མདའ་ཆེན་དགོན་དུ་ཀུན་རིག་ལས་བཞི་རྒྱུན་ལྔ་དང་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་བསྡུས།

[ཟླ་ཚེས། 2019-04-13 11:17:20][རྩོམ་པ་པོ། སྐྱང་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1555126042136384.jpg1555126041588459.jpg1555126041202593.jpg

   དེ་ཡང་སངས་རྒྱས་གཡུང་བོན་གྱི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་ཉམས་སུ་བླངས་བའི་སྐྱེས་ཆེན་རིམ་པར་བྱོན་པའི་གནས་མཆོག་ཁྱད་པར་ཅན། སྐྱང་སྟོན་རྒྱལ་བའི་གདན་ས་དཔལ་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ་སྤྱི་ལོ་༢༠༡༩བོད་ཟླ་༣པའི་ཚེས་༣ཉིན་ནས།གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་མཛད་རྗེས་བླ་མེད་མཆིས་བའི་ཞིང་གཤེགས་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་དགོངས་རྫོངས་དང་།

1555126042113603.jpg

   སྐྱང་སྤྲུལ་ཉི་ཟླ་རྣམ་གཉིས་གཙོས་ད་ལྟ་ཞལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་ཕྲིན་མཐའ་རུ་ཕྱིན་པའི་ཞབས་བརྟན་དུ་དམིགས་ནས་ངེད་བབ་བཟོའི་སྐྱ་སེར་ཡོངས་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་སྟེ་ཉིན་བརྒྱད་གྱི་རིང་ལ་སྐྱང་སྤྲུལ་རིན་པོ་ཆེའི་མཛད་པའི་མེ་ལོང་ཆ་ལྔའི་ཕྱག་བཞེས་ལྟར་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་ཆེན་མོ་དང་། མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་བཅས།

   སྐྱབས་རྗེ་ཐམས་ཅད་མཁྱེན་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཁས་གྲུབ་དཔལ་བཟང་ཚང་། སྐྱང་རིན་ཆེན་རྒྱལ་མཚན། མཆོག་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་སོགས་དབུ་བཞུགས་འོག་མདའ་ཆེན་དགོན་པའི་གྲྭ་ཚང་འདུས་བ་རྒྱ་མཚོའི་ཉིན་བདུན་རིང་ལ་ཆོ་གའི་དངོས་ལྟ་སོགས་མ་ལུས་པ་གོང་མའི་ཕྱག་སྲོལ་ལྟར་མཐར་རྒྱས་མཛད།

1555126042124275.jpg1555126041675039.jpg1555126041102867.jpg

   དེ་མིན་ཉིན་འདི་དག་གི་རིང་ལ་ཕྱོགས་སོ་སོ་ནས་ཡོངས་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ཕྱག་སྐོར་དང་།སྙིང་བོ་རྣམ་གསུམ་སོགས་གྲངས་ཀྱི་མི་ལོང་བས་དགེ་སྒྲུབ་རྒྱ་ཆེར་བསགས།

    མཐར་སྦྱིན་སྲེག་དང་འབུམ་ཚོགས་རྒྱ་ཆེན་པོ་འདི་ཕུལ་བའི་ཡོན་ཏན་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉི་འོད་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་བ། སེམས་ཅན་ཐམས་ཅད་གནས་ངན་འཁོར་བའི་འདམ་ལས་བསྒྲལ་ནས་བདེ་ཆེན་ཐར་བའི་གནས་སུ་འགོད་པའི་བསྔོ་སྨོན་རྣམ་པར་དག་པས་མཐའ་སྦྱར་རོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།