དགོན། ༢༦༧བཟོད་སྒོམ་བཀྲིས་རྣམ་རྒྱལ་གླིང་། ༢༦༨རྒྱལ་རོང་བཤད་སྒྲུབ་སློབ་གླིང་། ༢༦༩ཤེལ་དཀར་དར་ཀོ་གླིང་། ༼བཙན་ལྷ་རྫོང་།༽༢༧༠ཚེ་ལུང་གཡུང་དྲུང་དགོན། ༢༧༡བཙན་ལྷ་མེ་ཏོའུ་དགོན། ༼ཁྲོ་ཆུ་རྫོང་།༽༢༧༢ཚེ་དགེ་སྟག་མགོ་དགོན། ༢༧༣གཉན་གཙོ་དགོན། ༢༧༤དབེན་རི་སྲིད་རྒྱལ་དགོན། ༢༧༥བོན་སྟོན་དགོན། ༢༧༦ བོན་ཀ་དགོན།༼  ཟིང་ཆུ་རྫོང་།༽༢༧༧ཤར་དུང་རི་མཁའ་སྐྱོང་དགོན། ༢༧༨སྣང་ཞིག་ལྕགས་མདུད་བཀྲ་ཤིས་གཡུང་དྲུང་གླིང་། ༢༧༩ རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་། ༢༨༠སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་། ༢༨༡སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་། ༢༨༢དམུ་དགེ་བླ་རི་གཡུང་དྲུང་གླིང་། ༢༨༣སྐྱིད་འཛོམས་གཡུང་དྲུང་གླིང་། ༢༨༤གཙོ་ཚང་དགོན་སྨིན་གྲོལ་བསྟན་རྒྱས་གླིང་། ༢༨༥དགའ་མལ་གཡུང་དྲུང་དར་རྒྱས་གླིང་། ༢༨༦བྱང་བྱ་དུར་དགའ་མལ་དགོན་ཆེན། ༢༨༧མཚར་དགུ་དགོན་གཡུང་དྲུང་དར་རྒྱས་གླིང་། ༢༨༨གཉན་ཡུལ་གཤེན་བསྟན་དར་རྒྱས་གླིང་། ༢༨༩ས་འབྲུག་དགོན། ༢༩༠ཞང་ངུ་གསས་གླིང་དགོན། ༢༩༡བྲག་གཡུང་དྲུང་གསང་ཆེན་སྨིན་གྲོལ་གླིང་། ༢༩༢མཁའ་འགྲོ་འུག་གདོང་། ༼ གཟི་རྩ་སྡེ་དགུ་རྫོང་།༽༢༩༣ས་ཡུལ་གསས་ཁང་དགོན། ༢༩༤ལྡོང་སྤེལ་ཐང་ནག་དགོན། ༢༩༥ཁོད་པོ་དར་རྒྱས་གླིང་། ༢༩༦རྩུབ་མའི་སྟག་མཆོང་དགོན། ༢༩༧རབ་དབེན་དགོན། ༼དམར་ཐང་རྫོང་།༽༢༩༨མག་སར་ཁྱུང་པོ་གཡུང་དྲུང་གླིང་། ༢༩༩སྟག་ལུང་རྣམ་རྒྱལ་གླིང་། ༼མཛོད་དགེ་རྫོང་།༽༣༠༠སྒུར་བའི་སྐྱང་ཚང་དགོན། ༣༠༡ཨ་སྐྱིད་སྐྱང་ཚང་དགོན། ༣༠༢གཡུང་དྲུང་བསམ་འགྲུབ་གླིང་། ༣༠༣སྤྲེ་ཚང་དགོན། ༣༠༤བྲག་བྱ་རྒོད་དགོན། ༣༠༥བབ་བཟོ་མདའ་ཆེན་དགོན། ༣༠༦འདོད་དགུ་གཡུང་དྲུང་ཇོ་མོ་དགོན །༣༠༧སྤྱང་འཕགས་ཤེལ་ཕུག་བླ་བྲང་།  ༼དཔའ་ཡུལ་རྫོང་།༽༣༠༨ལྕང་ལུང་དགོན།༢ གཙུག་འོད་དགོན། ༣༠༩འཛིང་ཁ་རག་གསང་ཕུག་ལྷ་རྒྱལ། ༣༡༠དཔལ་གཤེན་བསྟན་ཁ་རག་གླིང་། ༣༡༡ཁམ་ཟླ་ཆུང་དགོན། ༼བྲག་མགོ་རྫོང་།༽༣༡༢རྦ་མདའ་དགོན། ༣༡༣ཧོར་ཡུལ་སྙི་ལུང་རིན་ཆེན་འབར་བའི་གནས། ༣༡༤གཏོ་དགོན་གཡུང་དྲུང་གླིང་། ༣༡༥གཡུ་དགོན་གཤེན་བསྟན་གླིང་། ༣༡༦མཁའ་སྤྱོད་བདེ་ཆེན་གླིང་། ༣༡༧རྒྱལ་རོང་ཆེས་མཐོའི་ལྔ་རིག་སློབ་གླིང་། ༼སྡེ་དགེ་རྫོང་།༽༣༡༨བུ་འབོར་རི་ཁྲོད། ༣༡༩ཁམས་རིན་སྤུངས་སྨིན་གྲོལ་གླིང་། ༣༢༠ཟེར་འཕྲོ་དགོན། ༣༢༡རྫ་ཁྲོམ་ཚང་དགོན་པ། ༣༢༢ཕན་ཞོལ་བོན་གླིང་གཡུང་དྲུང་དགོན། ༣༢༣ཤར་རྫའི་རི་ཁྲོད། ༣༢༤རྫ་སྟེང་ཆེན་དགོན། ༣༢༥རྫ་སྨོན་རྒྱལ་དགོན། ༣༢༦འབུམ་སྨན་དགོན། ༣༢༧ཐར་བདེ་མི་གཡོ་བསམ་གཏན་གླིང་། ༣༢༨རབ་རྒྱལ་གླིང་། ༼དཀར་མཛེས་རྫོང་།༽༣༢༩གོ་ལམ་གཡུང་དྲུང་དར་རྒྱས་དགོན། ༣༣༠ཡོང་བཅུད་རི་ཁྲོད།  ༼ཉག་རོང་རྫོང་། ༽༣༣༡བཤད་སྒྲུབ་མི་ནུབ་དར་རྒྱས་གླིང་། ༣༣༢ཉག་རོང་ཡེ་ཤེས་དགོན། ༣  དབལ་ཁྱུང་མཐོང་སྨོན་གླིང་། ༤  བྲག་དབེན་དགོན། ༥  སུ་ལ་རི་ཁྲོད།  ༦  ཀླུ་འབུམ་གཡུང་དྲུང་གླིང་། ༣༣༣དཔལ་ལྡན་གོང་རྒྱལ་དགོན། ༣༣༤བྱ་ཏང་རི་ཁྲོད། ༣༣༥རྒྱ་ཞིག་འབྲུག་གྲགགས་དགོན།  ༼ ལི་ཐང་རྫོང་།༽༣༣༦འགྲོ་མགོན་དགོན། ༼ཉག་ཆུ་རྫོང་།༽༣༣༧དངུལ་རྫ་དགོན་གླིང་། ༣༣༨དཔལ་ལྡན་འདུ་ར་དགོན། ༣༣༩ནགས་ཚལ་གཡུང་དྲུང་གླིང་། ༼རྟའུ་རྫོང་།༽༣༤༠གཡུང་དྲུང་བསམ་འགྲུབ་དགོན། ༣༤༡འདྲ་ཆུ་མིག་དགོན། ༣༤༢དགུ་རྫ་དགོན། ༣༤༣སྟོན་པ་རང་འགྲུབ་དགོན།༼བརྒྱད་ཟིལ་རྫོང་།༽༣༤༤འབྲི་ལུང་དགོན། ༣༤༥ཕྱིང་བ་སྟག་རྩེ་རི་ཁྲོད། ༣༤༦གནས་ཆེན་རི་བོ་བྲག་དཀར་རི་ཁྲོད། ༣༤༧གཡུང་དྲུང་བསྟན་རྒྱས་གླིང་། ༼མེན་ནི་རྫོང༽ ༣༤༨གཡུང་དྲུང་བོན་བསྟན་གླིང་། ༼རོང་བྲག་རྫོང་།༽༣༤༩བྲག་དཀར་གཡུང་དྲུང་རི་མོ། ༣༥༠བྲག་སྟེང་དར་རྒྱས་གླིང་། ༣༥༡རྫུ་རྫུ་གཡུང་དྲུང གླིང་། ༣༥༢ཁྱུང་ལུང་རྣམ་རྒྱལ་གླིང་། ༣༥༣སོག་པོ་ཕྱེ་འབུར་ནོར་བུ་གླིང་། ༣༥༤རྫུ་ཡུལ་ཆུ་འཁོར་གླིང་། ༣༥༥སྟག་བཙན་བདེ་ལྡན་གླིང་། ༣༥༦སྦལ་ལུང་བཤད་སྒྲུབ་གླིང་། ༣༥༧སྒོ་གདོང་དགོན། ༣༥༨མཁར་ལྕགས་དབལ་བོན་སྟག་ལྷ་དགོན། ༣༥༩རྒྱལ་དྲང་རྣམ་རྒྱལ་བོན་དགོན། ༣༦༠བོན་རྫུ་གཡུང་དྲུང་གླིང་། ༣༦༡ཁྲོམ་ར་དགོན། ༣༦༢ སྦལ་ལུང་སེང་ཆེན་རི་ཁྲོད། ༣༦༣དཔྱལ་ཡུལ་འདོད་དགུ་གླིང་། ༣༦༤ཤེལ་ཁང་བཀྲ་ཤིས་གླིང་། ༣༦༥གནས་མགོ་རྫོགས་ཆེན་གླིང་།༡ ༣༦༦ལྔ་སྟག་བདེ་ཆེན་གླིང་། ༣༦༧ར་རྫི་མི་འགྱུར་གླིང་། ༼ཝུན་ཁྲོན་རྫོང་།༽ ༣༦༨བླ་མ་དགོན། ༣༦༩སྤོ་ཡན་དགོན། ༣༧༠མཆོག་གསུམ་ལྷ་ཁང་དགོན། ༣༧༡ཨ་ནེ་དགོན། ༼ཡན་ཡོན་རྫོང་།༽༣༧༢བོན་འཛིན་གཡུང་དྲུང་དར་རྒྱས་གླིང་དགོན།༼ཆེ་བ། ༽ ༣༧༣གཡུང་དྲུང་ཕུན་ཚོགས་གླིང་། ༣༧༤གཡུང་དྲུང་བདེ་ཆེན་གླིང་དགོན། ༣༧༥གཡུང་དྲུང་དར་རྒྱས་གླིང་། ༣༧༦ཕུན་ཚོགས་བསྟན་རྒྱས་གླིང་། ༣༧༧འཆི་མེད་དར་རྒྱས་གླིང་། ། ༼དར་མདོ་རྫོང་།༽ ༣༧༨རྒྱང་མདའ་དགོན། ༣༧༩འཕང་མདའ་བསམ་གཏན་གླིང་། ༣༨༠ཁྲི་སྲོང་བསམ་གཏན་གླིང་། ༣༨༡ཁང་ཡུལ་མཆོད་རྟེན་དགོན། ༼ཤང་གང་ཞིང་ཆེན།  ༽༣༨༢རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་། ཕྱི་ཕྱོགས་རྒྱལ་ཁབ་ཀྱི་བོན་སྡེ།  རྒྱ་གར་བལ་ཡུལ་སོགས་ཀྱི་བོན་དགོན།  ༼ཡོ་རུབ་རྒྱལ་ཁབ་ལ།༽ ༣༨༣  ཧྥ་རན་སི། གཤེན་བསྟན་དར་རྒྱས་གླིང་།། ༣༨༤ཧྥ་རན་སི། རྟག་གཟིགས་བསམ་གཏན་གླིང་།  ༣༨༥ ཧྥ་རན་སི། བོད་ཀྱི་ཤེས་རབ། ༣༨༦ཨེ་སི་ཊྲོ་ལིས་ཡ། ཡེ་ཤེས་གསལ་གླིང་། ༣༨༧ འཇར་མི་ནའི། ཡེ་ཤེས་རབ་འཕེལ་རི་ཁྲོད། ༣༨༨ འཇར་མི་ནའི། ཀྱེ་མ་འོད་མཚོ་གླིང་། ༣༨༩ འཇར་མི་ནའི། གཡུང་དྲུང་བོན་ཚོགས། ༣༩༠ ཧེ་གྷ་རའི། གཡུང་དྲུང་བསྟན་རྒྱས་འདུས་སྡེ། ༣༩༡ ཧེ་ལེན་སྒྲི། བདེ་ཆེན་རི་ཁྲོད། ༣༩༢ཕན་བདེ་འཕེལ་རྒྱས་འདུས་སྡེ། ༣༩༣ ཡོས་ཀེ སྐུ་གསུམ་ལྷུན་གྲུབ་གླིང་། ༣༩༤ པོ་ལན་ཏྲི། བྱམས་མ་་གླིང་། ༣༩༥ པོ་ལན་ཏྲི། ཤར་རྫ་གླིང་། ༣༩༦ ནེ་དྷར་ལན་ཏྲི། ཏ་པི་ཧྲི་ཙེའི་སྒོམ་སྡེ།  ཨ་རིའི་རྒྱབ་ཁབ་ལ། ༣༩༧ལིག་མིན་སྐྱ་རྒྱལ་སྤྱིའི་སློབ་གཉེར་ཁང་། ༣༩༨འོལ་མོ་གླིང་། ༣༩༩ བོན་གཤེན་གླིང་། ༤༠༠ ལིག་མིན་རྐྱ་ཀྲེག་སེ་སི། ༤༠༡ བྱམས་མ་གླིང་གི་རི་སི་ཀྲོན། ༤༠༢གཡས་རུ་བོན་གྱི་སྒྲུབ་སྡེ། ༤༠༣ ཧི་མ་ལ་ཡའི་བོན་ཚོགས། ༤༠༤ཀུན་བཟང་སྒར། མིག་སི་ཀོ་རྒྱལ་ཁབ། ༤༠༥ ལིག་མིན་རྐྱ། ༤༠༦ མིག་སི་ཀོ་བྱམས་མ་གླིང་། ༤༠༧ཨེ་ལྗའི་ཏྲི་ན། གཡུང་དྲུང་བོན་སློབ་གཉེར་ཁང་། ༤༠༨ཁེ་ཎ་ཏྲ། ཤེས་རབ་བྱམས་མ་གླིང་། ༼ཨུ་རུ་སུའི་རྒྱལ་ཁབ།༽ ༤༠༩རྫོགས་ཆེན་ཡང་རྩེ་གླིང་། ༤༡༠གསང་སྔགས་བདུད་འདུལ་གླིང་། ༤༡༡སོག་པོ་བོན་དགོན། ༼བལ་ཡུལ་རྒྱལ་ཁབ་ལ།༽ ༤༡༢ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ། ༤༡༣ཚ་དགའ་ཡོང་དགོན། ༤༡༤ བསམ་གླིང་དགོན། ༤༡༥སྲིབ་ཕྱོགས་དགོན། ༤༡༦ མཐའ་སྲུང་མཚོ་གླིང་དགོན། ༤༡༧སྤུངས་མོ་དགོན། ༤༡༨ ཚེ་ལུང་སྲིད་རྒྱལ་དགོན། ༤༡༩གཡུང་དྲུང་འགྲོ་འདུལ་གླིང་། ༤༢༠ ཁ་ལེགས་བོན་དགོན། ༤༢༡ བར་སླེ་དགོན། ༤༢༢ ཀླུ་བྲག་དགོན། ༤༢༣ རྫོང་སམ་གཡུང་དྲུང་དགོན། ༤༢༤ ཀླུ་བྲག་དགོན་ཕུག ༤༢༥ རྣར་རུ་རྫོང་དགོན་པ། ༤༢༦ ཏ་པི་ཧྲི་ཙའི་སློབ་གྲྭ། ༤༢༧ བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་། ༤༢༨ གསོ་རིག་འབུམ་བཞིའི་སློབ་གྲྭ། ༼རྒྱ་གར་རྒྱལ་ཁབ་ལ།༽ ༤༢༩སྨན་རི་དགོན། ༤༣༠ བོན་གཞིས་བཙུན་དགོན། ༤༣༡བོན་གཞིས་སྔགས་པ་དགོན་པ། ༤༣༢རྫ་སྨོན་རྒྱལ་དགོན། ༤༣༣ འབྲས་ལྗོངས་གཡུང་དྲུང་ཀུན་གྲགས་གླིང་། ༤༣༤སོག་གཡུང་དྲུང་གླིང་། ༤༣༥ ལ་དྭགས་བོན་དགོན།  ༤༣༦ཤེས་རིག་ཕུན་ཚོགས་གླིང་། བཅས་ ༼༤༣༦༽ དང་། གཞན་ཡང་སྨན་འཐག་འཕྲུལ་འཁོར་གྱི་རོགས་པ་གནང་མཁན་སོགས་དམིགས་བསལ་དགོས་པ་དག་ལ་མཆོད་སྨན་བྱིན་རྟེན་ཆ་ཚང་ཕུལ་ཞིང་། ཟུར་དུ་ངལ་རྩོལ་ལས་རོགས་དང་དཔལ་འབྱོར་ཞལ་འདེབས་མཁན་སོགས་ལའང་དེ་བསྟུན་གྱིས་གང་མཚམས་ཕུལ་ཡོད། དེའི་མཚམས་ཚོགས་པའི་ནང་གསལ་བསྒྲགས་ཞུས་པ་བཞིན་ཉིན་བཅུ་ལྷག་གི་རྗེས་ཏེ་སྤྱི་ལོ་༢༠༢༠-༤-༡༦ ཉིན་ཞང་བོད་གདན་རབས་ནང་མ་འཁོད་པའི་དགོན་པ་དང་རི་ཁྲོད་རྒྱུན་བཞུགས་ལྔ་ཡན་ཡོད་པའི་འདུས་སྡེ་དྲུག་ཅུ་རེ་ལྔ་ལ་མཆོད་རྫས་བྱིན་རྟེན་ཆ་ཚང་ཕུལ་ཟིན་པའི་མཚན་གཤམ་གསལ། ཆབ་མདོ་གྲོང་ཁྱེར། སྟེང་ཆེན་རྫོང། ༡ སེར་ཚ་ཤང་ཚྭ་ནེ་རྔ་རྡུང་རི་ཁྲོད།  ༢ སེར་ཚ་ཤང་ཚྭ་ནེ་མི་འགྱུར་རི་ཁྲོད།  ༣ སེར་ཚ་ཤང་ཚྭ་ནེ་གཟུངས་སྒྲུབ་རི་ཁྲོད།  ༤ སེར་ཚ་ཤང་ཚྭ་ནེ་དུང་དཀར་རི་ཁྲོད། ༥ སེར་ཚ་ཤང་ཕུན་ཚོགས་དར་རྒྱས་གླིང་། ༦ ཁྲི་རྡོ་གྲོང་རུག་པ་ཚུན་རི་ཁྲོད་གཡུང་དྲུང་གླིང་། ༧ ཁྲི་རྡོ་གྲོང་བརྡལ་བར་སྒས་རང་ཤར་རི་ཁྲོད། ༨ ཁྲི་རྡོ་དམར་རུ་དཔོན་དགོན། ༩  འབོ་ཐ་ཤང་མངའ་ཁྲབ་མཚམས་ཁང་། ༡༠ འབོ་ཐ་ཤང་རུ་ཐ་ཚུན་བྲག་དཀར་རི་ཁྲོད།  ༡༡ ག་ངས་ཤང་ཡེ་ལྐོག་རི་ཁྲོད། ༡༢ སྤ་ཟླ་ཤང་ཡུག་པ་མཚོ་ལུང་རི་ཁྲོད།  ༡༣ སྤ་ཟླ་བརྡ་སྟོད་རི་ཁྲོད། ༡༤ཞེ་གཞུང་ཤང་། ཟླ་དགོན་རི་ཁྲོད།༡༥ ཞེ་གཞུང་ཤང་། ནག་རུ་བྲག་དཀར་རི་ཁྲོད།  ༡༦ ཞེ་གཞུང་ཤང་། རྔ་རྡུང་བྲག་རྩ། ༡༧ སྟེང་ཆེན་ཀྲེང་། ཁ་ཡན་ཁྱུང་བྲག་རི་ཁྲོད།  ༡༨ག་ཐ་གོ་ཡི་གསང་གནས་བྲག་དཀར་རི་ཁྲོད།༡༩ག་ཐ་ཤང་དབལ་བྲག་བདེ་ཆེན་རི་ཁྲོད། ༢༠ག་ཐ་དགའ་རི་འོད་གསལ་རྫོགས་ཆེན་རི་ཁྲོད། ༢༡ག་ཐ་བསམ་གཏན་མི་གཡོ་གླིང་། ༢༢ག་ཐ་རྐྱང་སྟོད་ལུག་ར་དགོན་པ། ༢༣སྤ་ཟླ་སྒྲུབ་གཤེན་འདུས་པ་རྒྱ་མཚོ། ལྷོ་རོང་རྫོང་། ༢༤ཤིང་རོང་ཤང་། བར་རྡོང་རི་ཁྲོད། ༢༥ཤིང་རོང་བདག་རོང་ཤང་། དགེ་མ་རི་ཁྲོད། ༢༦ཁྲ་རྒན་ཆོས་དཀར་རི་ཁྲོད། ནག་ཆུ་ས་ཁུལ། སྦྲ་ཆེན་རྫོང་། ༢༧ཡ་ང་ཤང་། འགག་གོང་དྲན་པ་བདེ་ཆེན་རི་ཁྲོད། ༢༨ཡ་ང་ཤང་། འགག་གོང་བཙུན་མའི་རི་ཁྲོད།  ༢༩ ཡ་ང་ཤང་། རྨ་རོང་ཡོལ་སྟོད་རི་ཁྲོད་ཉམས་རྟོགས་བདེ་ཆེན་གླིང་། ༣༠ རྫ་སྲིབ་གྲོང་ཚོ། དགེ་གྲོང་རི་ཁྲོད།   ༣༡ ཨ་ཤོག་ཤང། འདབ་སྦྱོང་དབུ་རྩེ་རི་ཁྲོད། ༣༢ཨ་ཤོག་ཤང་། རྟ་རྫའི་རི་ཁྲོད། གཉན་རོང་རྫོང་། ༣༣ བེ་གཞུང་ཤང་། ཐེག་ཆེན་བསམ་འགྲུབ་དགོན། ༣༤  