བོད་ཚེས་༡༦ཉིན་གྱི་དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ།

[ཟླ་ཚེས། 2019-02-21 09:21:13][རྩོམ་པ་པོ། དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_3058.JPG
ཨེ་མ་ཧོ།
སྐྱེ་མེད་གདོས་བྲལ་ཀུན་བཟང་དགོངས་བརྙེས་ཤིང་།
འགག་མེད་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་ཅན།

གཉིས་མེད་རྩལ་སྣང་བསླབ་གསུམ་རྣམ་པར་དག

སྐྱབས་མཆོག་ཤེས་རབ་མཐར་ཕྱིན་གསོལ་བ་འདེབས།

1550712171474941.jpg1550712196131475.jpg

   བོད་ཚེས་༡༦ཉིན་འཆར་ཅན་ལྟར་རིན་སྤུངས་དགོན་དང་སྣང་ཞིག་ལྕགས་མདུད་དགོན། བྲག་གཡུང་དྲུང་དགོན་བཅས་ཀྱིས་རྒྱལ་བ་རྒྱ་མཚོའི་ཆོག་གཞུང་དང་། མཉམ་མེད་བླ་མའི་བླ་སྒྲུབ། ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མ་སོགས་ཀྱི་ཚོགས་འཁོར་ཕུལ་ཅིང་།

1550712250102127.jpg

དེ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་རྣམས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྨོན་ལམ་ཤིང་རིང་སོགས་འབྲི་བཞེངས་གནང་བ་མཛད།

   དེ་ནས་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་དབུ་བཞུགས་ཐོག་དད་ལྡན་མང་ཚོགས་སྟོང་ཕྲག་ཡས་མས་ཀྱིས་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་མདུན་ནས་༧ཁོང་རིན་པོ་ཆེའི་གསོལ་འདེབས་དང་ཚེ་དབང་སྨོན་ལམ་སོགས་ཀྱི་དགོངས་རྫོགས་མཆོད་པ་ཕུལ།

1550712329832707.jpg1550712330112355.jpg1550712329120544.jpg

   དེ་ནས་ཞང་ངུ་གསས་གླིང་དགོན་པའི་བླ་སྤྲུལ་གྲྭ་མང་རྣམས་ཆེད་ཕེབས་གནང་སྟེ་ཁོང་རིན་པོ་ཆེའི་བླ་བྲང་གི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་པ་ཕུལ།

1550712408113186.jpg1550712409847941.jpg 

  དེ་ནས་སྣང་ཞིག་ལྕགས་མདུད་དགོན་པའི་བླ་སྤྲུལ་གྲྭ་མང་རྣམས་ཀྱིས་ ཁོང་རིན་པོ་ཆེའི་བླ་བྲང་གི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་པ་ཕུལ།

   དེ་ནས་འཆར་ཅན་ལྟར་ཉིན་གུང་ཆུ་ཚོད་༤བ་ཡས་མས་ནས་ཁོང་རིན་པོ་ཆེའི་གཞིས་དགོན་སྐྱང་ཚང་དགོན་པའི་སེར་སྐྱ་ཡོངས་ནས་མར་མེ་ཁྲི་ཕྲག་ལྷག་གི་དགོངས་རྫོགས་མཆོད་སྤྲིན་གནང་སྟེ།  བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་ཀྱི་རིས་ཅན་ལམ་ནས་མར་མེའི་རྣམ་པ་ཅན།  ༧མཁན་ཆེན་ཤེས་རབ་མཐར་ཕྱིན་མཁྱེན་ནོ། ཞེས་པ་དང་། དཔལ་ལྡན་སྐྱབས་རྗེ་རྩ་བའི་བླ་མ་མཁན་ཆེན་རིན་པོ་ཆེ་ལ་མྱ་ངན་ཞུ་ཞེས་པའི་རིས་ཅན་ནས་མར་མེའི་མཚན་མཆོད་དང་དད་ལྡན་སེར་སྐྱ་ཡོངས་ནས་ཁོང་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་སྟེ་ཚོགས་ཁང་དང་བླ་བྲང་སོགས་ལ་སྐོར་ཕྱག་ཞུས་ཤིང་། དེ་བཞིན་དད་ལྡན་མང་ཚོགས་བརྒྱ་ཕྲག་དུ་མས་དགའ་མལ་གླིང་སྐོར་ལ་རྐྱང་ཕྱག་འཚལ་བ། མང་ཚོགས་ཁྲི་ཕྲག་ལྷག་ཉིན་ལྟར་བྱང་བྱ་དུར་ལ་སྐོར་བ་ཞུས་ཏེ་དགོངས་རྫོགས་ཞུས།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༡༨ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།