ཁམས་བྲག་འགོ་རྒྱལ་རོང་དགོན་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-27 22:26:51][རྩོམ་པ་པོ། གཤེན་བཙུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཕུལ་བ།
   གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གཤེན་རབ་དྲུང་མུ་གྱེར་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་བཟང་ཁོ་ནར་བསྐྱངས་ནས་དགུང་གྲངས་གོ་ལྔ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འདི་དང་སྟབས་བསྟུན་གནམ་འོག་གི་བོན་འབངས་ཡོད་དོ་ཅོག་གིས་དགའ་དད་སྤྲོ་གསུམ་གྱིས་ངང་ནས་སོ་སོས་ཚོགས་བསགས་སྒྲིབ་སྦྱོང་བྱེད་ཀྱིན་པའི་སྐབས་འདིར། ངེད་ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་ནས་དེ་རིང་ཉིན་གཅིག་གི་རིང་བླ་ཆེན་དྲན་པ་ནམ་མཁའ་གཙོ་འཁོར་དང་བཅས་པར་མཆོད་ཚོགས་རྒྱས་པར་ཕུལ་ཞིང་།
   དཔལ་རྒྱལ་བ་སྨན་རི་བའི་བསྟན་པའི་བདག་པོ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཚེ་མི་འཇིག་གཡུང་དྲུང་གི་ཁམས་སུ་བསྐལ་པ་བརྒྱ་ཕྲག་གི་བར་བཞུགས་པའི་བརྟན་བཞུགས་ཕུལ་བའི་གནས་ཚུལ་མདོ་བསྡུས་ཤིག་དེང་རབས་ཀྱི་དྲ་བའི་ལམ་ནས་འབུལ་བར་འདོད་དོ།།
༢༠༢༠/༡/༢༧དགོང་མོར་གཤེན་བཙུན་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།