དཔལ་གཤེན་བསྟན་རི་དམར་སྐལ་བཟང་གླིང་ནས་གྲུབ་ཆེན་རིན་པོ་ཆེ་ལ་འདས་མཆོད་འཚོགས་པ།

[ཟླ་ཚེས། 2020-04-02 11:53:40][རྩོམ་པ་པོ། ཟུར་མང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    སྣང་བཞི་ཟད་གསལ་ཕྱིན་པའི་རྣལ་འབྱོར་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྙིགས་དུས་སེམས་ཅད་ཀུན་ལ་མི་རྟག་ཚུལ་བསྟན་མཛད་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་ཕྲལ།   དཔལ་གཤེན་བསྟན་རི་དམར་སྐལ་བཟང་གླིང་གི་བླ་གྲྭ་བོན་གཤེན་དྲུག་བཅུ་ལྷག་དང་ལྷ་སྡེ་མང་ཚོགས་རྣམས་དུས་གཅིག་ཏུ་འཚོགས་ནས།   རྗེ་མཉམ་མེད་བླ་མའི་འཁྲུངས་མཆོད་ཉིན་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་གཟུགས་དང་གྲུབ་ཆེན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་གཉིས་བཤམས་ནས་མཆོད་པ་རྣམ་ལྔ་དང་མཎྜལ་སྐུ་གསུང་ཐུགས་རྟེན་དང་རྟགས་བརྒྱད་ནོར་བདུན་སོགས་མཆོད་པ་གང་འབྱོར་བཤམས་ནས།   རྗེ་མཉམ་མེད་བླ་མའི་ཚོགས་འཁོར་དང་དྲན་པའི་ཚོགས་འཁོར་རྒྱས་འབུལ་ཞུས་ནས་འཇུག་མཐར་མར་མེའི་མཆོད་པ་ཡིག་གཟུགས་དང་གདུགས་སོགས་ཡོད་པར་བཀོད་ནས་བླ་མ་མཆོད་པ་དང་ཚེ་དབང་སྨོན་ལམ་བོན་སྐུ་སྨོན་ལམ་སོགས་གཏོང་ནས་དགོན་འདིའི༧ཁྲི་འཛིན་བླ་མ་ཚོགས་ལམ་བཟང་པོ་མཆོག་གིས་གྲུབ་ཆེན་རིན་པོ་ཆེ་མཆོག་གིས་བསྟན་པ་སྤྱི་དང་ཡང་དགོས་རི་དམར་དགོན་པ་འདི་དང་ལྷ་སྡེ་མང་ཚོགས་རྣམས་ལ་བཀའ་དྲིན་བསྐྱང་ཚུལ་དང་བླ་མ་ཁོང་ལ་རྗེས་དྲན་ཞུ་ཚུལ་དང་དགེ་སྒྲུབ་སྡིག་སྤངས་རྣམ་བཞག་སོགས་ཀྱི་བཀའ་སློབ་གནད་ལ་སྨིན་པ་གནང་དང་བསྔོ་སྨོན་རྣམ་པར་དག་བྱས། 
   རྗེས་སུ་ཡང་ལྷ་སྡེ་རྣམས་པས་ཀྱང་རང་ནུས་གང་ལྕོག་གིས་རྡོ་འབུམ་ཡིག་བརྒྱ་ཚར་བཅུ་གཉིས། སྙིང་པོ་རྣམ་གསུམ་ཚར་བཅོ་ལྔ།  མ་ཏྲི་ཚར་བཞི་བཅུ། ཚེ་སྒྲུབ་བྱ་རི་མའི་སྙིང་པོ་ཚར་གསུམ།  སྨྲ་སེང་དཀར་པོའི་སྙིང་པོ་ཚར་གསུམ།  སྲིད་རྒྱལ་དྲག་བསྔགས་ཚར་བཞི་བཅས་བསྐོས་བ་དང་རྗེ་བླ་མའི་དགོངས་ཞག་ཚེ་ལ་ཡང་ཤ་ཆང་སྤངས་བ་དང་ཕྱག་དང་སྙིང་པོ་རྣམ་གསུམ་སོགས་ཁ་ལེན་བྱས་ནས་འགོ་ཁྲི་འཛིན་བླ་མ་དང་འོག་གི་ལྷ་སྡེ་ཡོངས་ནས་གདུང་སེམས་མཉམ་བསྐྱེད་བྱེད་ནས་གདུང་འདེབས་མཆོད་འབུལ་ལ་གང་ནུས་བྱས་བཞིན་ཡོད་པས་དགེ་དེས་མཁའ་ཁྱབ་སེམས་ཅན་ཀུན་གཏན་བདེའི་གོང་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།