ཕུག་ལེབ་སྨིན་གྲོལ་བསམ་གཏན་གླིང་ནས་གྲུབ་ཆེན་རིན་པོ་ཆེའི་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2020-02-29 09:50:20][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྟེང་ཆེན་ཕུག་ལེབ་སྨིན་གྲོལ་བསམ་གཏན་གླིང་ནས་གྲུབ་ཆེན་རིན་པོ་ཆེའི་གདུང་མཆོད་འཚོགས་པ།

དམ་པའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།།

ལྔ་སྙིགས་འགྲོ་བ་རྟག་འཛིན་ཨ་འཐས་ཅན།།

མི་རྟག་དཔེར་བསྟན་དགོངས་པ་མྱ་ངན་འདས།།

བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།།

  དེ་ཡང་བོན་འབངས་འགྲོ་བ་ཡོངས་ཀྱི་བསྟན་པའི་ལྷ་སྐལ་ཆེན་མོ་ ༧ གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་ཞི་བར་གཤེགས་པར། འདིར་ཕུག་ལེབ་དགོན་སྨིན་གྲོལ་བསམ་གཏན་གླིང་ནས་གདུང་སེམས་མཉམ་བསྐྱེད་དང་། དམ་པ་མཆོག་གིས་སྤྱིར་ན་འགྲོ་བ་ཡོངས་དང་བོན་གྱི་བསྟན་པ་སྤྱི་ལ་ཞབས་ཕྱི་བླ་མེད་ཞུས་ཤིང་། ཡང་སྒོས་སུ་དགོན་འདིར་ཐུགས་བརྩེས་གཟིགས་པ་མི་དམན་པ་བསྐྱངས་མྱོང་བའི་བཀའ་དྲིན་རྗེས་དྲན་ཚུལ་དུ། ཁྱུང་སེར་བླ་མ་སྒར་ཁང་གཡུང་དྲུང་མགོན་པོ་མཆོག་གཙོས་པའི་འདིར་ཚོགས་འདུས་པ་ཡོངས་ནས། དམ་པ་ཉིད་ཀུན་བཟང་རྒྱལ་ས་སྙེག་པར་མཚན་བཅས་ཀྱི་དགེ་ཚོགས་སྒྲུབ་པའི་རམ་འདེགས་མི་དགོས་ཀྱང་། འདིར་ཚོགས་འགྲོ་བ་ཡོངས་ཀྱི་བསོད་ནམས་དགེ་ཚོགས་བསགས་པའི་རྒྱུ་རུ་དམིགས་ནས་ཉིན་ཞག་བདུན་གྱི་རིང་ལ། ཞི་ཁྲོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཁྲི་མཆོད་རྒྱས་འབུལ་བྱས་པའི་གནས་བསྡུས་སུ།

  ཕུག་ལེབ་སྨིན་གྲོལ་བསམ་གཏན་གླིང་ནས།







 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།