བཀའ་རིན་པོ་ཆེ་འབྲི་བཞེངས་གནང་བའི་མཛད་སྒོ་ཐེངས་བཞི་པ།

[ཟླ་ཚེས། 2019-04-12 21:39:54][རྩོམ་པ་པོ། ཁྲ་ཉག་ཕྲན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གནའ་བོའི་ཞང་བོད་གཅེས་ནོར་རྒྱལ་བ་གཤེན་གྱི་བཀའ་རིན་པོ་ཆེ་འབྲི་བཞེངས་གནང་བའི་མཛད་སྒོ་ཐེངས་བཞི་བ་ཁྱུང་པོ་སྟེང་ཆེན་དུ་འཚོགས་པ།
1555076446237019.jpg

    བོན་གྱི་ཤེས་རིག་ནི་བོད་མི་རིགས་ཀྱི་ཆེས་གདོད་མའི་ཤེས་རིག་ལགས་ཤིང་།   བོན་གྱི་ཤེས་རིག་ལས་བོད་མི་རིགས་ཀྱི་གནའ་བོའི་འཚོ་བ་དང་གོམས་གཤིས།   སེམས་ཁམས་དང་འདུ་ཤེས་འཛིན་སྟངས་སོགས་རྟོགས་ཐུབ་པ་ཡིན་ལ།   བོན་གྱི་བཀའ་འགྱུར་ཆེན་མོ་ནི་དེའི་ཁྲོད་ཀྱི་ཆེས་བླ་ན་མཐོ་བའི་ཞང་བོད་མི་རིགས་ཀྱི་ཤེས་རིག་གི་མཚོན་བྱེད་ལྟ་བུར་གྱུར་པ་ཞིག་རེད།  

1555076446126943.jpg

   དེར་བརྟེན་བོན་གྱི་བཀའ་འགྱུར་ཆེན་མོ་འབྲི་བཞེངས་གནང་བ་ནི་བོད་ཀྱི་རིག་གཞུང་དང་བོན་གྱི་བསྟན་པ་ཡུན་རིང་གནས་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་ལགས་ན།   རྒྱལ་བ་གཤེན་རིན་པོ་ཆེ་དང་རྩེ་དྲུག་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རྣམ་གཉིས་ཀྱི་བཀའ་སློབ་འོག་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་སློབ་དཔོན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་སྤྱི་ལོ༢༠༡༡ལོ་ནས་འགོ་བཙུགས་ཏེ།   དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་བསགས་ཤིང་ཁྱུང་པོའི་བྲིས་པ་ཡག་ཤོས་དག་བསྡུས་ནས་རྒྱལ་བའི་བཀའ་རིན་པོ་འབྲི་བཞེངས་གནང་བའི་ལས་གཞི་བརྩམས་པ་ཀུན་གྱིས་ཤེས་གསལ་ལྟར།

1555076447808782.jpg

   ད་ལན་སྤྱི་ལོ༢༠༡༩ལོའི་ཟླ་བ༤ཚེས༤ཉིན།  ཁྱུང་པོ་སྟེང་ཆེན་རྫོང་དུ<<རྒྱལ་བའི་བཀའ་རིན་པོ་ཆེ་འབྲི་བཞེངས་གནང་བའི་མཛད་སྒོ་ཐེངས་བཞི་པ།>>འཚོགས་པ་རེད།   ཚོགས་ཐོག་ཏུ་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་དང་རྩེ་དྲུག་སྒྲུབ་མཁན་དྲང་སྲོང་བསྟན་འཛིན་རྣམ་རྒྱལ།  གྲྭ་རྒན་གཡུང་དྲུང་ཚུལ་ཁྲིམས།  བཀའ་རིན་པོ་ཆེ་འབྲི་བཞེངས་སྐབས་ཀྱི་དྲུང་ཡིག་པ་གཙུག་གཤེན་རྒྱལ་མཚན།   འབྲི་བཞེངས་གནང་མཁན་གྱི་བྲིས་པ་རྣམ་པ་ལྷན་ཅིག་ཏུ་འཛོམས་ནས་བཀའ་རིན་པོ་ཆེའི་འབྲི་བཞེངས་བྱེད་སྟངས་སྐོར་ནས་བཀའ་མོལ་དང་བཞེངས་ཟིན་པའི་པོ་ཏི་དག་ལ་སྤྱན་འབུལ་དང་མ་འོངས་པའི་ཁ་ཕྱོགས་ཐད་ལ་སློབ་སྟོན་གནང་བའི་གནས་ཚུལ་རགས་བསྡུས་ཙམ་དུ།   

1555076448126659.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།