༧ མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་དགོངས་རྫོགས་བཀོད་སྒྲིག
[ཟླ་ཚེས། 2019-02-17 21:18:28][རྩོམ་པ་པོ། དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དང་པོ། འདོན་ཆོག་སྐོར།
༡༽ སྨྲ་སེང་སྟོང་སྐུ་གཞལ་ཡས་ཁང་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་བསྲངས། ༼ཚེས་༡༨དང་༡༩ཉིན་ཀུན་རིག་གཏོར་མ་བཅའ་བཟོ་གནང་རྒྱུ། ཚེས་༢༠ནས་༢༥་བར་ལ་འཚོགས་རྒྱུ། འདོན་མཁན་སོགས་ཀྱི་འགན་ཁུར་བ་སྐྱང་ཚང་གྲྭ་ཚང་། ༽
༢༽སྒྲུབ་ཁང་ནང་དུ་བོན་སྐྱོང་ཚོགས་འཁོར་རྒྱས་འབུལ།༼འདོན་མཁན་དགའ་མལ་གྲྭ་ཚང་།༽
༣༽སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་དུ་ཡི་དམ་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་རྒྱས་འབུལ།༼འདོན་མཁན། བྲག་གཡུང་དྲུང་དགོན། ༽
༤༽བླ་བྲང་ནང་དུ་མཉམ་མེད་བླ་མའི་བླ་སྒྲུབ་རྒྱུན་མཆོད།༼འདོན་མཁན། ལྕགས་མདུད་གྲྭ་ཚང་། ཚེས་༡༤་ལ་གཏོར་མ། ཚེས་༡༥ནས་ཚེས་༢༢བར་ལ་འདོན་རྒྱུ། ༽
༥༽ཚོགས་ཆེན་འདུ་ཁང་དུ་ཀློང་རྒྱས་ཆོ་གའི་གཞུང་བསྲངས།༼འདོན་མཁན། སྣང་ཞིག་གྲྭ་ཚང་། གཞན་དགོན་ལག་ཁག ཚེས་༡༨ཉིན་གཏོར་མ་བཅའ་བཟོ་དང་། ཚེས་༡༨ནས་ཚེས་༢༣བར་ལ་འཚོགས་རྒྱུ། ༽
༦༽ གདུང་འབུལ་ཁང་དུ་རྒྱལ་བ་རྒྱ་མཚོ་མཆོད་གཞུང་།༼འདོན་མཁན། རིན་སྤུངས་གྲྭ་ཚང་། ཚེས་༡༥་ནས་ཚེས་༢༢བར་ལ་འདོན་རྒྱུ།༽
༧༽སྐྱབས་རྗེ་༧མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་དགོངས་རྫོགས་ཞག་གསུམ་ཉིན་ནམ། ཚེས་༡༥ཉིན་འཚོགས་ཆེན་འདུ་ཁང་དུ་བླ་གྲྭ་ཡོངས་ནས་དུ་ཏྲི་སུའི་གཞུང་བསྲང་རྒྱུ་དང་དགོན་ལག་ཁག་གི་ཀྲུའུ་རེན་རྣམ་པས་གདུང་མཇལ་བཀོད་སྒྲིག་འགན་བཞེས་གནང་རྒྱུ།
༨༽ཞེ་དགུའི་སྐབས་སུ་ཞི་ཁྲོ་ཚོགས་མཆོད་རྒྱས་འབུལ།
༩༽ཀུན་རིག་ལས་བཞི་རྒྱུན་ལྔའི་ཚོགས་གྲོལ་བ་དང་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་ནས་ཞེ་དགུའི་བར་དུ་ཆོག་གཞུང་གང་རུང་རྒྱུན་འཁྱོངས་གནང་རྒྱུ།
གཉིས་པ། མར་མེ་སྒྲོན་པ་དང་སྐོར་ཕྱག་འབུལ་རྒྱུའི་སྐོར།
ཚེས་༡༥ཉིན་ནས་དད་ལྡན་སྐྱ་སེར་ཡོངས་ནས་དགའ་མལ་དགོན་ཆེན་གྱི་མར་མེ་རྒྱལ་མཚན་ཁང་དང་མཚོ་ནོར་བུ་མཆོད་རྟེན་ཁང་། འཚོགས་ཁང་འདུ་ཁང་གི་འཁྱམས་ར་སོགས་ཀྱི་ཉིན་མཚན་ཀུན་ཏུ་མར་མེ་མཆོད་པ་རྒྱས་འབུལ་ཞུ་རྒྱུ་དང་རང་ཉིད་དགེ་བའི་ཚོགས་ཆེན་བསགས་པའི་ཕྱིར་དུ་སྐོར་ཕྱག་འབུལ་རྒྱུའི་འགྲོ་རིམ་ལ།
ཚེས་༡༥ཉིན་དགའ་མལ་དགོན་པ།
ཚེས་༡༦སྐྱང་ཚང་དགོན་པ།
ཚེས་༡༧ཉིན་རིན་སྤུངས་དགོན་པ།
ཚེས་༡༨ཉིན་ལྕགས་མདུད་དགོན་པ།
ཚེས་༡༩་བླ་གྲྭ་རྣམ་པ།
ཚེས་༢༠ཉིན་རིན་པོ་ཆེའི་ཁྱིམ་གཞིས་ཚང་།
ཚེས་༢༡ཉིན་སྣང་ཞིག་དགོན་པ།
ཚེས་༢༢ཉིན་ཕྱུགས་རྭ་གྲོང་སྡེ།
ཞང་ངུའི་ཁོག་དང་གཟི་རྩ་སོགས་ཕྱོགས་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱིས་སྟབས་དང་བསྟུན་ནས་མར་མེ་འབུལ་བ་དང་སྐོར་ཕྱག་ཞུ་འབུལ་གནང་རྒྱུ།
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་གིས་༢༠༡༩་༢་༡༦ཉིན།