ཁྱུང་ཡུལ་ག་ཤེལ་དགོན་དུ་ཡི་དམ་ཞི་ཁྲོའི་འབུམ་མཆོད་ཆེན་མོ་ཚོགས་པའི་གནས་བསྡུས།

[ཟླ་ཚེས། 2019-10-08 15:33:47][རྩོམ་པ་པོ། བཀོད་སྒྲིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སྤྱི་ལོ་༢༠༡༩ལོའི་ཟླ་༩ཚེས་༢༧ནས་ཟླ་༡༠ཚེས་༦བར་ཉིན་བཅུའི་རིང་ཚོགས་ཤིང་དེ་ཡངཤེལ་བླ་དྲུང་མུ་གྲགས་པ་མཆོག་དང་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ཀྱི་དབུ་ཁྲིད་གནང་སྟེ་ཕྱོགས་མཐའ་ཁག་གི་འབྲེལ་ཡོད་དད་སྦྱིན་རྣམ་པའི་རྒྱུ་འབྱོར་དང་ལྷ་སྡེ་མི་མང་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་བྱས་པའི་ཉེར་ལེན་ལ་བརྟེན་ནས་བླ་གྲྭ་བོན་གཤེན་སུམ་བརྒྱ་ལ་ཉེ་བས་ཉིན་བདུན་རིང་ཡིད་དམ་ཞི་ཁྲོའི་འབུམ་མཆོད་ཆེན་མོའི་མཆོད་ཚོགས་ཀྱི་འཁོར་ལོ་སྐོར་ཞིང་མགྲོན་བཞི་མཉེས་པར་བྱས་པ་དང་། བླ་སྤྲུལ་སྐྱེས་ཆེན་རྣམ་པས་གསོན་གཤིན་གཉིས་དོན་དུ་ཉི་ཟེར་ཞགས་པའི་བྱང་ཆེན་བཞུས།
   ཉིན་མཚན་ཀུན་ཏུ་མར་མེའི་མཆོད་པ་འབུམ་ཕྲག་ལས་བརྒལ་བ་ཕུལ་ཏེ་གསོན་གཤིན་ཀུན་ལ་སྨན་པའི་དགེ་ཚོགས་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་བ་དང་།
   ཟླ་༡༠ཚེས་༤ནས་ཚེས་༦བར་གསང་སྔགས་འཆང་བའི་བོན་གཤེན་རྣམས་ཀྱི་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བསྟན་སྦྱིན་རྣམས་དང་ལྷ་སྡེ་མི་མང་ཡོངས་ལ་ཡིད་དམ་གསས་མཁར་མཆོག་ལྔའི་བཀའ་དབང་དང་ཤེལ་སྟོན་ཚེ་དབང་བདེ་ཆེན་སྙིང་པོའི་གསུང་འབུམ་གྱི་བཀའ་དབང་ཟབ་རྒྱས་བསྩལ་ཏེ་རྗེས་བྱ་བཀྲ་ཤིས་དང་བསྔོ་སྨོན་བཅས་གྱིས་མཛད་སྒོ་འཇུག་ལེགས་པར་གྲུབ་པ་བཅས་སོ། །
༢༠༡༩/༡༠/ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།