གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་བདུན་པ།
[ཟླ་ཚེས། 2018-09-25 20:21:49][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་འཚོགས་པ།
ཚེས་༡༦ཉིན་གྱི་ཞོགས་པ་(2018.9.25)ཆུ་ཚོད་༨་སྟེང་། ༡༽ ཐེངས་འདིའི་ཚོགས་ཞུགས་པ་ཡོངས་འཆད་རར་འཚོགས་ཏེ་བཀྲ་ཤིས་འཁོར་གསུམ་དམིགས་མེད་དམ་བཅའ་འཚོགས། ༢༽ མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་མང་སྤྲུལ་བསོད་ནམས་གཡུང་དྲུང་མཆོག་ནས་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་།
ཆུ་ཚོད་༩སྟེང་། ༡ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་སྤྱི་ཁྱབ་མདོ་འཛིན་པ་མཛད་དེ། བསྟན་དང་འགྲོ་བའི་དོན་དུ་མཛད་རྗེས་གཟེངས་སུ་ཐོན་པའི་འདིར་ཕེབས་ཀྱི་ཚོགས་པའམ་མི་སྒེར་སྐོར་ཞིག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ཆེ་མཐོང་ལེགས་གསོལ་གྱི་གཟི་བརྗིད་ཕྱག་རྟགས་དང་དཔང་ཡིག་གནང་།
༢ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་ཚང་གིས་ད་ཐེངས་ཀྱི་མཛད་རིམ་ཁག་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ།
༣ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་ཚོགས་འདུའི་འགན་ཁུར་གོ་སྒྲིག་གནང་མཁན་སྣང་ཞིག་དགོན་ཆེན་ལ་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་གནང་།
༡༽ དྲུང་ཡིག་པ་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གིས་མདོ་འཛིན་གནང་སྟེ། ཐེངས་འདིའི་ཚོགས་འདུར་དངོས་སུ་དགྱེས་འཛོམས་བྱུང་བའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ལ་གཟི་བརྗིད་ཆེ་བསྟོད་ཀྱི་དཔང་ཡིག་གནང་། གཡས་རུའི་འཆད་རྩོད་ཆེན་མོའི་འགན་འཛིན་མི་སྣ་ཁག་ལ་གཟེངས་བསྟོད་ཕྱག་རྟགས་གནང་བ།
༢༽ དྲུང་ཡིག་པ་རྒྱལ་མཚན་དྲི་མེད་མཆོག་གིས་མདོ་འཛིན་གནང་སྟེ། ཐེངས་འདིའི་ཚོགས་འདུར་ཕེབས་པའི་བཤད་སྒྲུབ་འདུས་སྡེ་ཁག་གི་སློབ་དཔོན་ནམ་དགེ་རྒན་རྣམས་ལ་གཟེངས་བསྟོད་ཆེ་མཐོང་གི་དཔང་ཡིག་གནང་།
༣༽ དྲུང་ཡིག་པ་རྒྱལ་མཚན་དྲི་མེད་མཆོག་གིས་མདོ་འཛིན་གནང་སྟེ། ཐེངས་འདིའི་ཚོགས་འདུར་ཆེད་དུ་གདན་ཞུའི་རིགས་གཅིག་ཆེད་མཁས་མི་སྣ་ཁག་ལ་བཀའ་དྲིན་ལེགས་མཚོན་གྱི་གཟེངས་བསྟོད་ལེགས་སྐྱེས་གནང་།
༤ ༽དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མདོ་འཛིན་གནང་སྟེ། ཐེངས་འདིའི་ཚོགས་འདུར་ཕེབས་པའི་བཤད་སྒྲུབ་འདུས་སྡེ་ཡོད་པའི་དགོན་སྡེ་ཁག་ལ་ལེགས་མཚོན་གཟེངས་རྟགས་གནང་།