བེ་གཞུང་ཤང་སྨིན་གྲོལ་གླིང་། གཞིས་རྩེ་གྲོང་ཁྱེར། སྐྱིད་རོང་རྫོང་། ༣༥ཀྲེ་པ་ལྷོ་མ་ཏྲེ་བ་གྲུ་ཁུང་དགོན། མཚོ་སྔོན་ཞིང་ཆེན། བ་ཡན་རྫོང་། ༣༦སྦ་འོག་དྲན་པའི་གསས་ཁང་།  མང་རྫོང་། ༣༧གསེར་གཞོང་བདེ་ཆེན་ལྷུན་འགྲུབ་གླིང། རེབ་གོང་རྫོང་། ༣༨མཁར་ཞོལ་གཡུང་དྲུང་བདེ་ཆེན་གླིང་། ༣༩འདོ་བ་ཤང་སྡོང་ངེ་བོན་པོ་མཆོད་སྔགས།  ཁྲི་ཀ་རྫོང་། ༤༠གསང་སྔགས་རིག་འཛིན་ལྷུན་འགྲུབ་གླིང་། ༤༡སྟོང་ཆེ་དཔོན་ཚང་གསང་ཆེན་རིག་འཛིན་རྒྱ་མཚོའི་གླིང་། ༤༢རྐ་རྒྱ་སྟོང་སྐོར་གསང་སྔགས་གཡུང་དྲུང་བསྟན་རྒྱས་གླིང་།  ༤༣ཁྱུང་མོ་ཁྱུང་ཆེན་ཡེ་ཤེས་ལྷུན་གྲུབ་གླིང་།  ༤༤མཁར་ནག་རྫོགས་ཆེན་དབྱིངས་རིག་ཡེ་ཤེས་ཀློང་གྲོལ་གླིང་། ༤༥སྦ་སེར་ཀུན་བཟང་བསྟན་པ་དར་རྒྱས་གླིང་།  ཁྲི་ལྷོ་རྫོང་། ༤༦དཔོན་ཚང་ཨ་དཀར་བསྟན་རྒྱས་གླིང་།  ནག་ཆུ་ས་ཁུལ་ཉི་མ་རྫོང་། ༤༧ལྷ་ལུང་རི་ཁྲོད།  འབྲི་རུ་རྫོང་། ༤༨ གཡང་ཤོད་ཤང་དགོན་རྙིང་བསམ་གཏན་འོད་གསལ་རི་ཁྲོད།  ཟི་ཁྲོན་ཞིང་ཆེན། རྔ་བ་རྫོང་།  ༤༩ བ་ཞིག་དགོན།   ༥༠ བཙུན་དགོན་རདྣ་གླིང་།  བདེ་དགེ་རྫོང་། ༥༡རྫ་སྨོན་རྒྱལ་རི་ཁྲོད། དཀར་མཛེས་རྫོང་།  ༥༢ཤར་རྫ་རི་ཁྲོད་གོང་མ་ཚང་།  མཛོད་དགེ་རྫོང་། ༥༣མདའ་ཆེན་དཀར་མོ་རི་ཁྲོད། ཟིང་ཆུ་རྫོང་། ༥༤ཤར་དུང་རི་གསེར་མཚོ་གཡུང་དྲུང་དགོན། ༥༥ཞང་ཁོག་བྷ་ར་སྟེང་འོལ་མོ་སྐྱིད་བཀྲ་ཤིས་གསང་མཛོད་ཁྲོད། ༥༦རེ་ཝོ་སྐྱང་ནག་མདོ་སྔགས་བསྟན་རྒྱས་གླིང་།  བརྒྱད་གཅིག་གྲོང་བརྡལ། ཉི་ཁྲི་རྫོང་།  ༥༧དགོན་པ་ཁ།  ༥༨གོ་འཇོ་ཕུའི་མཚམས་ཁང་།  ༥༩༠གཏེར་ལུང་རི་ཁྲོད།  སྤོ་བོ་རྫོང་། ༦༠ཁང་ཡུལ་ཤང་།  ཞིག་པོ་དགོན་པ། བཅས་པ་འདི་དག་ཡིན་ནོ།།
