ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གི་འདུས་སྤྱི་ནས་གྲུབ་ཆེན་རིན་པོ་ཆེའི་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2020-03-02 20:32:06][རྩོམ་པ་པོ། མཁན་པོ་དྲང་སྲོང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གི་འདུས་སྤྱི་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པས་གདུང་འདེབས་མཆོད་འབུལ་ཕུལ་བའི་གནས་འཕྲིན།


༄༅།། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པས་སྐྱོ་གདུང་དད་པའི་མཆོད་ཚིགས།

ཨེ་མ་ཧོ། རྣམ་དག་བོན་སྐུའི་ངང་ལས་གཡོ་བ་མེད།

གདུལ་བྱའི་ཁམས་དང་མོས་པ་ཇི་བཞིན་དུ།

སྤྲུལ་སྐུའི་འགྲོ་བ་ཐར་པ་དྲངས་མཛད་པ།

དྲིན་ཆེན་བླ་མ་དམ་པ་གསོལ་བ་འདེབས།

བསླབ་གསུམ་རྣམ་པ་དག་པའི་བུམ་བཟང་རུ།

ཐེག་པ་རིམ་དགུའི་བོན་གྱི་རྩི་བཅུད་བལྟམས།

ཀ་དག་རྫོགས་པ་ཆེན་པོའི་ཁ་རྒྱན་འཕགས།

མི་ཟས་འཚོ་བ་སྤངས་པའི་རྣལ་འབྱོར་བ།

གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གསོལ་བ་འདེབས།

སྐུ་ཡི་འགྲོ་དོན་གྲུབ་པའི་དུས་ཉིད་ལ།

ཆ་ལུགས་ལྔ་ལྡན་དགོངས་པ་གཡོ་མེད་ངང་།

ཞིང་ཁམས་གཞན་དུ་ཕེབས་པ་ཡིད་རེ་སྐྱོ།

མཐའ་ཀླས་སེམས་ཅན་འགྲོ་བ་དྲངས་པའི་ཕྱིར།

སླར་ཡང་བསྟན་འགྲོའི་མགོན་དུ་ཕེབས་པར་ཤོག

  ཅེས་པའི་སྐྱོ་གདུང་གི་སྨོན་ཚིགས་འདི་ནི་གྲུབ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ཟིན་པ་རྣ་བར་ཐོས་མ་ཐག་སྨོན་རྒྱལ་བླ་བྲང་གི་འདུས་པ་ཡོངས་ནས་སྐུ་པར་རིན་པོ་ཆེ་མདུན་དུ་མཆོད་པ་དང་དགུང་ཞག་རིང་དགེ་བ་ཁས་ལེན་དང་སྨོན་ལམ་གང་ཟབ་བཅས་གདུང་མཆོད་ཕུལ་རྗེས་སྨོན་རྒྱལ་ནམ་མཁའ་དབང་ལྡན་གྱིས་གསོལ་བ་རྩེ་གཅིག་བཏབ་ཏེ་བླ་བྲང་ནས་ཕུལ་བའོ། ། 2020ལོའི་སྤྱི་ཟླ་2པའི་ཚེས་22ཉིན།





 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།