༥༽ དྲུང་ཡིག་པ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་ཀྱིས་མདོ་འཛིན་གནང་སྟེ། ཐེངས་འདིའི་ཚོགས་འདུར་ཕེབས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་དང་རི་ཁྲོད་ཁག་ལ་དྲན་རྟེན་ལེགས་སྐྱེས་གནང་།
༦༽ དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་བྱས་ཏེ། ཚོགས་གཙོ་རྩེ་ཞིག་ཚང་མཆོག་ལ། ༼ཆག་ཤིང་། ཁ་བཏགས༽ སྣང་ཞིག་སྐྱབས་མགོན་ཚང་ལ། ༼ཆག་ཤིང་། ཁ་བཏགས༽ མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་ལ། ༼ཆག་ཤིང་། ཁ་བཏགས༽ བཅས་ལ་ལེགས་སྐྱེས་ཕུལ།
འཆད་ཁྲིད་གསུང་བཤད་སློབ་དཔོན་རྣམས་ལ་རིམ་བཞིན། བློ་འདྲི་མི་སྣ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ། ༼ཤར་རྫའི་གསུང་འབུམ། ཁ་བཏགས༽བློ་འདྲི་མི་སྣ་མཁས་དབང་སྤྱང་སྤྲུལ་དྲི་མེད་འོད་ཟེར་ལ། ༼ཤར་རྫའི་གསུང་འབུམ། ཁ་བཏགས༽མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་ལ། ༼ཤར་རྫའི་གསུང་འབུམ། ཁ་བཏགས༽ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་ལ། ༼ཤར་རྫའི་གསུང་འབུམ། ཁ་བཏགས༽ཚོགས་གཙོ་གཞོན་པ་མཆོག་སྤྲུལ་ཀུན་གསལ་སྙིང་པོ་ལ། ༼ཤར་རྫའི་གསུང་འབུམ། ཁ་བཏགས༽ ལེགས་སྐྱེས་ཕུལ།
ཐེངས་འདིའི་ཚོགས་འདུའི་སྐབས་སུ་སོ་སོར་སྤྲད་པའི་ལས་འགན་སྒྲུབ་མཁན་མི་སྣ་ཁག་ལ་ཕུལ་བྱུང་གཟེངས་བསྟོད་གནང་བ་གཤམ་ལྟར། གཡང་གི་ཕྱུག་མོའི་སྦྱིན་བདག་ཀུན་ཐར་མཚོ། རེབ་གོང་བོན་མང་དྲྭ་ཚིགས་ཀྱི་གཙོ་སྒྲུབ་པ་རེབ་སྐྱིད་ཡར་འཕེལ། སྦྲ་ཆེན་གཞས་པ་ཕུར་བུ་ཚེ་རིང་། ཤར་པའི་གཞས་པ་ཨ་སྟོང་འཆི་མེད་གཡུང་དྲུང་།
༧༽ དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས་ཚོགས་འདུའི་གྲོས་ཆོད་གསལ་བསྒྲགས་གནང་བ།
༨༽ མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་མཆོག་གིས་གལ་ཆེན་གསུང་བཤད་གནང་བ།
༩༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་འགན་ཁུར་གནང་མཁན་སྣང་ཞིག་དགོན་ཆེན་ལ་དྲན་རྟེན་ལེགས་སྐྱེས་གནང་བ།
༡༠༽ ཐེངས་འདིའི་འགན་ཁུར་བ་སྣང་ཞིག་དགོན་ཆེན་ནས་ཐེངས་རྗེས་མའི་ཚོགས་འདུའི་འགན་ཁུར་བ་རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་བརྒྱུད་སྤྲོད་གནང་བ།
༡༡༽ ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་གྱི་མཇུག་བསྡོམས་གསུང་བཤད་གལ་ཆེན་གནང་བ།
༡༢༽ ཚོགས་ཞུགས་མི་སྣ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་ཆེན་གསུམ་གཟི་བརྗིད་དང་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་སྟེ་བདུན་ཕྲག་གཅིག་རིང་གི་ཚོགས་འདུའི་གནས་ཚུལ་གནད་བསྡུས་ཙམ་དུ་སྙན་བཟང་བསོད་ནམས་གཡུང་དྲུང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་སོ།། །།