༧དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་རྒྱལ་གཤེན་རིག་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2019-12-23 14:51:30][རྩོམ་པ་པོ། རྒྱལ་གཤེན་རིག་སློབ་གླིང་རྒྱུན་ལས][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]



  དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་དུ་སྤྱི་ལོ་༢༠༡༩ལོའི་ཟླ༡༢ཚེས་༡༧ཉིན་དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་དགེ་བཤེས་ཤེས་རབ་སྦྱིན་པ་རྣམ་གཉིས་དབུ་བཞུགས་ཐོག་རྒྱལ་གཤེན་རིག་སློབ་གླིང་གི་སློབ་གཉེར་རྣམས་ཀྱིས་སྔ་དྲོ་ཕྱག་ཚོད་༡༠ནས་༡༡བར་རང་རང་སྐབས་བབས་ཀྱི་གཞུང་ཆེན་ཁག་གི་བཀའ་གནད་ཀྱི་དྲི་བ་ཁག་ཡིག་ཐོག་ཏུ་བཀོད་པ་རྣམས་རིམ་བཞིན་ལན་བྲིས་ཏེ་གཞུང་རྒྱུགས་ལེགས་གྲུབ་བྱུང་བ་དང་། ཕྱི་དྲོ་ཕྱག་ཚོད་༢ནས་༤བར་སྐབས་བབས་རིག་གནས་ཁག་ལ་རྒྱུགས་སྤྲོད་དང་བྲིས་རྒྱུགས་སོགས་ལེགས་པར་གྲུབ།





  སྤྱི་ལོ་༢༠༡༩ལོའི་ཟླ་༡༢ཚེས་༡༨ཉིན་དམ་བཅའ་ཚོགས་ཏེ་སློབ་གཉེར་བ་རྣམ་པས་གཞུང་ཆེན་ཁག་ལ་བརྒལ་རྟགས་ཀྱི་ལམ་ནས་རྩོད་རྒྱུགས་ཕུལ་ཏེ་རྒྱུགས་འབྲས་ཧ་ཅང་ལེགས་པོ་བྱུང་བ་དང་། སྤྱི་ཚེས་༢༠ཉིན་ཤེལ་བླ་དྲུང་མུ་གྲགས་པ་རིན་པོ་ཆེ་མཆོག་དང་དགེ་བཤེས་བསྟན་འཛིན་ཡེ་ཤེས་དགེ་བཤེས་ཤེས་རབ་སྦྱིན་པ་རྣམ་པ་དབུ་བཞུགས་ཐོག་འཇུག་སྡོམ་གྱི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཚོགས་གཙོ་་མཆོག་ནས་བཤད་སྒྲུབ་འདུས་སྡེའི་ལོ་གཅིག་གི་འགྲོ་གྲོན་གྱི་རྩིས་ཁྲ་སྐོར་སྙན་སྒྲོན་ཞུས། དགེ་བསྐོས་ནས་སློབ་གཉེར་བ་རྣམ་པའི་སྤྱི་སྒེར་གང་ཐད་ནས་དགོངས་ཞུ་སྐོར་སྙན་སྒྲོན་ཞུས། དེ་རྗེས་བཤད་སྡེའི་རྒྱུན་ལས་གསར་རྙིང་བརྗེ་ལན་དང་རྒྱལ་གཤེན་རིག་སློབ་གླིང་དབུ་བརྙེས་ནས་ལོ་ངོ་བདུན་རིང་ཚོགས་དང་འཆད་ར་དཔེ་ཁྲིད་སོགས་ཆད་མ་མྱོང་བའི་སློབ་གཉེར་བ་རྣམས་ལ་གཟེངས་བསྟོད་དང་དེ་རྗེས་དམིགས་བསལ་རྒྱུགས་སྤྲོད་དང་གཞུང་རྒྱུགས་རྩོད་རྒྱུགས་རིག་གནས་རྒྱུགས་བྲིས་རྒྱུགས་བཅས་ཀྱི་ཨང་རིམ་དང་པོ་ཐོབ་མཁན་རྣམས་ལ་གཟེངས་བསྟོད་དང་འགུལ་དར་སྒྲོན། དེ་རྗེས་ཤེལ་བླ་དྲུང་མུ་གྲགས་པ་དང་དགེ་བཤེས་བསྟན་འཛིན་ཡེ་ཤེས་དགེ་བཤེས་ཤེས་རབ་སྦྱིན་པ་རྣམ་པ་གསུམ་ནས་སློབ་གཉེར་རྣམས་ལ་དགེ་མཚན་ལྡན་པའི་བཀའ་སློབ་ཟབ་རྒྱས་གནང་ཏེ་ཚོགས་འདུ་འཇུག་གྲུབ་པའི་གནས་བསྡུས།



  རྒྱལ་གཤེན་རིག་སློབ་གླིང་རྒྱུན་ལས་ནས་སྤྱི་ལོ་༢༠༡༩/༡༢/༢༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།