   ད་དུང་ང་ཚོས་འབྲེལ་བ་མ་ཐུབ་པའམ་ཁྱབ་བསྒྲགས་མ་གསན་པའི་ཕྱོགས་མཐའ་ཁག་ལ་དགོན་པ་དང་རི་ཁྲོད་མི་ཉུང་བ་ཡོད་སྲིད་ལ། ཉེ་ཟུར་ནས་ལྷག་སོང་བའི་དགོན་པ་རི་ཁྲོད་རེ་གཉིས་ཡོད་ངེས་ཀྱང་ད་ལན་འདི་ཙམ་ལས་རེད་མ་སོང་། མ་འོང་པར་དགོན་སྡེ་རི་ཁྲོད་དེ་དག་དང་གཤེན་བསྟན་ཉམས་དམས་སུ་གྱུར་པའི་མཐའ་གྲུའི་བོན་ཚོགས་དག་ལ་མཆོད་སྨན་གང་མཚམས་འབུལ་ཨེ་ཐུབ་ཀྱི་གྲོས་གཞི་འདིང་བཞིན་ཡོད་པ་ལགས། ལོ་འདིར་སྡེ་བརྒྱད་ཟློག་མདོས་ཀྱི་རྫས་ཆ་དང་ གདུགས་དཀར་ཟློག་རྫས་སོགས་ཁ་ཤས་བསྡུ་འཆར་གྱི་གྲོས་མོལ་གཞིར་བྱས་མཆོད་རྫས་གླེང་ར་ཞེས་པའི་ཚོགས་པ་གསར་པ་ཞིག་བཙུགས་ཡོད།  དེའི་ནང་མཁས་དབང་བོན་གཤེན་མང་པོ་གདན་ཞུས་བྱས་ཡོད་པས། ཁོང་རྣམས་ཀྱིས་བགྲོ་གླེང་དང་ལམ་སྟོན་བྱེད་ཕྱོགས་བཞིན་བྱ་བ་གཉེར་བ་ལས། ད་ལྟ་འདི་དང་དེ་ཞེས་གཏན་གཏན་ཞུ་ཤེས་མ་སོང་། སྔར་ལོར་༧མཁན་རིན་པོ་ཆེ་དང་གཙོ་འཛིན་འགན་ལེན་པ་རྣམས་ཀྱིས་གྲོས་མོལ་དང་དགོངས་འཆར་གསུངས་པ་ལྟར། མ་འོང་བསྟན་པའི་ཞབས་ཕྱི་རུ་དམིགས་ནས་དེ་སྔོན་རྫས་བསགས་གྲུབ་པའི་མཆོད་སྨན་ཁག་གི་ངོས་འཛིན་སྟངས་ཀྱི་གསལ་བཤད་དང་འཚོལ་ཡུལ། སྨན་རྫས་རིགས་ཀྱི་པར་རིས་སོགས་ལྷན་དུ་སྦྲེལ་བའི་དཔེ་དེབ་འགོ་ཚེམ་ཞིག་སྤེལ་རྒྱུའི་སྟ་གོན་གཉེར་བཞིན་ཡོད་པས། ཕྱོགས་བཞུགས་མཁས་དབང་དག་གིས་ལམ་སྟོན་དང་རྒྱབ་སྐྱོར་གནང་རྒྱུར་རེ་བ་སྙིང་ནས་ཞུ་བཞིན་ཡོད།
གཡུང་དྲུང་བོན་མཆོད་རྫས་གླེང་ར་ནས། ༢༠༢༠ / ༤ / ༡༧
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།