གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ།

[ཟླ་ཚེས། 2018-12-31 23:20:08][རྩོམ་པ་པོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ།

1546271957928324.jpg

   2018ལོའི་སྤྱི་ཟླ12ཚེས31ཉིན།  ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ་དངོས་སུ་འཚོགས་ཏེ་ཚོགས་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་དབུས་བཞུགས་ཐོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་དགེ་རྒན་ཁག་དང་ཚོགས་གཞོན་རྣམ་པ། དྲུང་ཡིག་ཆེ་ཆུང་དང་རྒྱུན་ལས་མི་སྣ་འགའ། དེ་མིན་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཆུང་གི་མི་སྣ་དགེ་བཤེས་རྣམ་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མི་སྣ་བཅས་ཚོགས་འདུར་ཞུགས།

1546271958194030.jpg
1546271958750043.jpg

   གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་གི་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་དང་ཚོགས་འདུར་ཕེབས་པའི་མི་སྣ་ཁག་ངོ་སྤྲོད་གནང་།

1546271956139143.jpg

   ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་པ་གཞིར་བཟུང་ཐོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་ཆོད་ལྟར་རྒྱལ་བའི་བཀའ་བསྟན་ཆེན་མོ་པར་སྐྲུན་སྐོར་ནས་མི་མཐུད་དུ་འབད་པ་གནང་བཞིན་ཡོད་པ་དང་། 2019 ལོའི་ལོ་དཀྱིལ་དུ་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཆུང་གིས་དཔར་གཞི་ལས་འགན་དུས་བཅད་ལྟར་མཇུག་སྒྲིལ་དགོས་པ། 2020 ལོར་དངོས་སུ་འགྲེམ་སྤེལ་བྱེད་ཐུབ་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གལ་ཆེན་གནང་བ་དང་།

1546271956322652.jpg

   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་གཙོ་འགན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་མཆོག་གིས། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་སྐོར་ནས་གལ་ཆེན་རང་བཞིན་ཅན་གྱི་དོན་ཚན་འགའ་གསུང་བཤད་གནང་། དེ་བཞིན་དུ་གཤེན་རིན་པོ་ཆེ་དངོས་སུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་དུ་ཕེབས་ཏེ་གཟིགས་རྟོགས་མཛུབ་སྟོན་གནང་བའི་སྐོར་དང་། རྒྱལ་ཁབ་རིམ་པའི་ལས་གཞི་དེ་དུས་ཚོད་གཏན་ཁེལ་བྱས་པ་ལྟར་དམ་འཛིན་གནང་ནས་འགྲུབ་དགོས་པ་དང་། བཀའ་འགྱུར་སྒྲིག་གཞི་སྐོར་ནས་དཔེ་བསྡུར་བྱེད་སྐབས་སུ་དཀའ་གནད་ཅི་ཙམ་འཕྲད་ནའང་མ་དཔེ་ལ་བསྒྱུར་བཅོས་མི་གཏོང་བར་རྩ་དོན་གཅོ་བོར་གཞིར་བྱས་ཏེ་<<ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཞུ་དག་ཐད་ཀྱི་གསལ་བཤད་གཅིག་ཤེས་ཀུན་གྲོལ་>>ལྟར་གཏན་འབེབས་དང་མ་དཔེ་སྒྲིག་ཞུ་གཏན་འབེབས་སྲོལ་ཡིག་ལྟར་ལག་བསྟར་བྱེད་དགོས་པའི་སྐོར།  འདི་ལྟར་འཛམ་གླིང་གི་རིག་མཛོད་ཆེན་མོ་ཞིག་པར་སྐྲུན་བྱེད་ཐུབ་པ་ནི་ང་ཚོའི་བསོད་ནམས་ཆེན་པོ་ཞིག་ཡིན་པ་སོགས་ཀྱི་སྐོར་ནས་ཚོགས་མི་རེ་རེ་ནས་དགོས་གལ་ཆེ་བའི་གསུང་བཤད་གནང་ 

