ཐའེ་ཝན་དུ་བསྐྱོད་པའི་གནས་བསྡུས།

[ཟླ་ཚེས། 2019-11-09 20:56:57][རྩོམ་པ་པོ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

པེ་ཅིན་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་བཀོད་སྒྲིག་འོག སློབ་གླིང་གི་ཚོགས་གཞོན་མཐུ་སྟོབས་སེང་གེ་དང་ཡེ་ཧོང་ཝས་郁红伟 སློབ་མ་ཁྲའུ་ཡི་ཁྲུའུ་ཀྲང་བཀྲ་ཤིས་ཉི་མ་གསུམ་གྱིས་དབུ་ཁྲིད་མཛད་དེ་སྐབས་བཅུ་དྲུག་པའི་གཡུང་དྲུང་བོན་གྱི་མཐོ་རིམ་རབ་འབྱམས་པ་དང་སྔ་འགྱུར་རྙིང་མ་བའི་མཐོ་རིམ་རབ་འབྱམས་པ། རི་བོ་དགེ་ལྡན་པའི་མཐོ་རིམ་རབ་འབྱམས་པ་བཅས་ཐའེ་ཝན་དུ་ཡུལ་དངོས་སློབ་སྦྱོང་ལ་ཕྱིན་པའི་སྐོར།
སྤྱི་ཟླ་༡༠ ཚེས་༣༡ ཉིན་རྒྱལ་ས་པེ་ཅིན་གནམ་ཐང་ནས་ཧྲང་ཧེ་上海市བརྒྱུད། ཐའེ་པེ་台北ལ་སླེབ།
སྤྱི་ཟླ་༡༡ ཚེས་༡ ཉིན་ཐའེ་པེ་གྲོང་ཁྱེར་གི་གནའ་བོའི་ཕོ་བྲང་ལ་ལྟ་སྐོར་དུ་བསྐྱོད་དེ་རིགས་དངོས་རྩ་ཆེན་རྣམས་ལ་མཉམ་ཞིབ་དང་རྒྱུས་ལོན་བྱས། ཉིན་དེའི་ཕྱི་དྲོར་ཐའེ་ཝན་ལྷོ་རྒྱུད་高雄市ལ་སླེབ།
 སྤྱི་ཚེས་༢ ཉིན་ས་གནས་དེའི་古严寺ཡིས་བཀོད་སྒྲིག་བྱས་པ་ལྟར་“སྐབས་བཞི་པའི་བོད་བརྒྱུད་ནང་བསྟན་རིག་གཞུང་བགྲོ་གླེང་”ཚོགས་འདུ་ཚོགས། ཚོགས་འདུ་བགྲོ་གླེང་མཉམ་ཞུགས་མི་སྣ་གཙོ་བོ་དགེ་བཤེས་དང་མཁན་པོ། ཐའེ་ཝན་གྱི་ཆེད་མཁས་མཚན་ཉིད་རིག་པའི་རབ་འབྱམས་པ། ནང་བསྟན་ཞིབ་འཇུག་ལ་ཆེད་མཁས་པ། རྩོམ་པ་པོ་བཅས་མཁས་པ་བཅུ་གྲངས་ལྷག་གིས་དངོས་སུ་བགྲོ་གླེང་གནང་།
 བགྲོ་གླེང་དེར་གཡུང་དྲུང་བོན་གྱི་ངོས་ནས་དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས་རྒྱ་ཡིག་ལམ་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་ངོ་སྤྲོད་གནད་བསྡུས་དང་།
དགེ་བཤེས་སྦྱིན་པ་གཙུག་ཕུད་མཆོག་གིས་རྒྱ་ཡིག་ལམ་ནས་གནའ་བོའི་བོན་གྱི་དར་རྒུད་དང་འབྲེལ་བའི་བགྲོ་གླེང་གནང་ཞིང་། ཉིན་དེར་ཚོགས་ཞུགས་པ་བརྒྱ་ཕྲག་གཉིས་ལ་ཉེ་བ་དང་མཉམ་དུ་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་ཟབ་རྒྱས་གནང་།
   བར་གསེང་ལ་མང་ཚོགས་རྣམས་ཀྱི་རེ་འདོད་ལྟར་ཡིག་གཟུགས་ཀྱི་ལེགས་སྐྱེ་ཕུལ།
   སྤྱི་ཚེས་༣ ཉིན་གཡུང་དྲུང་བོན་གྱི་དགེ་བཤེས་རྣམས་ཀྱིས་ཐེག་ཆེན་སེམས་བསྐྱེད་ཀྱི་སྐོར། སྔ་འགྱུར་རྙིང་མ་བའི་མཁན་པོ་རྣམས་ནས་བདེན་པ་བཞིའི་སྐོར།
  རི་བོ་དགེ་ལྡན་པའི་དགེ་བཤེས་རྣམས་ཀྱིས་ཆོས་འཁོར་གྱི་སྐོར་ནས་དམ་བཅའ་བགྲོ་གླེང་བཅས་ཟབ་རྒྱས་གནང་།
  ཕྱི་དྲོར་སྦྱིན་སྲེག་གི་ཆོ་ག་གསུངས་ཞིང་དད་ལྡན་མང་ཚོགས་ལ་བཀའ་དབང་གི་མཛད་སྒོ་སྤེལ།
   སྤྱི་ཚེས་༤ ཉིན་རྒྱ་བརྒྱུད་ནང་བསྟན་དགོན་ཆེན་佛光山དང་། བོད་བརྒྱུད་ནང་བསྟན་དགོན་ཆེན་五智山 གཉིས་ལ་མཆོད་མཇལ་ཞུས།
   སྤྱི་ཚེས་༥ ཉིན་中台禅寺དང་ 中台世界博物馆ལ་མཇལ་སྐོར་ཕྱིན།
   སྤྱི་ཚེས་༦ཉིན། 农禅寺ལ་མཆོད་མཇལ་ཞུས་ཏེ་ཕྱི་དྲོར་ཐའེ་ཝན་གནམ་ཐང་ནས་པེ་ཅིན་རྒྱལ་སའི་གནམ་ཐང་ལ་བདེ་བླག་ངང་འབྱོར་བའི་གནས་བསྡུས་ཙམ་དུ་པེ་ཅིན་ནང་བསྟན་མཐོ་རིམ་སློབ་གླིང་ནས་སྤེལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།