ཁྱུང་ཡུལ་མཁར་སྤུངས་དགོན་ནས་གྲུབ་ཆེན་རིན་པོ་ཆེ་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2020-04-15 14:23:41][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༄༅།།  ཁྱུང་ཡུལ་མཁར་སྤུངས་དགའ་ཚལ་གླིང་དགོན་པའི་དགུན་རིམ་དང་འབྲེལ་གྲུབ་ཆེན་རིན་པོ་ཆེ་ལ་གདུང་མཆོད་ཕུལ་བའི་གནས་འཕྲིན།
གནས་ཆེན་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་མདུན་ཞོལ་དུ་གནས་པའི་མཁར་སྤུངས་དགོན་གྱི་དགུན་ཁའི་རིམ་གྲོ་འདི་ལོ་ཡམས་ནད་ཀྱིས་ཕྱི་བསྣོར་བྱེད་དགོས་བྱུང་སོང་བའི་ཞི་ཁྲོ་རྒྱས་པ་དང་དང་ཁྲོ་བོ་དམར་ཆེན་ཟློག་པ་ཕུར་པའི་སྲུང་བ་དང་ཟློག་པ་དྲེའུ་དམར་ནག་ཚོགས་བཞི་བརྒྱ་དང་སྤུ་རྒྱལ་ཚོགས་བརྒྱ་དང་གསོལ་ཁ་རྒྱས་འབུལ་བཅས་དགུན་ཁའི་དུས་མཆོད་དཔྱིད་དུས་སུ་འཚོགས་དགོས་བྱུང་ནས་ཡོངས་སུ་ལེགས་པར་གྲུབ་པས་དགེ་རྩའི་འདི་ལོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་དགོངས་རྟོགས་བོན་ཉིད་གཡོ་བ་མེད་པའི་ཀློང་དུ་བལྟིམས་པའི་ཆེད་དང་ཡང་དགོས་རིམས་ནད་ཀྱིས་གདུང་བའི་གཤིན་གསོན་ཡོངས་ལ་ཕན་པ་རེ་ཡོངས་བའི་སྨོན་ལམ་དང་མ་ཚད་དད་དམ་གྱིས་འབྲེལ་བའི་ཡུལ་སྟོད་སྨད་ཀུན་ལ་ཆར་ཆུ་དུས་འབེབ་ལོ་ཕྱུགས་རྟག་ལེགས། ཕན་བདེའི་འབྱུང་བའི་གནས་དམ་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུ་རུ་འགྱུར་བར་སྨོན་པ་དང་བཅས་མུ་ཙུག་སྨར་རོ། །
༢༠༢༠། བོད་ཟླ་༢། ཚེས་༢༢ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།