1546271958128148.jpg1546271957113547.jpg1546271958885464.jpg

   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་མཁས་དབང་དོན་གྲུབ་ལྷ་རྒྱལ་དང་། མཁས་དབང་ཚེ་རིང་འགྱུར་མེད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཐར་བདེ་ཚེ་དབང་འཇིགས་མེད། ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སེང་སྤྲུལ་རིག་འཛིན་ཉི་མ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྤྲུལ་པད་མ་རིན་ཆེན། པཎ་ཙ་བསྟན་འཛིན་དར་རྒྱས། མཁན་པོ་ཚེ་རིང་ནོར་བུ། སྤྲུལ་རིག་སྔགས་རྒྱ་མཚོ། དུང་རིའི་སྤྲུལ་སྐུ། སྤྲུལ་དབང་རྒྱལ་ཚེ་རིང་སོགས་ནས་བཀའ་འགྱུར་ལས་དོན་དང་འབྲེལ་བའི་ཐད་ལ་གསུང་བཤད་གནང་།

1546271958699696.jpg1546271957533378.jpg1546271957328762.jpg

   དེ་ནས་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་བ་དབྲ་ཁྱུང་སྐལ་བཟང་ནོར་བུ།  རྟོགས་ལྡན་བསྐལ་ཁོ། དགེ་བཤེས་བཟོད་པ་འགྱུར་མེད། དགེ་བཤེས་བློ་གྲོས་རབ་གསལ། དགེ་བཤེས་འཇམ་དབྱངས་བརྩོན་འགྲུས། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཤེས་རབ་ཐབས་མཁས། དགེ་བཤེས་བློ་གྲོས་རབ་རྒྱས། དགེ་བཤེས་གཡུང་དྲུང་བློ་ལྡན། དགེ་བཤེས་སྐལ་བཟང་ཚུལ་ཁྲིམས། དགེ་བཤེས་འཇམ་མེ། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་གཙུག་གཤེན་དོན་འགྲུབ། དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས། ལུང་དཀར་གཡུང་དྲུང་བསྟན་འཛིན། ཨ་དཔལ་བཟང་། བླ་མ་ཤེས་རབ་བློ་གྲོས་སོགས་ནས་བཀའ་འགྱུར་སྒྲིག་ཞུའི་ལས་དོན་ཐད་ཀྱི་ཕྱག་ལས་གནང་སྟངས་ཐད་ལ་བསམ་ཚུལ་སོགས་ཞིབ་རྒྱས་གནང་། དེ་ལྟར་ཚོགས་འདུའི་གྲོས་གཞི་ཟུར་འདེབས་ཀྱི་དོན་ཚན་ལྟར་གྲོས་གཞི་གཞིར་བཟུང་ཐོག་ནས་ཉིན་འདིའི་སྔ་ཕྱི་གཉིས་ལ་མཁས་དབང་རྣམས་ཀྱི་གྲོས་མོལ་གནང་སྟེ་ལོ་གཅིག་གི་ཕྱག་ལས་རྣམས་མཇུག་སྡོམ་གནང་། གྲོས་འཆམ་བྱུང་བ་རྣམས་དྲུང་ཡིག་ཆེ་ཆུང་གིས་ཡིག་ཐོག་ཏུ་ཕབ་སྟེ་གྲོས་གཞི་གཏན་འབེབས་གནང་། གཞན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཟིང་ཆུ་རྫོང་ཞང་ངུ་གསས་གླིང་དགོན་པའི་དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག་ནས་བཀའ་འགྱུར་ལས་དོན་ཐད་ལ་རྒྱབ་སྐྱོར་དུ་དམངས་སྒོར་ཁྲི་བཅུ་ཕུལ་བའི་ཞལ་བཞེས་གནང་། དེ་ནས་དྲུང་གཞོན་རིན་སྤུངས་ཚུལ་བསྟན་ནས་སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བསྐུར་གནང་བའི་རྟེན་འབྲེལ་བཀའ་འཕྲིན་ཚོགས་ཞུགས་པ་ཡོངས་ལ་སྒྲོག་སྦྱོང་ཞུ།

1546271957117756.jpg

   མཇུག་མཐར་རྗེས་དྲན་མཉམ་པར་སྒྲོན་པ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཤིང་།

1546271957829351.jpg

   དེ་ནས་དགའ་དད་སྤྲོ་བའི་ངང་ནས་སྤྱི་ལོ་རྙིང་པར་སྐྱེལ་མ་དང་གསར་བ་ལ་བསུ་མ་བྱས་ཏེ་དགོང་ཟས་མཉམ་དུ་རོལ་ནས་བཀྲ་ཤིས་བདེ་ལེགས་ངང་ཚོགས་འདུ་གྲོལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།